སོམ་ཉིའི་མདུད་པ།(ཞར་བཀོད་གཅིག་ཡོད)

ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) 琼迈文学网 2022-12-08
གཅིག་པུར་དབེན་པའི་རི་ཁྲོད་དུ།།
སྒོམ་པའི་ལྷ་དེས་ཞལ་ཡང་བསྟན།།
དབྱངས་ཅན་ངང་མོ་འབུམ་ཕྲག་གིས།།
རྗེས་སུ་བཟུང་ཞེས་སྨྲས་ན་ཡང་།།
ངག་གི་རྩ་མདུད་མ་གྲོལ་བར།།
སྙན་པའི་འགྱུར་ཁུགས་ཡོད་དམ་ཅི།།

ལྷ་ཆེན་ཚངས་པའི་ཡི་གེ་རུ།།
སྙན་པའི་གླུ་འདི་ལུང་ཡང་བསྟན།།
འོན་ཀྱང་གསང་བའི་བརྡ་ཐབས་སུ།།
དབྱངས་ལ་འགྱུར་ཁུགས་མི་འདུག་ཅེས།།
མེད་མུག་འདོན་པའི་གླུ་བ་དེའི།།
ཚིག་ལ་འཁྲུལ་བ་ཡོད་དམ་ཅི།།

ཆབ་ཆབ་དེ་ཡི་ཕ་རོལ་ན།།
ཡར་ཆབ་དེ་ཡི་ཚུ་རོལ་ན།།
ཆང་མ་ཡེ་ཤེས་མཁའ་འགྲོ་མས།།
བརྩེ་བ་ཆེན་པོས་གདན་ཡང་དྲངས།།
བཞུགས་གྲལ་སྤྱི་ལ་བལྟས་པ་ན།།
ཨོ་ལོའི་བཞུགས་གདན་ཡོད་དམ་ཅི།།

འདི་ནས་ཡར་ཡར་སོང་བ་ན།།
ཡར་སྟོད་མཐོན་པོ་རྫ་ལ་ཐུག།
རྫ་རི་དཀར་པོ་གངས་ཀྱིས་བཟུང་།།
འདི་ནས་མར་མར་བབས་པ་ན།།
སྨད་ཕྱོགས་གཡུ་མཚོ་སྔོན་མོར་ཐུག།
དེ་རུ་གནས་ཚང་ཡོད་དམ་ཅི།།

ཡར་སྟོད་འབྲོག་གི་ས་ཆ་ན།།
ཁོ་བོའི་ལུག་ཁྱུ་དགོ་དང་འདྲེས།།
ཟ་ཁ་དར་བའི་སྤྱང་ལྟོགས་ཚོགས།།
དེ་བཞིན་ཁོ་བོའི་ལྷས་རར་རྒྱུ།།
དེས་ན་ནགས་ཀྱི་ཤྭ་ན་མོ།།
ཁོ་བོའི་སྒོ་ཁྱིར་ཉན་ནམ་ཅི།།

སྨད་ཕྱོགས་རོང་གི་ས་ཆ་ན།།
ལོ་ལེགས་གསེར་གྱི་སྙེ་མ་གཡོ།།
རྔམས་ནག་སེར་བས་བཅོམ་པ་ལ།།
ཁོ་བོ་རེ་ཞིག་ཐེ་ཚོམ་གྱུར།།
སེར་སྲུང་རྡོ་རྗེ་བདུད་འདུལ་རྩལ།།
དེང་སང་ད་དུང་བཞུགས་སམ་ཅི།།

སྒར་དང་དགོན་པ་ཁྲ་ལམ་མེར།།
གསེར་ཏོག་སེར་པོ་གསེར་ལས་བྱས།།
རྡོ་གཅལ་སྔོན་པོ་གཡུ་ལས་བྱས།།
བཞུགས་གྲལ་སྤྱི་ལ་ས་གདན་བཏིངས།།
ངུར་སྨུག་རྒྱལ་མཚན་འཛིན་པའི་སྡེར།།
ཆོས་ཀྱི་འཆན་ཉན་དར་རམ་ཅི།།

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ན།།
སྐད་རིགས་སྣ་ཚོགས་ཆུ་ལྟར་བཞུར།།
བརྡ་དང་ཐ་སྙད་ཕུན་སུམ་ཚོགས།།
ཨེ་མ་དེ་འདྲའི་ཉམས་སུ་དགའ།།
ཡིན་ཡང་རང་གི་ཕ་སྐད་ཀྱི།།
ངག་གི་རྩ་མདུད་མི་ཁྲོལ་ཅི།།

མེས་པོའི་རིང་གི་རྩྭ་ཐང་དེ།།
དེང་སང་གྲོང་ཁྱེར་ཆེན་པོར་གྱུར།།
དུས་ཀྱི་འགྱུར་བ་ཡིན་ནོ་ཞེས།།
བླ་དཔོན་དག་ཀྱང་གཅིག་ཏུ་སྨྲ།།
ཡིན་ཡང་སྲིད་པའི་རུས་སྦལ་གྱི།།
གཡང་གི་སྦྲ་ནག་ཀ་བརྒྱ་མ།།
ཚ་བོས་ལྟེབས་ནས་གང་ལ་བཞག།

བསྐལ་བ་ཆགས་པའི་དང་པོ་ལ།།
བ་སོ་ཁ་ལ་དར་བའི་དུས།།
རི་དྭགས་མང་པོ་གཡུང་དུ་བཀུག།
སྒོ་རུ་ནོར་ནག་རྡང་གང་བཏགས།།
ལྷས་རུ་སྟོང་ལུག་ཁྱུ་གཅིག་བསྐྱིལ།།
དེ་དག་ཇག་པ་སུ་ཡིས་དེད།།

སྲིད་པའི་བྱང་ཐང་སྐྱ་མོ་ནས།།
རྐྱང་ཁྱུ་ཁྱུ་གཅིག་རྟ་རུ་བཀུག།
སྟོད་ཕྱོགས་འབྲོག་གི་ས་ཆ་ནས།།
རི་སྤྱང་མང་པོ་སྒོ་ཁྱིར་བཀུག།
དེ་ལ་ད་དུང་མནའ་ཡང་བཅད།།
དེ་རིང་མནའ་བཅད་གང་ལ་སོང་།།

ཟས་སུ་ཤ་མར་ཐུད་གསུམ་གྱི།།
རི་རབ་བརྩིགས་ནས་ངོམ་སོ་བྱེད།།
བཏུང་བ་འོ་མའི་རྒྱ་མཚོ་ལས།།
གཡང་གི་འབྲི་མར་སེར་པོ་ལེན།།
གླུ་གར་རོལ་མོས་ཉིན་མཚན་སྐྱེལ།།
མེས་པོའི་སྲོལ་འདི་འཇིག་གམ་ཅི།།

དེ་རིང་ཚ་བོ་ཚ་མོ་ཚོ།།
ལག་གི་ཤེལ་ལེབ་གཅིག་ལ་འཇུར།།
དྲིན་ཅན་ཕ་མར་ཁ་བརྡ་མེད།།
མགྲོན་པོ་ཡོང་ན་བརྩི་བཀུར་མེད།།
ཆེ་ཆུང་མེད་ལ་ངོ་ཚ་མེད།།
དུས་དང་སྐལ་བ་འགྱུར་སོང་ངམ།།

དེ་ལྟར་སོམ་ཉིའི་མདུད་པ་འདི།།
རྒས་དུས་རང་གིས་རང་ལ་བརྒྱབ།།
སེམས་ཀྱི་དྲན་ཤིང་ཡིན་ཤག་བྱས།།
ཡིད་ཀྱི་ཨ་ཐང་ཆད་ཚུལ་བསྟན།།
ཡིན་ཡང་དུས་ལ་སླེབས་ཙ་ན།།
ཟློག་པའི་སྐལ་བ་ཡོད་མིན་ཏེ།།
བརྒྱབ་པའི་མདུད་པ་སུ་ཡིས་བཤིག།
                ༢༠༢༢-༡༢-༨                                                                                            

རྫི་བོའི་སྤྲོ་གླུ

འཛམ་གླིང་ཉི་མའི་དྲིན་ལ།།
འཇིག་རྟེན་འོད་ཀྱིས་གསལ་བྱུང་།།
ཕ་མ་དྲིན་ཅན་ཡིན་པས།།
སེམས་པ་འོད་ཀྱིས་གསལ་བྱུང་།།

མི་ཡུལ་ལུང་པ་འགྲིམ་པར།།
ལྷམ་ཆུང་རྡོག་པ་རལ་འདུག།
ཨ་མ་རྗེ་བཙུན་སྒྲོལ་མ།།
འཚེམ་བུ་རྒྱག་པར་ཕེབས་ཡོང་།།

ཁྱིམ་འདི་ལྷ་ཁྱིམ་གུར་ཁྱིམ།།
གཡང་གི་མཚོ་མོ་འཁྱིལ་ཡོད།།
བུ་མོ་ཚེ་རིང་མཚོ་མོ།།
ཁྱིམ་འདིའི་བདག་མོ་ཉན་ཡོད།།

སྒོ་ན་ཁྲ་ཁྲའི་ཕྱུགས་ཡོད།།
ནང་ན་རིགས་ཀྱི་སྲས་ཡོད།།
འཇིག་རྟེན་ང་དང་རྩོད་རུང་།།
ངས་ནི་རྩོད་དོན་མི་འདུག།

སང་ཉིན་ཉི་རྩེ་རྒྱག་དུས།།
འདོ་བ་རྐྱང་དཀར་ཞོན་ཏེ།།
ལུག་ཁྱུ་སྐར་ཚོགས་འདྲ་བོ།།
དེད་ནས་རི་ལ་བུད་འགྲོ།
       ༢༠༢༢-༡༢-༤

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སོམ་ཉིའི་མདུད་པ།(ཞར་བཀོད་གཅིག་ཡོད)

2022-12-08 ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) ཀློག་གྲངས། མཆན ཡོད།
གཅིག་པུར་དབེན་པའི་རི་ཁྲོད་དུ།།
སྒོམ་པའི་ལྷ་དེས་ཞལ་ཡང་བསྟན།།
དབྱངས་ཅན་ངང་མོ་འབུམ་ཕྲག་གིས།།
རྗེས་སུ་བཟུང་ཞེས་སྨྲས་ན་ཡང་།།
ངག་གི་རྩ་མདུད་མ་གྲོལ་བར།།
སྙན་པའི་འགྱུར་ཁུགས་ཡོད་དམ་ཅི།།

ལྷ་ཆེན་ཚངས་པའི་ཡི་གེ་རུ།།
སྙན་པའི་གླུ་འདི་ལུང་ཡང་བསྟན།།
འོན་ཀྱང་གསང་བའི་བརྡ་ཐབས་སུ།།
དབྱངས་ལ་འགྱུར་ཁུགས་མི་འདུག་ཅེས།།
མེད་མུག་འདོན་པའི་གླུ་བ་དེའི།།
ཚིག་ལ་འཁྲུལ་བ་ཡོད་དམ་ཅི།།

ཆབ་ཆབ་དེ་ཡི་ཕ་རོལ་ན།།
ཡར་ཆབ་དེ་ཡི་ཚུ་རོལ་ན།།
ཆང་མ་ཡེ་ཤེས་མཁའ་འགྲོ་མས།།
བརྩེ་བ་ཆེན་པོས་གདན་ཡང་དྲངས།།
བཞུགས་གྲལ་སྤྱི་ལ་བལྟས་པ་ན།།
ཨོ་ལོའི་བཞུགས་གདན་ཡོད་དམ་ཅི།།

འདི་ནས་ཡར་ཡར་སོང་བ་ན།།
ཡར་སྟོད་མཐོན་པོ་རྫ་ལ་ཐུག།
རྫ་རི་དཀར་པོ་གངས་ཀྱིས་བཟུང་།།
འདི་ནས་མར་མར་བབས་པ་ན།།
སྨད་ཕྱོགས་གཡུ་མཚོ་སྔོན་མོར་ཐུག།
དེ་རུ་གནས་ཚང་ཡོད་དམ་ཅི།།

ཡར་སྟོད་འབྲོག་གི་ས་ཆ་ན།།
ཁོ་བོའི་ལུག་ཁྱུ་དགོ་དང་འདྲེས།།
ཟ་ཁ་དར་བའི་སྤྱང་ལྟོགས་ཚོགས།།
དེ་བཞིན་ཁོ་བོའི་ལྷས་རར་རྒྱུ།།
དེས་ན་ནགས་ཀྱི་ཤྭ་ན་མོ།།
ཁོ་བོའི་སྒོ་ཁྱིར་ཉན་ནམ་ཅི།།

སྨད་ཕྱོགས་རོང་གི་ས་ཆ་ན།།
ལོ་ལེགས་གསེར་གྱི་སྙེ་མ་གཡོ།།
རྔམས་ནག་སེར་བས་བཅོམ་པ་ལ།།
ཁོ་བོ་རེ་ཞིག་ཐེ་ཚོམ་གྱུར།།
སེར་སྲུང་རྡོ་རྗེ་བདུད་འདུལ་རྩལ།།
དེང་སང་ད་དུང་བཞུགས་སམ་ཅི།།

སྒར་དང་དགོན་པ་ཁྲ་ལམ་མེར།།
གསེར་ཏོག་སེར་པོ་གསེར་ལས་བྱས།།
རྡོ་གཅལ་སྔོན་པོ་གཡུ་ལས་བྱས།།
བཞུགས་གྲལ་སྤྱི་ལ་ས་གདན་བཏིངས།།
ངུར་སྨུག་རྒྱལ་མཚན་འཛིན་པའི་སྡེར།།
ཆོས་ཀྱི་འཆན་ཉན་དར་རམ་ཅི།།

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ན།།
སྐད་རིགས་སྣ་ཚོགས་ཆུ་ལྟར་བཞུར།།
བརྡ་དང་ཐ་སྙད་ཕུན་སུམ་ཚོགས།།
ཨེ་མ་དེ་འདྲའི་ཉམས་སུ་དགའ།།
ཡིན་ཡང་རང་གི་ཕ་སྐད་ཀྱི།།
ངག་གི་རྩ་མདུད་མི་ཁྲོལ་ཅི།།

མེས་པོའི་རིང་གི་རྩྭ་ཐང་དེ།།
དེང་སང་གྲོང་ཁྱེར་ཆེན་པོར་གྱུར།།
དུས་ཀྱི་འགྱུར་བ་ཡིན་ནོ་ཞེས།།
བླ་དཔོན་དག་ཀྱང་གཅིག་ཏུ་སྨྲ།།
ཡིན་ཡང་སྲིད་པའི་རུས་སྦལ་གྱི།།
གཡང་གི་སྦྲ་ནག་ཀ་བརྒྱ་མ།།
ཚ་བོས་ལྟེབས་ནས་གང་ལ་བཞག།

བསྐལ་བ་ཆགས་པའི་དང་པོ་ལ།།
བ་སོ་ཁ་ལ་དར་བའི་དུས།།
རི་དྭགས་མང་པོ་གཡུང་དུ་བཀུག།
སྒོ་རུ་ནོར་ནག་རྡང་གང་བཏགས།།
ལྷས་རུ་སྟོང་ལུག་ཁྱུ་གཅིག་བསྐྱིལ།།
དེ་དག་ཇག་པ་སུ་ཡིས་དེད།།

སྲིད་པའི་བྱང་ཐང་སྐྱ་མོ་ནས།།
རྐྱང་ཁྱུ་ཁྱུ་གཅིག་རྟ་རུ་བཀུག།
སྟོད་ཕྱོགས་འབྲོག་གི་ས་ཆ་ནས།།
རི་སྤྱང་མང་པོ་སྒོ་ཁྱིར་བཀུག།
དེ་ལ་ད་དུང་མནའ་ཡང་བཅད།།
དེ་རིང་མནའ་བཅད་གང་ལ་སོང་།།

ཟས་སུ་ཤ་མར་ཐུད་གསུམ་གྱི།།
རི་རབ་བརྩིགས་ནས་ངོམ་སོ་བྱེད།།
བཏུང་བ་འོ་མའི་རྒྱ་མཚོ་ལས།།
གཡང་གི་འབྲི་མར་སེར་པོ་ལེན།།
གླུ་གར་རོལ་མོས་ཉིན་མཚན་སྐྱེལ།།
མེས་པོའི་སྲོལ་འདི་འཇིག་གམ་ཅི།།

དེ་རིང་ཚ་བོ་ཚ་མོ་ཚོ།།
ལག་གི་ཤེལ་ལེབ་གཅིག་ལ་འཇུར།།
དྲིན་ཅན་ཕ་མར་ཁ་བརྡ་མེད།།
མགྲོན་པོ་ཡོང་ན་བརྩི་བཀུར་མེད།།
ཆེ་ཆུང་མེད་ལ་ངོ་ཚ་མེད།།
དུས་དང་སྐལ་བ་འགྱུར་སོང་ངམ།།

དེ་ལྟར་སོམ་ཉིའི་མདུད་པ་འདི།།
རྒས་དུས་རང་གིས་རང་ལ་བརྒྱབ།།
སེམས་ཀྱི་དྲན་ཤིང་ཡིན་ཤག་བྱས།།
ཡིད་ཀྱི་ཨ་ཐང་ཆད་ཚུལ་བསྟན།།
ཡིན་ཡང་དུས་ལ་སླེབས་ཙ་ན།།
ཟློག་པའི་སྐལ་བ་ཡོད་མིན་ཏེ།།
བརྒྱབ་པའི་མདུད་པ་སུ་ཡིས་བཤིག།
                ༢༠༢༢-༡༢-༨                                                                                            

རྫི་བོའི་སྤྲོ་གླུ

འཛམ་གླིང་ཉི་མའི་དྲིན་ལ།།
འཇིག་རྟེན་འོད་ཀྱིས་གསལ་བྱུང་།།
ཕ་མ་དྲིན་ཅན་ཡིན་པས།།
སེམས་པ་འོད་ཀྱིས་གསལ་བྱུང་།།

མི་ཡུལ་ལུང་པ་འགྲིམ་པར།།
ལྷམ་ཆུང་རྡོག་པ་རལ་འདུག།
ཨ་མ་རྗེ་བཙུན་སྒྲོལ་མ།།
འཚེམ་བུ་རྒྱག་པར་ཕེབས་ཡོང་།།

ཁྱིམ་འདི་ལྷ་ཁྱིམ་གུར་ཁྱིམ།།
གཡང་གི་མཚོ་མོ་འཁྱིལ་ཡོད།།
བུ་མོ་ཚེ་རིང་མཚོ་མོ།།
ཁྱིམ་འདིའི་བདག་མོ་ཉན་ཡོད།།

སྒོ་ན་ཁྲ་ཁྲའི་ཕྱུགས་ཡོད།།
ནང་ན་རིགས་ཀྱི་སྲས་ཡོད།།
འཇིག་རྟེན་ང་དང་རྩོད་རུང་།།
ངས་ནི་རྩོད་དོན་མི་འདུག།

སང་ཉིན་ཉི་རྩེ་རྒྱག་དུས།།
འདོ་བ་རྐྱང་དཀར་ཞོན་ཏེ།།
ལུག་ཁྱུ་སྐར་ཚོགས་འདྲ་བོ།།
དེད་ནས་རི་ལ་བུད་འགྲོ།
       ༢༠༢༢-༡༢-༤

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།