སེམས་ངལ།(ཞར་བཀོད་གཉིས་ཡོད)
ཤིང་ལོ་རླུང་གིས་ཁུར་བའི་དུས་ཚུགས་སླེབ་དུས། །
ཁྱེད་ཉིད་རྒྱུན་པར་འགྲོ་སའི་ལྗོན་གསེབ་དྲན་ཡོང་། །
ཉི་མ་ལྷ་སའི་ནམ་མཁའ་སྔར་བཞིན་གཙང་ན། །
སྐྱིད་ཆུའི་སྣ་གླུ་ལེན་པའི་དབྱངས་འགྲོས་ཉན་འདོད། །
འཁྲུལ་ཞིག་ཚངས་དབྱངས་རྒྱ་མཚོ་ཞབས་རྗེ་མཐོང་ཆེད། །
སྐྱིད་ཤོད་ལྷ་སའི་མི་ཚོགས་སེམས་ཀྱིས་བསྐྱོར་ཡོད། །
ཡར་ཀླུང་བྱེ་མའི་ཐང་ལ་མིང་ཡིག་འགོད་ཉིན། །
ཁྱེད་ཉིད་བདེ་བར་མཐོང་བའི་སྨོན་ལམ་བཏབ་ཡོད། །
མ་སྐྱེས་ཨ་མ་ཟེར་བའི་ཆང་མ་འཚོལ་ཆེད། །
རྒྱབ་གཟུགས་གྱང་ལ་ཁེན་ནས་ནམ་མཁར་ལྟ་དུས།
རྫོང་རྒྱབ་ཀླུ་ཁང་འགྲམ་གྱི་རྫིང་བུ་མཐོང་ཡོང་། །
མཚོ་ནང་ངང་སེར་དག་ཀྱང་སྔར་བཞིན་གནས་འདུག །
མི་ཚོགས་འདུ་ལོང་མོད་པའི་ཁྲོམ་གཟིགས་ཁང་ནས། །
ནང་སེམས་སྐྱོ་བས་མནར་བའི་ཚུལ་དེ་མཐོང་དུས། །
སེམས་ཚོར་མིག་ཆུས་བྲིས་པའི་ཁ་ཚིག་གཉོམ་པོ། །
རས་གཟན་གློ་ཁ་དྲན་པའི་མགུར་མ་ཡིན་ཤག །
༢༠༢༢ལོའི་ཕྱི་ཟླ་༩ཚེས་༡༩ཉིན་ཕུལ།
སྨྲེང་བའི་རྡུལ་ནི་ཡོད་མི་སྲིད། །
འོན་ཀྱང་གློ་བུར་རྟོག་འཆར་འདིས། །
བདག་གི་ཡིད་ནི་ཡོངས་སུ་བརླན། །
འཁྲུལ་སྣང་སེམས་ཀྱི་མལ་ས་ནས། །
ཁྱེད་ཉིད་བདག་གི་ནམ་མཁར་སླེབས། །
འཇའ་ཡི་གཤོག་པ་རྐྱོང་བཞིན་དུ། །
ཁྱེད་ཉིད་འཇའ་བཞིན་ཡལ་བའི་མོད། །
ངག་འཁྲུལ་གླུ་ཡི་བང་མཛོད་ནས། །
ཁྱེད་ལ་སྙན་པའི་གཞས་ཤིག་ལེན། །
ལྗོན་པ་གསར་བའི་བསིལ་གྲིབ་འོག །
གཞས་ཏེ་ཁྱེད་ཀྱིས་ཐོས་སམ་སྙམ། །
༢༠༢༢་ལོའི་ཟླ་༨ཚེས་༡༠ཉིན་བྲིས།
ཀོང་པོ་ལུང་པ་གཡུ་ཡི་རྣ་ཚར་འདྲ། །
རི་ལྗོངས་མཛེས་ཤིང་སྨུག་སྤྲིན་དལ་གྱིས་རྒྱུ། །
ལྗོན་ཤིང་འདབ་ལོའི་ཕྱོགས་ཀྱི་མགྲོན་པོ་བསུ། །
ལྷ་ཡུལ་གཉིས་པ་ཀོང་པོ་ལུང་པ་དྲན། །
མཁའ་སྤྱོད་རིག་འཛིན་གྲུབ་པའི་གནས་ཀྱི་མཆོག །
ཉང་ཆུ་ལྷོད་ཀྱིས་བཞུར་བའི་འགྲམ་རྒྱུད་ཀྱི། །
ཀོང་པོ་ལུང་པ་ལྷ་ཡི་དར་དཔྱངས་འདྲ། །
མཛེས་སྡུག་ལྷ་ལས་བབས་པའི་ཡུལ་ཏེ་དྲན། །
སྔགས་སྐྱེས་རིག་འཛིན་མཁའ་འགྲོའི་བྲོ་ར་དངོས། །
སྦས་ཡུལ་ས་སྤྱོད་འོག་མིན་པདྨ་བཀོད། །
མཁའ་འགྲོའི་དར་གཤོག་བརྐྱངས་འདྲའི་རི་ལུང་འདི། །
སེམས་ཀྱི་རྨུ་ཐག་འཐེན་སའི་ཡུལ་དེ་ལགས། །
༢༠༢༢ལོའི་ཟླ་༧ཚེས་༢༡ཉིན།
རྩོམ་སྒྲིག་པ། དབང་མོ།

འཆར་ཡན་ཁྲོད་ཀྱི་ནམ་མཁའ།
ཆོས་ཉིད་དོན་གྱི་ནམ་མཁའ་ན། །སྨྲེང་བའི་རྡུལ་ནི་ཡོད་མི་སྲིད། །
འོན་ཀྱང་གློ་བུར་རྟོག་འཆར་འདིས། །
བདག་གི་ཡིད་ནི་ཡོངས་སུ་བརླན། །
འཁྲུལ་སྣང་སེམས་ཀྱི་མལ་ས་ནས། །
ཁྱེད་ཉིད་བདག་གི་ནམ་མཁར་སླེབས། །
འཇའ་ཡི་གཤོག་པ་རྐྱོང་བཞིན་དུ། །
ཁྱེད་ཉིད་འཇའ་བཞིན་ཡལ་བའི་མོད། །
ངག་འཁྲུལ་གླུ་ཡི་བང་མཛོད་ནས། །
ཁྱེད་ལ་སྙན་པའི་གཞས་ཤིག་ལེན། །
ལྗོན་པ་གསར་བའི་བསིལ་གྲིབ་འོག །
གཞས་ཏེ་ཁྱེད་ཀྱིས་ཐོས་སམ་སྙམ། །
༢༠༢༢་ལོའི་ཟླ་༨ཚེས་༡༠ཉིན་བྲིས།
ཀོང་པོ་ལུང་པ་དང་ཁྱེད་རང་།
ཀོང་པོ་ལུང་པ་གཡུ་ཡི་རྣ་ཚར་འདྲ། །
རི་ལྗོངས་མཛེས་ཤིང་སྨུག་སྤྲིན་དལ་གྱིས་རྒྱུ། །
ལྗོན་ཤིང་འདབ་ལོའི་ཕྱོགས་ཀྱི་མགྲོན་པོ་བསུ། །
ལྷ་ཡུལ་གཉིས་པ་ཀོང་པོ་ལུང་པ་དྲན། །
མཁའ་སྤྱོད་རིག་འཛིན་གྲུབ་པའི་གནས་ཀྱི་མཆོག །
ཉང་ཆུ་ལྷོད་ཀྱིས་བཞུར་བའི་འགྲམ་རྒྱུད་ཀྱི། །
ཀོང་པོ་ལུང་པ་ལྷ་ཡི་དར་དཔྱངས་འདྲ། །
མཛེས་སྡུག་ལྷ་ལས་བབས་པའི་ཡུལ་ཏེ་དྲན། །
སྔགས་སྐྱེས་རིག་འཛིན་མཁའ་འགྲོའི་བྲོ་ར་དངོས། །
སྦས་ཡུལ་ས་སྤྱོད་འོག་མིན་པདྨ་བཀོད། །
མཁའ་འགྲོའི་དར་གཤོག་བརྐྱངས་འདྲའི་རི་ལུང་འདི། །
སེམས་ཀྱི་རྨུ་ཐག་འཐེན་སའི་ཡུལ་དེ་ལགས། །
༢༠༢༢ལོའི་ཟླ་༧ཚེས་༢༡ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།