སྣང་བའི་ལམ་སྣེ་སྟོན་མཁན།

དབྱུག་སྲས།(གཞིས་ཀ་རྩེ) 琼迈文学网 2022-11-19
འོ་མཚོའི་རླབས་རིས་འཕྱུར་བའི་བང་རིམ་ནས། །
འདབ་སྟོང་པད་མའི་སྙིང་པོ་ཡར་ལ་བཞེངས། །
ཉི་ཟླ་པད་མའི་ཁྲི་འཕང་སུམ་བརྩེགས་སྟེང་། །
འཆར་ཀའི་ཟོལ་གྱིས་བཏེགས་པའི་ལྷ་མོར་འདུད། །

ཚེ་རབས་ཕྲེང་ཐག་དམ་པོའི་ནུས་མཐུས་བཅིངས། །
མ་འདྲིས་མཛའ་བཤེས་ཆེན་པོས་ཐུགས་སུ་བཀྱིགས། །
བརྗོད་ལས་འདས་པའི་བཀའ་དྲིན་རི་རབ་བཞིན། །
ཟུར་ཙམ་གླེང་བའི་སྤོབས་པ་བདག་ལ་སྩོལ། །

དབྱར་དུས་ཀྱི་གེ་སར་ཟུམ་ཞིང་དགུན་གཞུང་གི་ཁ་བས་བསུ་མ་མ་ཞུས་གོང་། སེམས་ཀྱི་ཟབ་ས་རུ་སྨིན་པའི་ཨུ་དུམ་ཝ་རའི་དྲི་བསུང་སྣོམ་འདོད། ཨུ་དུམ་ཝ་ར་ཁྱེད་ཀྱི་ལྟེ་ཁུང་གི་ཁྲག་ཐིགས་དམར་པོ་པ་སྣམ་རྫོང་དགའ་གདོང་ཞེས་པའི་སྐྱེད་ཚལ་དུ་ལྷོད་ཀྱིས་ཟགས། དེའི་སྐབས་ཟླ་འོད་ཀྱི་གཟུགས་བརྙན་པད་མའི་རྫིང་བུ་རུ་ཟུག་ཅིང་། མེ་ཏོག་གི་དྲི་བསུང་ཕྱོགས་བརྒྱར་འཐུལ། ལྗོན་པའི་ཡལ་འདབ་ཚང་ཚིང་དུ་འཁྲིགས་ཤིང་། ལྷ་ལམ་དབྱིངས་སུ་ཆུ་འཛིན་གྱིས་དབུ་གདུགས་ཕུབ། རི་ལུང་ཡོངས་ལ་གྲུ་ཆར་སིལ་མེར་བབས་ཤིང་། ལྗོན་གསེབ་ནས་ཀ་ལ་པིང་ཀའི་མགྲིན་གླུ་ལེན། ཆུ་ནང་དུ་གསེར་མིག་གི་གཤོག་འགྱུར་བཅས་སྔ་ལྟས་བློ་ཡུལ་ལས་འདས། །

ཆུང་ནས་ཡབ་ཡུམ་གཉེན་གཤིན་རྒྱང་དུ་བསྐྱུར། །
རྒྱུས་མེད་བས་མཐའི་གྲོང་དུ་གཅིག་པུར་བྱོན། །
བཤེས་གཉེན་དམ་པ་ཞྭ་ལྟར་གཙུག་ཏུ་བསྟེན། །
དམ་ཆོས་བདུད་རྩིའི་མཚེའུར་རྐྱལ་བ་མཛད། །

རྣམ་དཔྱོད་གྲི་རྩེ་པོད་ལྔའི་གཞུང་ལ་བརྡར། །
བརྩོན་པའི་གྲུང་ཆེན་མི་ལོ་བསྟུད་མར་བསྟེན། །
འཆད་རྩོད་རྩོམ་པའི་གུར་ཐག་རྒྱང་ལ་འཐེན། །
མཁས་པའི་ཁྲོད་ན་མཁས་པ་ཁྱེད་ཉིད་མཛེས། །

ཨུ་དུམ་ཝ་ར་ཁྱེད་ཀྱི་ཐུགས་ནི་བསླབ་གསུམ་རྒྱལ་མཚན་གྱི་རྒྱན་གྱིས་བརྒྱན། སྐུ་ནི་བླ་གོས། མཐང་གོས། སྣམ་སྦྱར་བཅས་ཀྱིས་ལེགས་པར་སྤྲས། བྱམས་བརྩེའི་བཞིན་གྱི་དཀྱིལ་འཁོར་འགྲིབ་མ་མྱོང་ཞིང་། འགྲོ་བའི་བླ་རུ་འགྱིངས་པའི་ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གི་ཞབས་པད་ཀྱི་རི་མོ་དོད་ས། ཇོ་མོ་གངས་དཀར་མཐོན་མཐིང་རྒྱལ་མོའི་འདབས་ཀ། ཐར་འདོད་སྐྱེས་བུ་ཚོའི་ངལ་གསོའི་བསྟི་གནས། གཙང་ལྗོངས་གདན་ས་བཀྲ་ཤིས་ལྷུན་པོའི་དགའ་ཚལ་ན། ཨུ་དུམ་ཝ་རའམ་མཚན་དངོས་དཀའ་ཆེན་བློ་བཟང་ཡོན་ཏན་ཞེས་སུ་གྲགས། ཁྱེད་ནི་དགེ་འདུན་སྟོང་ཁ་ཙམ་གྱི་དབུས་ན་ཐོས་རྟགས་ཞི་དུལ་དང་། སྒོམ་རྟགས་ཉོན་མོངས་ཟད་པའི་བཞུགས་གྲལ་དུ་ཀུན་ལ་མངོན་པར་མི་གསལ་བའི་ཚུལ་དུ་བཞུགས་ཏེ་མཆིས། །

མདོ་སྔགས་སྤྱི་དང་བརྡ་སྤྲོད་རྣམ་གྲངས་སོགས། །
རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་ཅིང་། །
མ་མཁྱེན་རིག་པའི་རྣམ་གྲངས་གང་དུ་ཡོད། །
རྒྱལ་སྲས་དམ་པའི་སྤོབས་པ་ཁྱེད་ལ་མངའ། །

གཡེང་བའི་དུས་ཚོད་སྐད་ཅིག་ཙམ་ཡང་མེད། །
བཀླགས་པའི་དཔེ་དེབ་གནམ་གྱི་མཐིལ་ལ་ཟུག །
གདན་སའི་དཀའ་ཆེན་གྲྭ་དཀྱུས་བཞིན་དུ་བརྟུན། །
མཁས་བཙུན་ཁྲོད་ན་བཙུན་པ་ཁྱེད་ཉིད་མཛེས། །

དབེན་པའི་རི་འདབས་དང་། ཞིང་གྲོང་དང་ཉེ་བའི་གཞི་དགོན་རྣམས་ལ་སྐུ་ལུས་གསེར་གྱི་སྡོང་པོ་འདྲ་བ་དང་། མཚོ་མོའི་འཇིངས་ལས་ཟབ་སའི་ཐུགས་ཀྱི་དགའ་བ་ཡིད་གཞུང་དུ་བསྒོམས་ཤིང་ངལ་བ་ཁྱད་དུ་བསད། དབང་པོ་ལྡན་ཡང་མནོ་མ་ཤེས་ཀྱི་བྱིས་བློས་ཟིན་པའི་སློབ་གཉེར་བ་བརྒྱ་ཁ་ལོན་ཙམ་ལ་གཞུང་ཆེན་དང་། ལམ་རིམ་བརྡ་དག་སོགས་ཀྱི་སྨན་ཆུ་སྐོལ་བཞིན་ནད་ཀྱིས་སྦྲིད་པའི་བྱིས་པ་དག་གསོ་སྦྱོང་མཛད་དང་མཛད་མུས་ལགས། །

ཉོ་ཐབས་ཟད་པའི་རིན་བྲལ་དུས་ཚོད་དག །
གྲང་རླུང་ལྡང་བའི་མདའ་ཡབ་འདྲ་བའི་ནང་། །
སློབ་བུའི་ཚོགས་ལ་བདུད་རྩིས་བགོ་སྐལ་སྦྱིན། །
དཀའ་སྤྱད་བཟོད་བསྲན་ལོ་དྲུག་སྒང་ལས་འདལ། །

ཤེས་བྱའི་རྩལ་ལ་ནང་བྱན་ལེགས་པར་ཆུད། །
དབྱངས་ཀྱི་ང་རོའི་རྩེ་ནས་གནས་ལུགས་བཀྲོལ། །
སྤྱོད་ཡོན་གཉིས་རྫོགས་རིག་པའི་དཔའ་རྟུལ་ཁྱེད། །
མཁས་མཛངས་ཁྲོད་ནས་མཛངས་པ་ཁྱེད་ཉིད་མཛེས། །

ཐར་འདོད་ཀྱི་སློབ་བུ་མང་པོའི་མི་ཤེས་པའི་ར་སྐོར་དེ་བཤིགས་ཏེ་ཟེར་འོད་ཀྱི་དང་ག་སྦྱིན། མ་རིག་པའི་རྫབ་དོང་དུ་ལྷུང་བའི་ཁོ་པའི་སེམས་ཁ་ལ་བརྒྱད་ལྡན་གྱི་དྭངས་གཙང་ཞལ་ཆབ་ཀྱིས་བཀྲུས། མི་ཤེས་པའི་འཁྱགས་རོམ་གྱིས་སྦྲེབས་པའི་བདག་གི་སེམས་པའི་དྲོད་ཁོལ་དང་སིལ་བུའི་རེག་བྱ་ནི་བཤེས་གཉེན་ཁྱེད་ཡིན། །

མཁས་གྲུབ་དམ་པའི་ལེགས་གསུང་འོ་འཛིན་ལ། །
ཚིམ་མེར་བསྣུན་པའི་མཁྱེན་རྒྱའི་ལྕགས་རི་ནི། །
འདི་ནས་བུད་ཅིང་སྤྲིན་ལམ་ངོས་ལས་བརྒལ། །
ཡིད་ཆེས་དད་པའི་ཡིད་དབང་ཁྱེད་ཀྱིས་འཕྲོག །

བྱམས་རྗེའི་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །
ཡེ་ཤེས་འོད་ཀྱིས་མ་རིག་མུན་འཐིབས་སེལ། །
སྤྲིན་བྲལ་ཟླ་བའི་འོད་བཞིན་འཚེར་བའི་སྲས། །
མི་མཇེད་བརྩེ་བའི་ཀློང་ནས་བདག་སྐྱོངས་ཤིག །
        ༢༠༢༢/༡༡/༡༧ ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྣང་བའི་ལམ་སྣེ་སྟོན་མཁན།

2022-11-19 དབྱུག་སྲས།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།