མི་རྐྱང་གི་ལེའུ།(ཁག་གསུམ)

ཕོ་ལྷ།(ལྷ་ཐོག) 琼迈文学网 2022-10-31
               ༈ མི་རྐྱང་གི་ལེའུ། ༡

                           _____རྗེ་བཙུན་མི་ལ་རས་པ་ལ་ཕུལ་བ།

སྟོབས་སེང་གེའི་ངར་སྒྲ་མི་ཉམས་ནས། །
ས་ཕྱོགས་མེད་ཁྱབ་པ་ཁྱོད་ཅིག་བསྔགས། །
རྐྱེན་སྡིག་པའི་མེ་ལྕེ་འབར་བས་ན། །
སྡུག་འཁོར་བའི་ཆོས་ལ་བཞི་ཤད་འཐེན། །
སྤྱི་མཛའ་གཅུགས་རྙི་ཡི་སོ་ཁ་ནས། །
གདངས་ལྷུན་གྲུབ་བ་ཁྱོད་སྙིང་ནས་དྲན། །
ངག་མི་ཟད་དཔལ་ཁྱོད་སླར་ཡང་གླེང་། །

མགོན་ལྟ་བས་མི་ངོམས་ཆོས་པའི་མཆོག །
ངག་མགྲིན་པའི་རྫ་རྔ་རྡུང་བར་མཁས། །
སྐྱིད་ནགས་ཀྱི་ལྔོན་པ་བཀྲ་བ་ལ། །
ས་སྲིད་པའི་ཁམས་ལ་ཁྱོད་ལས་མེད། །
སྡུག་མུན་པའི་དྲ་བ་ཁྱེད་ཀྱིས་སངས། །
དེས་ཕྱིར་ན་དུས་མཐའི་སངས་རྒྱས་ལ། །
གསེར་སེར་པོའི་ཁྲི་འཕང་དགོས་པ་མེད། །
བུ་རི་ཁྲོད་པ་ཁྱོད་ཚེ་ཡི་མགོན། །

གནས་མ་ངེས་རི་དང་ལ་ལུང་འགྲིམ། །
དབྱངས་མ་འགག་མི་རྟག་མགུར་གླུ་གྱེར། །
སེམས་མ་འཕྲུལ་སེམས་ཉིད་ངང་ལ་གནས། །
ངག་སྡིག་པའི་མེ་ཏོག་མ་བཞད་པས། །
ཚིག་སྒྱུ་མའི་རྟོག་ཚོགས་ཁྱེད་ལ་ཡོད། །
ལར་འདུས་པའི་ཆོས་དག་མི་རྟག་པས། །
འདི་མི་རྟག་རྒྱང་གླུ་རང་སྒྲ་རྒོད། །
བྱ་རྒོད་པའི་མཉམ་དུ་འཕུར་ཙམ་བྱས། །

ལོ་ཟླ་བའི་དུས་ཚོད་སྒོམ་ལ་བཅོལ། །
བློ་རྣམ་རྟོག་མི་འགྲོགས་ཨེ་མ་རྨད། །
ཁྱོད་དྲང་སྲོང་ཟླ་བྲལ་འགྲོ་བའི་མགོན། །
ངའི་བླ་ཚེ་སྲོག་གི་མཁར་རྫོང་སྲུང་། །
ཞལ་མེ་ཏོག་སད་ནས་རུས་ལ་ཐུག །
སྐྲ་སེན་མོ་ཙམ་ལས་མེད་པ་འདྲ། །
ཐུགས་ཞི་བའི་གཤོག་པ་རྐྱོང་བཞིན་དུ། །
འདི་ལྷ་ལམ་འགྲིམ་མཁན་ལྷ་མཆོག་ཁྱེད། །

ཆོས་ཟབ་མོས་ཚེ་ཡི་རྩྭ་ཐང་རྒྱན། །
དོན་མ་ནོར་འཁོར་འདས་གླུ་རུ་བླངས། །
ཉམས་རྟོག་པས་འདྲེ་དམག་ཕར་བརྒོལ་བྱས། །
རྗེ་རྒྱལ་བ་ཚོགས་ཀྱང་ཁྱོད་ལ་གུས། །
ཕྱག་པདྨའི་འདབ་མ་རང་བཞད་བ། །
ཞབས་སྤྱི་བོའི་གཙུག་ལ་གཏན་འདུད་དུས། །
གཡང་ཁུག་པའི་ཆོད་སེམས་ང་ལ་ཡོད། །
རི་སྨུག་པའི་གསེབ་ཀྱི་རིན་པོ་ཆེ། །

མཐོ་སྤྲིན་དཀར་བླ་རེའི་འགྲམ་ངོགས་ནས། །
ཐུགས་ཏིང་འཛིན་དབྱངས་ཀྱི་ཁ་ཆུ་འཐོར། །
དབྱངས་ཁ་ཆུ་བདེ་སྟོང་ཟུང་འཇུག་རེད། །
གཞི་ཟིལ་བའི་ཤུགས་ཀྱང་ཁྱོད་ལ་ལྡན། །
ཕྱི་སྣང་བའི་ཡུལ་ལ་ཁྱོད་མ་ཞེན། །
ནང་འཛིན་པའི་ལྟ་བ་རྩ་ནས་ཆོད། །
སྟེང་མཁའ་འགྲོའི་ངག་དང་པི་ཝང་གི། །
ཚེ་འཚོ་བའི་རམ་འདེགས་ཁྱོད་ལ་བྱས། །

གངས་དཀར་པོ་རྡུལ་མང་བརྩེགས་པའི་ཁྲོད། །
རས་དཀར་པོས་སྐུ་ལུས་དྲོས་ནུས་པ། །
ལུང་རྟོགས་པའི་ཆོས་འཁོར་སྐོར་བས་རེད། །
མ་མཁའ་འགྲོའི་སྙིང་ཁྲག་དྲོན་མོ་དེ། །
རྗེ་ཁྱེད་ཀྱིས་འཐུང་བས་མ་ལགས་ན། །
རྒྱབ་འཁོར་བ་ཕྱོགས་པའི་རྣལ་འབྱོར་དང་། །
ཚེ་གཅིག་གི་སངས་རྒྱས་ཡོང་དོན་མེད། །

སྲིད་འབྱོར་བའི་ལས་ལ་མ་མཉེས་པས། །
བྱམས་བརྩེ་བའི་འཇའ་འོད་ཕྱོགས་ཀུན་ཁྱབ། །
ཞབས་སེན་མོ་མཛེས་པའི་དཔལ་ཡོལ་ལ། །
ཕྱོགས་ངེས་མེད་འཁོར་དག་ཆེས་ཆེར་རྒྱས། །
ཡང་ཡེ་ཤེས་འོད་ཀྱི་གུར་ཁང་ལ། །
འདི་ལྔ་རིག་པད་ཚལ་ཤིན་ཏུ་བཞད། །
ལར་ལེགས་བཤད་སྦྲང་རྩི་རོལ་འདོད་པས། །
ངའི་དད་པའི་མིག་ཆུ་འཐོར་གྱིན་འདུག །

རྒྱུ་རྒྱལ་བོའི་མཛོད་ཀྱང་མི་དགོས་པ། །
མཚན་རྨི་ལམ་དྭངས་ཤིང་གཙང་བ་ངེས། །
མཛེས་ཉི་ཟླའི་འོད་ཀྱི་བདག་པོ་ཁྱོད། །
མཚན་སྙན་གྲགས་ཞེ་ནས་མ་འདོད་ཀྱང་། །
མགུར་སྙན་མོའི་རང་སྒྲ་སྲིད་གསུམ་ཁྱབ། །
ཆར་ཟིལ་མའི་ལྷན་དུ་འཆོ་བར་འདི། །
ཡུལ་མང་ཡུལ་གུང་ཐང་སྐྱ་རྔ་ཡི། །
ཚེ་གཅིག་གི་སངས་རྒྱས་ཁྱོད་ལ་གུས། །

སྐུ་མི་གཡོ་བྲག་དང་རྡོ་བ་ལྟར། །
བྲག་དཀར་པོའི་རྫོང་ལ་ཁྱོད་ཉིད་བཞུགས། །
སྐད་མ་འགག་དབྱངས་ཀྱི་མགུར་མ་དེ། །
ཕ་རྗེ་བཙུན་ཁྱེད་ཀྱི་མགུར་འབུམ་ཡིན། །
འདི་ཀ་བཞི་གདུང་བརྒྱད་མི་དགོས་པ། །
ཆོས་ཀ་དག་ཞིང་ལ་ཁྱོད་ཉིད་འཚོས། །
ལར་མི་རྟ་བཅོ་རྒྱད་བསད་པ་ཡི། །
སྡིག་བཤགས་ནས་སངས་བ་ཁྱོད་རང་རྒྱལ། །
        ༢༠༢༢/༡༠/༨/ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

                 ༈མི་རྐྱང་གི་ལེའུ།༢

ཚེ་བླ་སྲོག་གི་ཀ་བ་མ་བརྟན་ན། །
ལས་མེ་ཏོག་གི་དབྱར་ཟླ་ཁ་རོག་རེད། །
ངག་མཁའ་འགྲོ་ཡི་བརྡ་གླུ་རང་འབབ་དེ། །
ལོ་ཟླ་བ་ལ་སྒུག་པས་མི་ཚེ་རྒས། །
གཞི་སྣང་སྟོང་གི་ཟུང་འཇུག་རེ་རེ་ལ། །
ཡིད་དམར་ཆུང་གི་དཀྲི་ཀོར་མ་བྱས་ན། །
ངག་ཚེ་མདུད་ཀྱི་མདུད་པ་བཀྲོལ་ཐབས་མེད། །
སེམས་ཡ་ཆུང་གི་རྣམ་རྟོག་སངས་ཐབས་མེད། །
བློ་ཆོས་ཕྱོགས་ལ་འཁོར་ནས་ཟག་མེད་ཀྱི། །
དབྱངས་མགུར་གླུ་དག་ངག་ནས་མ་འཐོར་ན། །
གཏན་བདེ་ཆེན་གྱི་སྒྱུ་འཕྲུལ་ཕོ་བྲང་དུ། །
སྐྱིད་འཚོ་བ་ཡི་རྟ་ཁྱུ་མི་འཁོར་ཟེར། །
ལས་ཚོགས་བསགས་ཀྱི་ལ་རྒྱ་མ་ལྡན་ན། །
ཆོས་མ་ཎི་ཡི་མགུར་དབྱངས་མ་འཐེན་རོགས། །
རྗེ་བླ་མ་ཡ་མཁྱེན་རབ་རྒྱ་མཚོ་མཆོག །
གཞི་ཚུལ་ཁྲིམས་ཀྱི་ལྗོན་བཟང་མི་སད་པའི། །
ཐུགས་བརྩེ་བ་ཡིས་གཟིགས་མཛོད་འཕགས་པ་ལགས། །
ལ་མཐོན་པོ་ཡི་ལ་རྩེ་གོང་མ་ནས། །
ཀི་རིང་མོ་རེ་ཤུགས་ཀྱིས་བཏབ་པ་དང་། །
གཞོན་སྣང་བ་དེ་ཉི་ཟླའི་ལྷན་འགྲོགས་ནས། །
བྱ་རྒོད་པོ་ཚོགས་བསད་པ་ཉུང་རྒྱུ་མེད། །
བློ་འགྱོད་པ་བཅས་ཕྱིས་སྡོམ་ང་ཡིས་བྱེད། །
སྡིག་བཤགས་འདི་དག་པ་ཁྱེད་མ་འཆུག །
ཚེས་བཅོ་ལྔ་ཡི་དུང་ཟླ་འཆར་བའི་སྐབས། །
རོགས་ཆུང་ལོ་དེ་བློ་ཡུལ་མི་འཆར་བ། །
འདི་རང་དབང་དེ་ང་ལ་མི་འདུག་པས། །
ས་འཁོར་བ་ཡི་སྡུག་བསྔལ་ངས་མི་གླེང་། །
ཡང་དམྱལ་ཁམས་ཀྱི་ལོ་ཟླ་དྲན་མི་འདོད། །
ངའི་མི་ཚེ་ཡི་བསོད་ནམས་ཟད་པ་འདྲ། །
མོ་ཡུགས་མོ་བཞིན་འཚོ་བ་མྱང་དགོས་འདྲ། །
གདོང་མིག་ཆུ་རེ་འཐོར་ཏེ་བས་མཐའ་ནས། །
སྟོན་ལོ་མ་ལྟར་གང་ཞིག་སྤུར་འགྲོ་མིན། །
བཤད་མ་ཚོད་པས་ཡིད་ཐང་སྐྱ་བོ་རེད། །
འབྲོང་དར་མ་ཡི་བརྟུལ་ཞུགས་ལེན་རེ་ལ། །
བུ་ང་ཚོ་ཡིས་སྐྱོང་ནས་འཚོ་དགོས་དུས། །
ས་འཁོར་བ་ཡི་ལམ་ཡང་ཀྱོག་སོང་འདུག །
མ་རྗེ་བཙུན་ཁྱོས་སྤྱན་གྱིས་གཟིགས་ཙམ་མཛོད། །
ཤི་དམྱལ་བ་ཡི་ཡུལ་ནས་མ་བོར་རོགས། །
སྤྱན་དཀྱུས་རིང་སྟེ་པདྨའི་འདབ་མ་དེ། །
སྐབས་ལན་རེ་ལ་ངའི་ཕྱོགས་བཞད་ཙམ་མཛོད། །
ཕྱག་མཉེན་ལྕུག་གིས་ལམ་སྣ་ཁྲིད་དུ་གསོལ། །
གསུང་བྱིན་རླབས་ཀྱི་ཚན་ཁ་མ་ཆུང་རོགས། །
        ༢༠༢༢/༡༠/༩ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

                མི་རྐྱང་གི་ལེའུ།༣

བདུད་རྩིའི་རེག་པ་རེ་རེ་ལ། །
དགྱེས་པའི་ཉམས་འགྱུར་རབ་ཏུ་རྒོད། །
ང་རྒྱལ་སྙེམས་པའི་རབ་ཁ་ནས། །
བོང་བའི་མགྲིན་གླུ་ཟད་པ་མེད། །
ཞལ་སྒོ་འཛུམ་པའི་སོ་ཁ་ནས། །
དབྱངས་ཀྱི་མགུར་མ་ཆེས་ཆེར་འཐོར །
སྤྱན་སྔར་ཟླ་བའི་ཞལ་རས་འཆར། །
མཐའ་བྲལ་ལྷ་ལམ་ཡངས་མོ་ནས། །
ཡངས་བའི་གཤོག་པ་སྲིད་མཐར་རྐྱོང་། །
མུན་སྟུག་ལོ་རབས་ཚིག་ལ་རྒྱུས། །
གཟབ་འཆོས་རེ་བའི་བླ་མཁར་བཞེངས། །
དྲན་པའི་དབར་གྱི་ལས་གྲོགས་ཁྱོད། །
འཁོར་བའི་ཐབ་རྡོ་སྒྲིག་རོགས་ཡིན། །
དུས་ཚོད་ཉི་ཟླའི་འཆར་ནུབ་རེ་རེར། །
འཚོ་བའི་བདེ་སྐྱིད་ཁྱོད་རང་བྱས། །
རྡུལ་བྲལ་གཡའ་དག་མེ་ལོང་ངོགས། །
ལས་འཕྲོའི་འཇའ་རིས་ཡང་ཡང་བཀྲ། །
ཡིད་ཆེས་འབུམ་གྱི་དར་མདུད་དག །
རྡོ་རྗེའི་ཚུལ་གྱི་མགུལ་དུ་རྒྱན། །
སྐབས་རེར་རང་གི་རྣམ་ཤེས་ཀྱང་། །
དུར་ཁྲོད་ནང་ལ་ཁེར་རྐྱང་གནས། །
ཁྲག་གི་རྒྱ་མཚོ་ཡང་ཡང་བརྒལ། །
སྡུག་གི་རྟ་དམག་བཙན་པོས་བཅོམ། །
མི་དགེའི་མེ་ལྕེ་ཡང་ཡང་འབར། །
འཁོར་བའི་རི་དྭགས་རེ་རེ་ལ། །
ལན་ཆགས་བུ་ལོང་ལྕི་མོ་རེ། །
མ་སོད་གཏན་དུ་ཆད་པས་ན། །
བརྩེ་དུང་གཤིན་རྗེའི་ཁྲིམས་ར་ཡི། །
དམར་ནག་དུག་གི་སྡོང་པོ་ལ། །
ཅེར་ནས་སྐྱེ་བ་སྐྱེལ་དགོས་དུས། །
སྤྲིན་གྱི་རྒྱ་མཚོ་རྒལ་བ་ལ། །
ཞེན་པའི་རྩ་བ་ཆད་འགྲོ་འདུག །
གཡུ་ཐོག་ཟམ་གྱི་འགྲམ་ངོགས་ནས། །
བདག་ནི་དགུན་གྱི་རྡོ་བ་ཡིན། །
བརྩེ་དྲུག་ལྷ་ཡི་མིག་གཡང་མ། །
མ་འོངས་གཞུང་གི་མལ་ས་ཡི། །
བདེ་སྐྱིད་ནོར་གྱི་མཛོད་ཆེན་གྱིས། །
སྡུག་བསྔལ་སེམས་ཀྱི་ཁ་གནོན་བྱོས། །
ལུག་ཁྱུ་སྣེ་ཡི་རྫི་གླུ་ཡང་། །
ཁྱོད་རང་ཁོ་ནས་ངག་ཡིན་ཤོག །
ངག་གི་སྡིག་སྒྲིབ་དག་པ་ཡི། །
མཁའ་འགྲོའི་འཕྲིན་གླུ་ཁྱོད་ཉིད་བྱེད། །
དམར་གླིང་དཀར་པོ་ཕྱག་འཛིན་ནས། །
གངས་ཀྱི་རི་བོར་ལོངས་སྤྱོད་ལ། །
འཛིན་པ་འདི་ནི་རབ་ཏུ་རྨད། །
དུས་ཀྱི་ཡོ་ལང་རྒོད་ས་ནས། །
ཁྱོད་ནི་ཨུ་དུམ་ཝཱ་ར་ཡིན། །
བདེ་སྡུག་བྱེ་མའི་ལམ་བུ་ལ། །
རྐང་པའི་རྗེས་ཤུལ་མ་དོད་པས། །
ཁོ་བོའི་ཚེ་མཐའི་མེ་ཏོག་དང་། །
ལྷ་ཡི་ལྡུམ་ར་ཡིན་པ་ངེས། །
   ༢༠༢༢/༡༠/༡༡/ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མི་རྐྱང་གི་ལེའུ།(ཁག་གསུམ)

2022-10-31 ཕོ་ལྷ།(ལྷ་ཐོག) ཀློག་གྲངས། མཆན ཡོད།
               ༈ མི་རྐྱང་གི་ལེའུ། ༡

                           _____རྗེ་བཙུན་མི་ལ་རས་པ་ལ་ཕུལ་བ།

སྟོབས་སེང་གེའི་ངར་སྒྲ་མི་ཉམས་ནས། །
ས་ཕྱོགས་མེད་ཁྱབ་པ་ཁྱོད་ཅིག་བསྔགས། །
རྐྱེན་སྡིག་པའི་མེ་ལྕེ་འབར་བས་ན། །
སྡུག་འཁོར་བའི་ཆོས་ལ་བཞི་ཤད་འཐེན། །
སྤྱི་མཛའ་གཅུགས་རྙི་ཡི་སོ་ཁ་ནས། །
གདངས་ལྷུན་གྲུབ་བ་ཁྱོད་སྙིང་ནས་དྲན། །
ངག་མི་ཟད་དཔལ་ཁྱོད་སླར་ཡང་གླེང་། །

མགོན་ལྟ་བས་མི་ངོམས་ཆོས་པའི་མཆོག །
ངག་མགྲིན་པའི་རྫ་རྔ་རྡུང་བར་མཁས། །
སྐྱིད་ནགས་ཀྱི་ལྔོན་པ་བཀྲ་བ་ལ། །
ས་སྲིད་པའི་ཁམས་ལ་ཁྱོད་ལས་མེད། །
སྡུག་མུན་པའི་དྲ་བ་ཁྱེད་ཀྱིས་སངས། །
དེས་ཕྱིར་ན་དུས་མཐའི་སངས་རྒྱས་ལ། །
གསེར་སེར་པོའི་ཁྲི་འཕང་དགོས་པ་མེད། །
བུ་རི་ཁྲོད་པ་ཁྱོད་ཚེ་ཡི་མགོན། །

གནས་མ་ངེས་རི་དང་ལ་ལུང་འགྲིམ། །
དབྱངས་མ་འགག་མི་རྟག་མགུར་གླུ་གྱེར། །
སེམས་མ་འཕྲུལ་སེམས་ཉིད་ངང་ལ་གནས། །
ངག་སྡིག་པའི་མེ་ཏོག་མ་བཞད་པས། །
ཚིག་སྒྱུ་མའི་རྟོག་ཚོགས་ཁྱེད་ལ་ཡོད། །
ལར་འདུས་པའི་ཆོས་དག་མི་རྟག་པས། །
འདི་མི་རྟག་རྒྱང་གླུ་རང་སྒྲ་རྒོད། །
བྱ་རྒོད་པའི་མཉམ་དུ་འཕུར་ཙམ་བྱས། །

ལོ་ཟླ་བའི་དུས་ཚོད་སྒོམ་ལ་བཅོལ། །
བློ་རྣམ་རྟོག་མི་འགྲོགས་ཨེ་མ་རྨད། །
ཁྱོད་དྲང་སྲོང་ཟླ་བྲལ་འགྲོ་བའི་མགོན། །
ངའི་བླ་ཚེ་སྲོག་གི་མཁར་རྫོང་སྲུང་། །
ཞལ་མེ་ཏོག་སད་ནས་རུས་ལ་ཐུག །
སྐྲ་སེན་མོ་ཙམ་ལས་མེད་པ་འདྲ། །
ཐུགས་ཞི་བའི་གཤོག་པ་རྐྱོང་བཞིན་དུ། །
འདི་ལྷ་ལམ་འགྲིམ་མཁན་ལྷ་མཆོག་ཁྱེད། །

ཆོས་ཟབ་མོས་ཚེ་ཡི་རྩྭ་ཐང་རྒྱན། །
དོན་མ་ནོར་འཁོར་འདས་གླུ་རུ་བླངས། །
ཉམས་རྟོག་པས་འདྲེ་དམག་ཕར་བརྒོལ་བྱས། །
རྗེ་རྒྱལ་བ་ཚོགས་ཀྱང་ཁྱོད་ལ་གུས། །
ཕྱག་པདྨའི་འདབ་མ་རང་བཞད་བ། །
ཞབས་སྤྱི་བོའི་གཙུག་ལ་གཏན་འདུད་དུས། །
གཡང་ཁུག་པའི་ཆོད་སེམས་ང་ལ་ཡོད། །
རི་སྨུག་པའི་གསེབ་ཀྱི་རིན་པོ་ཆེ། །

མཐོ་སྤྲིན་དཀར་བླ་རེའི་འགྲམ་ངོགས་ནས། །
ཐུགས་ཏིང་འཛིན་དབྱངས་ཀྱི་ཁ་ཆུ་འཐོར། །
དབྱངས་ཁ་ཆུ་བདེ་སྟོང་ཟུང་འཇུག་རེད། །
གཞི་ཟིལ་བའི་ཤུགས་ཀྱང་ཁྱོད་ལ་ལྡན། །
ཕྱི་སྣང་བའི་ཡུལ་ལ་ཁྱོད་མ་ཞེན། །
ནང་འཛིན་པའི་ལྟ་བ་རྩ་ནས་ཆོད། །
སྟེང་མཁའ་འགྲོའི་ངག་དང་པི་ཝང་གི། །
ཚེ་འཚོ་བའི་རམ་འདེགས་ཁྱོད་ལ་བྱས། །

གངས་དཀར་པོ་རྡུལ་མང་བརྩེགས་པའི་ཁྲོད། །
རས་དཀར་པོས་སྐུ་ལུས་དྲོས་ནུས་པ། །
ལུང་རྟོགས་པའི་ཆོས་འཁོར་སྐོར་བས་རེད། །
མ་མཁའ་འགྲོའི་སྙིང་ཁྲག་དྲོན་མོ་དེ། །
རྗེ་ཁྱེད་ཀྱིས་འཐུང་བས་མ་ལགས་ན། །
རྒྱབ་འཁོར་བ་ཕྱོགས་པའི་རྣལ་འབྱོར་དང་། །
ཚེ་གཅིག་གི་སངས་རྒྱས་ཡོང་དོན་མེད། །

སྲིད་འབྱོར་བའི་ལས་ལ་མ་མཉེས་པས། །
བྱམས་བརྩེ་བའི་འཇའ་འོད་ཕྱོགས་ཀུན་ཁྱབ། །
ཞབས་སེན་མོ་མཛེས་པའི་དཔལ་ཡོལ་ལ། །
ཕྱོགས་ངེས་མེད་འཁོར་དག་ཆེས་ཆེར་རྒྱས། །
ཡང་ཡེ་ཤེས་འོད་ཀྱི་གུར་ཁང་ལ། །
འདི་ལྔ་རིག་པད་ཚལ་ཤིན་ཏུ་བཞད། །
ལར་ལེགས་བཤད་སྦྲང་རྩི་རོལ་འདོད་པས། །
ངའི་དད་པའི་མིག་ཆུ་འཐོར་གྱིན་འདུག །

རྒྱུ་རྒྱལ་བོའི་མཛོད་ཀྱང་མི་དགོས་པ། །
མཚན་རྨི་ལམ་དྭངས་ཤིང་གཙང་བ་ངེས། །
མཛེས་ཉི་ཟླའི་འོད་ཀྱི་བདག་པོ་ཁྱོད། །
མཚན་སྙན་གྲགས་ཞེ་ནས་མ་འདོད་ཀྱང་། །
མགུར་སྙན་མོའི་རང་སྒྲ་སྲིད་གསུམ་ཁྱབ། །
ཆར་ཟིལ་མའི་ལྷན་དུ་འཆོ་བར་འདི། །
ཡུལ་མང་ཡུལ་གུང་ཐང་སྐྱ་རྔ་ཡི། །
ཚེ་གཅིག་གི་སངས་རྒྱས་ཁྱོད་ལ་གུས། །

སྐུ་མི་གཡོ་བྲག་དང་རྡོ་བ་ལྟར། །
བྲག་དཀར་པོའི་རྫོང་ལ་ཁྱོད་ཉིད་བཞུགས། །
སྐད་མ་འགག་དབྱངས་ཀྱི་མགུར་མ་དེ། །
ཕ་རྗེ་བཙུན་ཁྱེད་ཀྱི་མགུར་འབུམ་ཡིན། །
འདི་ཀ་བཞི་གདུང་བརྒྱད་མི་དགོས་པ། །
ཆོས་ཀ་དག་ཞིང་ལ་ཁྱོད་ཉིད་འཚོས། །
ལར་མི་རྟ་བཅོ་རྒྱད་བསད་པ་ཡི། །
སྡིག་བཤགས་ནས་སངས་བ་ཁྱོད་རང་རྒྱལ། །
        ༢༠༢༢/༡༠/༨/ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

                 ༈མི་རྐྱང་གི་ལེའུ།༢

ཚེ་བླ་སྲོག་གི་ཀ་བ་མ་བརྟན་ན། །
ལས་མེ་ཏོག་གི་དབྱར་ཟླ་ཁ་རོག་རེད། །
ངག་མཁའ་འགྲོ་ཡི་བརྡ་གླུ་རང་འབབ་དེ། །
ལོ་ཟླ་བ་ལ་སྒུག་པས་མི་ཚེ་རྒས། །
གཞི་སྣང་སྟོང་གི་ཟུང་འཇུག་རེ་རེ་ལ། །
ཡིད་དམར་ཆུང་གི་དཀྲི་ཀོར་མ་བྱས་ན། །
ངག་ཚེ་མདུད་ཀྱི་མདུད་པ་བཀྲོལ་ཐབས་མེད། །
སེམས་ཡ་ཆུང་གི་རྣམ་རྟོག་སངས་ཐབས་མེད། །
བློ་ཆོས་ཕྱོགས་ལ་འཁོར་ནས་ཟག་མེད་ཀྱི། །
དབྱངས་མགུར་གླུ་དག་ངག་ནས་མ་འཐོར་ན། །
གཏན་བདེ་ཆེན་གྱི་སྒྱུ་འཕྲུལ་ཕོ་བྲང་དུ། །
སྐྱིད་འཚོ་བ་ཡི་རྟ་ཁྱུ་མི་འཁོར་ཟེར། །
ལས་ཚོགས་བསགས་ཀྱི་ལ་རྒྱ་མ་ལྡན་ན། །
ཆོས་མ་ཎི་ཡི་མགུར་དབྱངས་མ་འཐེན་རོགས། །
རྗེ་བླ་མ་ཡ་མཁྱེན་རབ་རྒྱ་མཚོ་མཆོག །
གཞི་ཚུལ་ཁྲིམས་ཀྱི་ལྗོན་བཟང་མི་སད་པའི། །
ཐུགས་བརྩེ་བ་ཡིས་གཟིགས་མཛོད་འཕགས་པ་ལགས། །
ལ་མཐོན་པོ་ཡི་ལ་རྩེ་གོང་མ་ནས། །
ཀི་རིང་མོ་རེ་ཤུགས་ཀྱིས་བཏབ་པ་དང་། །
གཞོན་སྣང་བ་དེ་ཉི་ཟླའི་ལྷན་འགྲོགས་ནས། །
བྱ་རྒོད་པོ་ཚོགས་བསད་པ་ཉུང་རྒྱུ་མེད། །
བློ་འགྱོད་པ་བཅས་ཕྱིས་སྡོམ་ང་ཡིས་བྱེད། །
སྡིག་བཤགས་འདི་དག་པ་ཁྱེད་མ་འཆུག །
ཚེས་བཅོ་ལྔ་ཡི་དུང་ཟླ་འཆར་བའི་སྐབས། །
རོགས་ཆུང་ལོ་དེ་བློ་ཡུལ་མི་འཆར་བ། །
འདི་རང་དབང་དེ་ང་ལ་མི་འདུག་པས། །
ས་འཁོར་བ་ཡི་སྡུག་བསྔལ་ངས་མི་གླེང་། །
ཡང་དམྱལ་ཁམས་ཀྱི་ལོ་ཟླ་དྲན་མི་འདོད། །
ངའི་མི་ཚེ་ཡི་བསོད་ནམས་ཟད་པ་འདྲ། །
མོ་ཡུགས་མོ་བཞིན་འཚོ་བ་མྱང་དགོས་འདྲ། །
གདོང་མིག་ཆུ་རེ་འཐོར་ཏེ་བས་མཐའ་ནས། །
སྟོན་ལོ་མ་ལྟར་གང་ཞིག་སྤུར་འགྲོ་མིན། །
བཤད་མ་ཚོད་པས་ཡིད་ཐང་སྐྱ་བོ་རེད། །
འབྲོང་དར་མ་ཡི་བརྟུལ་ཞུགས་ལེན་རེ་ལ། །
བུ་ང་ཚོ་ཡིས་སྐྱོང་ནས་འཚོ་དགོས་དུས། །
ས་འཁོར་བ་ཡི་ལམ་ཡང་ཀྱོག་སོང་འདུག །
མ་རྗེ་བཙུན་ཁྱོས་སྤྱན་གྱིས་གཟིགས་ཙམ་མཛོད། །
ཤི་དམྱལ་བ་ཡི་ཡུལ་ནས་མ་བོར་རོགས། །
སྤྱན་དཀྱུས་རིང་སྟེ་པདྨའི་འདབ་མ་དེ། །
སྐབས་ལན་རེ་ལ་ངའི་ཕྱོགས་བཞད་ཙམ་མཛོད། །
ཕྱག་མཉེན་ལྕུག་གིས་ལམ་སྣ་ཁྲིད་དུ་གསོལ། །
གསུང་བྱིན་རླབས་ཀྱི་ཚན་ཁ་མ་ཆུང་རོགས། །
        ༢༠༢༢/༡༠/༩ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

                མི་རྐྱང་གི་ལེའུ།༣

བདུད་རྩིའི་རེག་པ་རེ་རེ་ལ། །
དགྱེས་པའི་ཉམས་འགྱུར་རབ་ཏུ་རྒོད། །
ང་རྒྱལ་སྙེམས་པའི་རབ་ཁ་ནས། །
བོང་བའི་མགྲིན་གླུ་ཟད་པ་མེད། །
ཞལ་སྒོ་འཛུམ་པའི་སོ་ཁ་ནས། །
དབྱངས་ཀྱི་མགུར་མ་ཆེས་ཆེར་འཐོར །
སྤྱན་སྔར་ཟླ་བའི་ཞལ་རས་འཆར། །
མཐའ་བྲལ་ལྷ་ལམ་ཡངས་མོ་ནས། །
ཡངས་བའི་གཤོག་པ་སྲིད་མཐར་རྐྱོང་། །
མུན་སྟུག་ལོ་རབས་ཚིག་ལ་རྒྱུས། །
གཟབ་འཆོས་རེ་བའི་བླ་མཁར་བཞེངས། །
དྲན་པའི་དབར་གྱི་ལས་གྲོགས་ཁྱོད། །
འཁོར་བའི་ཐབ་རྡོ་སྒྲིག་རོགས་ཡིན། །
དུས་ཚོད་ཉི་ཟླའི་འཆར་ནུབ་རེ་རེར། །
འཚོ་བའི་བདེ་སྐྱིད་ཁྱོད་རང་བྱས། །
རྡུལ་བྲལ་གཡའ་དག་མེ་ལོང་ངོགས། །
ལས་འཕྲོའི་འཇའ་རིས་ཡང་ཡང་བཀྲ། །
ཡིད་ཆེས་འབུམ་གྱི་དར་མདུད་དག །
རྡོ་རྗེའི་ཚུལ་གྱི་མགུལ་དུ་རྒྱན། །
སྐབས་རེར་རང་གི་རྣམ་ཤེས་ཀྱང་། །
དུར་ཁྲོད་ནང་ལ་ཁེར་རྐྱང་གནས། །
ཁྲག་གི་རྒྱ་མཚོ་ཡང་ཡང་བརྒལ། །
སྡུག་གི་རྟ་དམག་བཙན་པོས་བཅོམ། །
མི་དགེའི་མེ་ལྕེ་ཡང་ཡང་འབར། །
འཁོར་བའི་རི་དྭགས་རེ་རེ་ལ། །
ལན་ཆགས་བུ་ལོང་ལྕི་མོ་རེ། །
མ་སོད་གཏན་དུ་ཆད་པས་ན། །
བརྩེ་དུང་གཤིན་རྗེའི་ཁྲིམས་ར་ཡི། །
དམར་ནག་དུག་གི་སྡོང་པོ་ལ། །
ཅེར་ནས་སྐྱེ་བ་སྐྱེལ་དགོས་དུས། །
སྤྲིན་གྱི་རྒྱ་མཚོ་རྒལ་བ་ལ། །
ཞེན་པའི་རྩ་བ་ཆད་འགྲོ་འདུག །
གཡུ་ཐོག་ཟམ་གྱི་འགྲམ་ངོགས་ནས། །
བདག་ནི་དགུན་གྱི་རྡོ་བ་ཡིན། །
བརྩེ་དྲུག་ལྷ་ཡི་མིག་གཡང་མ། །
མ་འོངས་གཞུང་གི་མལ་ས་ཡི། །
བདེ་སྐྱིད་ནོར་གྱི་མཛོད་ཆེན་གྱིས། །
སྡུག་བསྔལ་སེམས་ཀྱི་ཁ་གནོན་བྱོས། །
ལུག་ཁྱུ་སྣེ་ཡི་རྫི་གླུ་ཡང་། །
ཁྱོད་རང་ཁོ་ནས་ངག་ཡིན་ཤོག །
ངག་གི་སྡིག་སྒྲིབ་དག་པ་ཡི། །
མཁའ་འགྲོའི་འཕྲིན་གླུ་ཁྱོད་ཉིད་བྱེད། །
དམར་གླིང་དཀར་པོ་ཕྱག་འཛིན་ནས། །
གངས་ཀྱི་རི་བོར་ལོངས་སྤྱོད་ལ། །
འཛིན་པ་འདི་ནི་རབ་ཏུ་རྨད། །
དུས་ཀྱི་ཡོ་ལང་རྒོད་ས་ནས། །
ཁྱོད་ནི་ཨུ་དུམ་ཝཱ་ར་ཡིན། །
བདེ་སྡུག་བྱེ་མའི་ལམ་བུ་ལ། །
རྐང་པའི་རྗེས་ཤུལ་མ་དོད་པས། །
ཁོ་བོའི་ཚེ་མཐའི་མེ་ཏོག་དང་། །
ལྷ་ཡི་ལྡུམ་ར་ཡིན་པ་ངེས། །
   ༢༠༢༢/༡༠/༡༡/ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།