གདུང་མཆོད་མུ་ཏིག་ཆུན་པོ།

འཐོར་རླུང་།(མཛོད་དགེ) 琼迈文学网 2022-09-21
         —— སྙན་ངག་མཁན་གཅན་མེ་སྟག་ཚེ་ལས་འདས་པར་བྲིས་པ།

འཇིག་རྟེན་ལན་གཅིག་འབྱོར་བ་ཀུན།།
ནམ་ཞིག་སླར་ཡང་བཞུད་དགོས་པ།།
སྒྱུ་ལུས་གཡར་བོའི་གནས་ཚང་དུ།།
མཐོང་ནས་གཤེགས་པ་འགའ་མ་མཆིས།།
འཁོར་ལོས་བསྒྱུར་དང་མུ་ཏོ་བ།།
ཚེ་འཕོས་གྱུར་ལ་ཁྱད་མེད་ན།།
གཅིག་ཙམ་གཅིག་ཉིད་འགྲོ་འོང་གི།།
མྱུར་བུལ་ཙམ་ལས་གཞན་དུ་ཅི།།
གཉེན་དང་སྙན་གྲགས་གནས་ཁང་དང་།།
རྙེད་གོས་གྱ་དངོས་བདོག་པ་ཀུན།།
གྲོང་ཁྱེར་ཆེ་ལ་གཡུལ་འཁྲུགས་ལྟར།།
འཛིན་དུ་མ་མཆིས་འཇོག་ཏུ་མེད།།
དེ་ལྟ་ན་འང་ཁྱོད་ཉིད་ནི།།
སྙན་ངག་སྨྲ་བའི་རྣལ་འབྱོར་ཆེ།།
སྣང་བ་སྒྱུ་མར་འཛིན་ནུས་ཞིང་།།
སྟོང་བ་རྟེན་འབྲེལ་ངོ་ཡང་འཕྲོད།།
ཤེར་ཕྱིན་མན་ངག་བརྟེན་མིན་ཡང་།།
སྡུག་བསྔལ་ཞི་བའི་གདམས་པ་ལས།།
ཚེ་འདིའི་རྣམ་ཤེས་གཅོད་པ་དང་།།
རྣམ་རྟོག་མགོ་སྙོམས་གཅོད་པ་བ།།
ཆོས་ཀུན་ཆོས་གཅིག་སྟེང་དུ་ཕབ།།
ཆོས་ཀུན་གྱིས་ནི་ཆོས་གཅིག་འཆད།།
ཆོས་ཀུན་སོ་སོའི་རྒྱུད་དང་སྦྱར།།
ཆོས་ཀུན་རང་གི་ལམ་དུ་བསྒྱུར།།
ཁྱོད་ཀྱི་སྨྲ་རྣམས་སྙན་པའི་ངག།
མང་དག་འཛིན་པར་བྱེད་པ་བས།།
ཡུལ་དང་ཡུལ་ཅན་གཉིས་སྣང་ནུབ།།
ལྟ་སྤྱོད་དེ་ལ་བདག་རྗེས་ཆགས།།
གཞན་ཟེར་རྗེས་ཟློས་མི་མཛད་པར།།
རང་གཤིས་གསེར་ལ་དཔྱད་པ་དེས།།
ཁ་བཤད་རྟོག་གེ་སྐམ་པོ་དག།
བར་སྣང་རླུང་ལ་གྲོགས་སུ་སྤུར།།
སྐྱོན་ཡོན་དགག་སྒྲུབ་ཅི་མེད་པར།།
གཉིས་འཛིན་བློ་ལས་རང་གྲོལ་བསྒོམས།།
དགག་སྒྲུབ་མེད་པར་མ་བཅོས་པ།།
རང་གི་ངག་གི་ཡེ་ཤེས་བརྡོལ།།
ཡིད་ཀྱི་འཇུག་པ་གཙང་ཞིང་གྲིམས།།
རྣམ་དཔྱོད་སྟོབས་སུ་ལེགས་གྱུར་བས།།
ངོ་འཛིན་རྒྱུ་བརྔན་རྗེས་མ་འབྲང་།།
ཁེར་རྐྱང་སེམས་དཔའི་ཚུལ་དུ་གཤེགས།།
ད་ལྟའི་ལམ་འདི་ཁྱོད་ཀྱིས་ནི།།
སྔ་མོ་ཉིད་ནས་ཤེས་ན་ཡང་།།
ཕ་ཁྱིམ་ནང་ལ་བུ་འགྲོ་བཞིན།།
ཐོགས་པ་མེད་ལ་སྐྱེངས་པ་མེད།།
ལས་འབྲས་ཐམས་ཅད་ཁྱད་དུ་གསོད།།
ཕྱི་ཁ་ནང་འདྲེན་ཕ་ཆོས་བཙོངས།།
རང་སྣང་གང་དྲན་རང་དོན་གཉེར།།
ཉོན་མོངས་སྨུག་ལོང་འཚུབ་པའི་དུས།།
ཀུན་གྱིས་མི་འདོད་དཀའ་བའི་ལས།།
ཁྱོད་ཀྱིས་བགྱི་ལ་ཕན་པ་ཅི།།
འོན་ཏེ་ལྔ་བདོའི་ལྔ་བདོ་འདིར།།
དེ་ལས་སྙིང་སྟོབས་ཆེ་བ་གང་།།
དེས་ན་ཁྱོད་ཕྱིར་བདག་ཅག་ཀྱང་།།
དེ་བཞིན་བགྱི་འོས་དེ་སྐྱོང་བྱ།།
དེ་ལས་གཞན་གང་ཅི་བྱ་སྟེ།།
དེ་ལ་འདི་ཕྱིའི་ལེགས་ཚོགས་འདོད།།
མདོར་ན་ཁྱོད་ཀྱི་གྲིབ་མ་ཙམ།།
ད་ནས་མེད་ན་གཞན་ཅི་སྨོས།།
དེའི་ཕྱིར་རྣམ་དཀར་དགེ་སྨོན་གྱིས།།
ཐར་བའི་ལམ་མཁན་བྱེད་པར་ཤོག།
འགའ་ཞིག་ཁྱོད་ཀྱི་གདུང་མཆོད་འདིས།།
རང་ཉིད་བསྒྲགས་པའི་བློ་ཇུས་བཤམས།།
བདག་འཛིན་འགོང་བོའི་མགོ་སྙོམས་འདི།།
ཁྱོད་ལ་དུངས་ཞེན་འཛིན་ཚུལ་ལོ།།
འདི་ནས་བྱང་ཆུབ་མ་ཐོབ་བར།།
སྤྱན་རས་གཟིགས་དབང་རྗེས་བཟུང་ནས།།
དབྱངས་གསལ་སོ་བཞིའི་སྲོག་འཛིན་པར།།
གངས་རིའི་བུ་རུ་སླར་སྐྱེས་ཤོག།
དེ་སྐད་མདོ་ཁམས་རྒྱལ་རོང་ནས།།
སྙན་ངག་སྨྲ་ལ་ཡིད་ཕྱོགས་པའི།།
རྫས་ཚ་ཆོས་འཕེལ་འབོད་པ་དེས།།
ཡིད་གདུང་ཆེན་པོས་བྲིས་པ་དགེ།།
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
     2022/9/21/ཉིན་འཐོར་རླུང་གིས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གདུང་མཆོད་མུ་ཏིག་ཆུན་པོ།

2022-09-21 འཐོར་རླུང་།(མཛོད་དགེ) ཀློག་གྲངས། མཆན ཡོད།
         —— སྙན་ངག་མཁན་གཅན་མེ་སྟག་ཚེ་ལས་འདས་པར་བྲིས་པ།

འཇིག་རྟེན་ལན་གཅིག་འབྱོར་བ་ཀུན།།
ནམ་ཞིག་སླར་ཡང་བཞུད་དགོས་པ།།
སྒྱུ་ལུས་གཡར་བོའི་གནས་ཚང་དུ།།
མཐོང་ནས་གཤེགས་པ་འགའ་མ་མཆིས།།
འཁོར་ལོས་བསྒྱུར་དང་མུ་ཏོ་བ།།
ཚེ་འཕོས་གྱུར་ལ་ཁྱད་མེད་ན།།
གཅིག་ཙམ་གཅིག་ཉིད་འགྲོ་འོང་གི།།
མྱུར་བུལ་ཙམ་ལས་གཞན་དུ་ཅི།།
གཉེན་དང་སྙན་གྲགས་གནས་ཁང་དང་།།
རྙེད་གོས་གྱ་དངོས་བདོག་པ་ཀུན།།
གྲོང་ཁྱེར་ཆེ་ལ་གཡུལ་འཁྲུགས་ལྟར།།
འཛིན་དུ་མ་མཆིས་འཇོག་ཏུ་མེད།།
དེ་ལྟ་ན་འང་ཁྱོད་ཉིད་ནི།།
སྙན་ངག་སྨྲ་བའི་རྣལ་འབྱོར་ཆེ།།
སྣང་བ་སྒྱུ་མར་འཛིན་ནུས་ཞིང་།།
སྟོང་བ་རྟེན་འབྲེལ་ངོ་ཡང་འཕྲོད།།
ཤེར་ཕྱིན་མན་ངག་བརྟེན་མིན་ཡང་།།
སྡུག་བསྔལ་ཞི་བའི་གདམས་པ་ལས།།
ཚེ་འདིའི་རྣམ་ཤེས་གཅོད་པ་དང་།།
རྣམ་རྟོག་མགོ་སྙོམས་གཅོད་པ་བ།།
ཆོས་ཀུན་ཆོས་གཅིག་སྟེང་དུ་ཕབ།།
ཆོས་ཀུན་གྱིས་ནི་ཆོས་གཅིག་འཆད།།
ཆོས་ཀུན་སོ་སོའི་རྒྱུད་དང་སྦྱར།།
ཆོས་ཀུན་རང་གི་ལམ་དུ་བསྒྱུར།།
ཁྱོད་ཀྱི་སྨྲ་རྣམས་སྙན་པའི་ངག།
མང་དག་འཛིན་པར་བྱེད་པ་བས།།
ཡུལ་དང་ཡུལ་ཅན་གཉིས་སྣང་ནུབ།།
ལྟ་སྤྱོད་དེ་ལ་བདག་རྗེས་ཆགས།།
གཞན་ཟེར་རྗེས་ཟློས་མི་མཛད་པར།།
རང་གཤིས་གསེར་ལ་དཔྱད་པ་དེས།།
ཁ་བཤད་རྟོག་གེ་སྐམ་པོ་དག།
བར་སྣང་རླུང་ལ་གྲོགས་སུ་སྤུར།།
སྐྱོན་ཡོན་དགག་སྒྲུབ་ཅི་མེད་པར།།
གཉིས་འཛིན་བློ་ལས་རང་གྲོལ་བསྒོམས།།
དགག་སྒྲུབ་མེད་པར་མ་བཅོས་པ།།
རང་གི་ངག་གི་ཡེ་ཤེས་བརྡོལ།།
ཡིད་ཀྱི་འཇུག་པ་གཙང་ཞིང་གྲིམས།།
རྣམ་དཔྱོད་སྟོབས་སུ་ལེགས་གྱུར་བས།།
ངོ་འཛིན་རྒྱུ་བརྔན་རྗེས་མ་འབྲང་།།
ཁེར་རྐྱང་སེམས་དཔའི་ཚུལ་དུ་གཤེགས།།
ད་ལྟའི་ལམ་འདི་ཁྱོད་ཀྱིས་ནི།།
སྔ་མོ་ཉིད་ནས་ཤེས་ན་ཡང་།།
ཕ་ཁྱིམ་ནང་ལ་བུ་འགྲོ་བཞིན།།
ཐོགས་པ་མེད་ལ་སྐྱེངས་པ་མེད།།
ལས་འབྲས་ཐམས་ཅད་ཁྱད་དུ་གསོད།།
ཕྱི་ཁ་ནང་འདྲེན་ཕ་ཆོས་བཙོངས།།
རང་སྣང་གང་དྲན་རང་དོན་གཉེར།།
ཉོན་མོངས་སྨུག་ལོང་འཚུབ་པའི་དུས།།
ཀུན་གྱིས་མི་འདོད་དཀའ་བའི་ལས།།
ཁྱོད་ཀྱིས་བགྱི་ལ་ཕན་པ་ཅི།།
འོན་ཏེ་ལྔ་བདོའི་ལྔ་བདོ་འདིར།།
དེ་ལས་སྙིང་སྟོབས་ཆེ་བ་གང་།།
དེས་ན་ཁྱོད་ཕྱིར་བདག་ཅག་ཀྱང་།།
དེ་བཞིན་བགྱི་འོས་དེ་སྐྱོང་བྱ།།
དེ་ལས་གཞན་གང་ཅི་བྱ་སྟེ།།
དེ་ལ་འདི་ཕྱིའི་ལེགས་ཚོགས་འདོད།།
མདོར་ན་ཁྱོད་ཀྱི་གྲིབ་མ་ཙམ།།
ད་ནས་མེད་ན་གཞན་ཅི་སྨོས།།
དེའི་ཕྱིར་རྣམ་དཀར་དགེ་སྨོན་གྱིས།།
ཐར་བའི་ལམ་མཁན་བྱེད་པར་ཤོག།
འགའ་ཞིག་ཁྱོད་ཀྱི་གདུང་མཆོད་འདིས།།
རང་ཉིད་བསྒྲགས་པའི་བློ་ཇུས་བཤམས།།
བདག་འཛིན་འགོང་བོའི་མགོ་སྙོམས་འདི།།
ཁྱོད་ལ་དུངས་ཞེན་འཛིན་ཚུལ་ལོ།།
འདི་ནས་བྱང་ཆུབ་མ་ཐོབ་བར།།
སྤྱན་རས་གཟིགས་དབང་རྗེས་བཟུང་ནས།།
དབྱངས་གསལ་སོ་བཞིའི་སྲོག་འཛིན་པར།།
གངས་རིའི་བུ་རུ་སླར་སྐྱེས་ཤོག།
དེ་སྐད་མདོ་ཁམས་རྒྱལ་རོང་ནས།།
སྙན་ངག་སྨྲ་ལ་ཡིད་ཕྱོགས་པའི།།
རྫས་ཚ་ཆོས་འཕེལ་འབོད་པ་དེས།།
ཡིད་གདུང་ཆེན་པོས་བྲིས་པ་དགེ།།
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
ཨོཾ་མ་ཎི་པདྨེ་ཧཱུྃ༔
     2022/9/21/ཉིན་འཐོར་རླུང་གིས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།