ཟླ་མཆོད་མཚན་མོའི་ཆང་ཕོར།

རྨི་ལམ་སད་མ།(ནག་ཆུ) 琼迈文学网 2022-09-20
སྤྲིན་པའི་ཁ་ཆུ་འཛག་པའི་བསིལ་རླུང་གིས། །
ཡང་ཡང་དགུ་ཚིགས་སྐྱ་མོ་བསྒུལ་ན་ཡང་། །
དུག་རླངས་ནད་འབུ་སྲིན་གྱི་འཇིགས་སྐུལ་ལ། །
ཞུམ་པའི་རེ་དོགས་མ་འཆང་ལྷོད་ལ་བོབས།།

སེམས་ཉིད་དབྱངས་ལ་ཆགས་པའི་སྨྱོན་པ་ངས། །
རང་སེམས་གཤིས་སུ་ཐིམ་པའི་སྙན་ངག་ཅིག །
སྟོན་ཚེས་ཟླ་བའི་འོག་ནས་བརྩམ་པ་ན། །
ལུས་སེམས་ཆང་གིས་མྱོས་པའི་ཚོར་བ་ཞིག །

སྒྱུ་རྩལ་དབྱངས་ཀྱི་རོལ་སྐུད་ཉག་མ་འདི། །
ག་ལེར་ཐ་སྙད་ཚིག་གིས་རབ་བརྒྱན་ཏེ། །
སྒྱུ་མའི་ཟློས་གར་ངོས་ཀྱི་བརྙན་མིག་ནང་། །
རྩལ་ཆེན་སྡེབ་ལེགས་མེ་ཏོག་འཐོར་ན་འདོད། །

ས་ཆེན་མེ་ཏོག་གཡོ་བའི་ཕ་རོལ་ཏུ། །
སྣང་བ་ཆུ་ལ་གཡེང་བའི་ལྗོན་པ་ཞིག །
ན་ནིང་དབྱངས་ལ་གྱུར་བའི་ལོ་རྒྱུས་ཞིག །
ང་ཡིས་རྨི་ལམ་རྨིས་པའི་ཟིན་ཐོ་འདུག །

འཛིན་མེད་སྣང་བ་འཁྲུལ་བའི་གཤིས་ཀ་འདི། །
མི་ཐུབ་ཆང་གིས་མྱོས་པའི་རྣམ་པ་ཞིག །
སྒྱུ་མ་སོར་མོས་བཏབ་པའི་རི་མོའི་ངོས། །
ཚོར་བའི་འཕྲེད་གླིང་འབུད་པའི་རས་པ་ཞིག །

ཚིག་གི་ཆང་དྲི་ལག་པའི་འཁྲི་ཤིང་རྩེར། །
དལ་བར་ལུད་ཅིང་གསང་བའི་སྒོ་འགྲམ་ནས། །
ཆང་དཀར་སྙིང་ལ་ཐིགས་པས་ན་ཟུག་གིས། །
དབྱངས་གསལ་འགྲམ་ཆང་མངར་མོས་ལུས་འདི་བཟི། །

སྟོན་ཚེས་ཟླ་བའི་ཉམས་ཅན་འདི་ཡི་ངོས། །
མ་བཅོས་སྒྱུ་མའི་གཟུགས་བརྙན་འདི་ཉིད་ཀྱིས། །
ཚོར་བའི་རླུང་ཆེན་དྲག་ཏུ་མཆེད་པར་བྱེད། །
མགུར་དབྱངས་སྙན་པའི་རང་འོད་ཕོག་ནས་སོང་། །

ནམ་ཟླའི་རླུང་བུ་རྒོད་ཀྱང་སྙན་ངག་འབྲི། །
སྟོན་ཟླའི་མཚན་ཡུན་རིང་ཡང་རྨི་ལམ་རྨིས། །
དུས་ཚོད་རྒྱང་བཞུད་བྱེད་པའི་མཚན་མོ་འདིར། །
སྙན་ངག་ཡང་ཡང་བྲིས་ནས་ཚོར་རླབས་འཕྱུར། །

ཆུ་ཟླ་འཇའ་ཡིས་གྲུབ་པའི་རང་གཟུགས་ལ། །
སྨིག་རྒྱུའི་རོལ་དབྱངས་ཐོགས་པའི་ངང་ཚུལ་འདི། །
སྐྱོ་གཞས་སེམས་མགུར་གྱེར་བའི་མཚན་མོ་འདི། །
མི་དྲན་སྣང་བ་གཅིག་ལ་སེམས་ཚོར་དགུ། །

རབ་གསལ་ཡིད་འོང་ལྟ་བུའི་སྒེའུ་ཁུང་འགྲམ། །
མཐོང་བས་རང་སེམས་འཕྲོག་པའི་འཇའ་ཚོན་ཞིག །
དེ་ཡིས་བསླུ་བྲིད་གཏོང་བའི་སྣང་བ་ཡང་། །
འཇིག་རྟེན་འཁོར་བའི་ནང་ལ་ཤིན་ཏུ་མང་། །

ཡིན་ཡང་སྐབས་རེ་ཆང་གིས་མྱོས་པ་དང་། །
ལན་རེ་སྙན་པའི་སྒྲ་ཡིས་བཟི་བ་སོགས། །
མཐོང་བའི་མིག་ལམ་ཀུན་གསལ་ཟླ་བ་ཡང་། །
འཇིག་རྟེན་མཛེས་པ་བྱེད་པའི་ཆོམ་རྐུན་ཡིན། །

ཟླ་སྟོན་དུས་སྟོན་ཟེར་བའི་རབ་བཏགས་འདི། །
མི་གཅིག་མི་ཚོགས་འུར་ལ་སྐུར་བྱེད་རེད། །
ཟླ་གཅིག་ནད་འགོག་ལས་འགུལ་བབས་ན་ཡང་། །
ནུབ་གཅིག་མཚན་མོ་སྙན་ངག་གྱུར་འདི་སྤྲོ། །

          ༢༠༢༢/༩/༡༠/དགོང་མོར།
 རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་མཆོད་མཚན་མོའི་ཆང་ཕོར།

2022-09-20 རྨི་ལམ་སད་མ།(ནག་ཆུ) ཀློག་གྲངས། མཆན ཡོད།
སྤྲིན་པའི་ཁ་ཆུ་འཛག་པའི་བསིལ་རླུང་གིས། །
ཡང་ཡང་དགུ་ཚིགས་སྐྱ་མོ་བསྒུལ་ན་ཡང་། །
དུག་རླངས་ནད་འབུ་སྲིན་གྱི་འཇིགས་སྐུལ་ལ། །
ཞུམ་པའི་རེ་དོགས་མ་འཆང་ལྷོད་ལ་བོབས།།

སེམས་ཉིད་དབྱངས་ལ་ཆགས་པའི་སྨྱོན་པ་ངས། །
རང་སེམས་གཤིས་སུ་ཐིམ་པའི་སྙན་ངག་ཅིག །
སྟོན་ཚེས་ཟླ་བའི་འོག་ནས་བརྩམ་པ་ན། །
ལུས་སེམས་ཆང་གིས་མྱོས་པའི་ཚོར་བ་ཞིག །

སྒྱུ་རྩལ་དབྱངས་ཀྱི་རོལ་སྐུད་ཉག་མ་འདི། །
ག་ལེར་ཐ་སྙད་ཚིག་གིས་རབ་བརྒྱན་ཏེ། །
སྒྱུ་མའི་ཟློས་གར་ངོས་ཀྱི་བརྙན་མིག་ནང་། །
རྩལ་ཆེན་སྡེབ་ལེགས་མེ་ཏོག་འཐོར་ན་འདོད། །

ས་ཆེན་མེ་ཏོག་གཡོ་བའི་ཕ་རོལ་ཏུ། །
སྣང་བ་ཆུ་ལ་གཡེང་བའི་ལྗོན་པ་ཞིག །
ན་ནིང་དབྱངས་ལ་གྱུར་བའི་ལོ་རྒྱུས་ཞིག །
ང་ཡིས་རྨི་ལམ་རྨིས་པའི་ཟིན་ཐོ་འདུག །

འཛིན་མེད་སྣང་བ་འཁྲུལ་བའི་གཤིས་ཀ་འདི། །
མི་ཐུབ་ཆང་གིས་མྱོས་པའི་རྣམ་པ་ཞིག །
སྒྱུ་མ་སོར་མོས་བཏབ་པའི་རི་མོའི་ངོས། །
ཚོར་བའི་འཕྲེད་གླིང་འབུད་པའི་རས་པ་ཞིག །

ཚིག་གི་ཆང་དྲི་ལག་པའི་འཁྲི་ཤིང་རྩེར། །
དལ་བར་ལུད་ཅིང་གསང་བའི་སྒོ་འགྲམ་ནས། །
ཆང་དཀར་སྙིང་ལ་ཐིགས་པས་ན་ཟུག་གིས། །
དབྱངས་གསལ་འགྲམ་ཆང་མངར་མོས་ལུས་འདི་བཟི། །

སྟོན་ཚེས་ཟླ་བའི་ཉམས་ཅན་འདི་ཡི་ངོས། །
མ་བཅོས་སྒྱུ་མའི་གཟུགས་བརྙན་འདི་ཉིད་ཀྱིས། །
ཚོར་བའི་རླུང་ཆེན་དྲག་ཏུ་མཆེད་པར་བྱེད། །
མགུར་དབྱངས་སྙན་པའི་རང་འོད་ཕོག་ནས་སོང་། །

ནམ་ཟླའི་རླུང་བུ་རྒོད་ཀྱང་སྙན་ངག་འབྲི། །
སྟོན་ཟླའི་མཚན་ཡུན་རིང་ཡང་རྨི་ལམ་རྨིས། །
དུས་ཚོད་རྒྱང་བཞུད་བྱེད་པའི་མཚན་མོ་འདིར། །
སྙན་ངག་ཡང་ཡང་བྲིས་ནས་ཚོར་རླབས་འཕྱུར། །

ཆུ་ཟླ་འཇའ་ཡིས་གྲུབ་པའི་རང་གཟུགས་ལ། །
སྨིག་རྒྱུའི་རོལ་དབྱངས་ཐོགས་པའི་ངང་ཚུལ་འདི། །
སྐྱོ་གཞས་སེམས་མགུར་གྱེར་བའི་མཚན་མོ་འདི། །
མི་དྲན་སྣང་བ་གཅིག་ལ་སེམས་ཚོར་དགུ། །

རབ་གསལ་ཡིད་འོང་ལྟ་བུའི་སྒེའུ་ཁུང་འགྲམ། །
མཐོང་བས་རང་སེམས་འཕྲོག་པའི་འཇའ་ཚོན་ཞིག །
དེ་ཡིས་བསླུ་བྲིད་གཏོང་བའི་སྣང་བ་ཡང་། །
འཇིག་རྟེན་འཁོར་བའི་ནང་ལ་ཤིན་ཏུ་མང་། །

ཡིན་ཡང་སྐབས་རེ་ཆང་གིས་མྱོས་པ་དང་། །
ལན་རེ་སྙན་པའི་སྒྲ་ཡིས་བཟི་བ་སོགས། །
མཐོང་བའི་མིག་ལམ་ཀུན་གསལ་ཟླ་བ་ཡང་། །
འཇིག་རྟེན་མཛེས་པ་བྱེད་པའི་ཆོམ་རྐུན་ཡིན། །

ཟླ་སྟོན་དུས་སྟོན་ཟེར་བའི་རབ་བཏགས་འདི། །
མི་གཅིག་མི་ཚོགས་འུར་ལ་སྐུར་བྱེད་རེད། །
ཟླ་གཅིག་ནད་འགོག་ལས་འགུལ་བབས་ན་ཡང་། །
ནུབ་གཅིག་མཚན་མོ་སྙན་ངག་གྱུར་འདི་སྤྲོ། །

          ༢༠༢༢/༩/༡༠/དགོང་མོར།
 རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།