བར་སྐོར་གླིང་གི་མེ་ནཱ་ཀའི་གཞས་ཆུང་།

སྦྲང་བུ།(དཀར་མཛེས) 琼迈文学网 2023-01-01
སྤྲིན་པའི་འོག་གི་ཟླ་བའི་ཉམས་འགྱུར་དཔག་བསམ་ལྗོན་པའི་ཟོམ་དུ་འཆར།།
ཞལ་རས་གསལ་བའི་ཚིག་གི་རྨི་ལམ་མཚོ་མོའི་ངོས་ལ་དལ་གྱིས་འཆར།།
གཏམ་གྱི་ཐིག་ལེ་བགྲང་བྱ་བརྒྱད་ཀྱི་ཟླ་བའི་ངག་ཕྲེང་རླུང་བུ་བཞིན།།
རྟ་ཕོའི་འགྲོས་ལ་ནང་སེམས་བརྒྱུས་ཏེ་ཁོ་བོའི་འགྲམ་དུ་སླེབས་པའི་ཚེ།།
གཞས་ཆུང་ཞིག་ལ་མགོ་བོ་གཏད་དེ་ཚིག་གི་པད་མ་ཡིད་ལ་ལྷུང་།།
འོ་ན།
སྣང་སྟོང་གཉིས་ལ་བདེ་བའི་གར།།
འཕྲིན་གྱི་ལགས་ནས་ཞུས་པའི་ཚེ།།
ཡིད་འོང་ནང་གི་རྨི་ལམ་ཁག།
སུམ་རྩེན་ཞིང་ནས་བརྡོལ་བ་འམ།།
ལན་ཆགས་གཙང་བོའི་འོད་ཕུང་དུ།།
ལས་ཀྱི་རྦ་རླབས་གཉོམ་ཆུང་ངང་།།
བོར་བརླག་སོང་བའི་ཡུ་མོ་ལ།།
ཚིག་གི་སྙིང་ཁུ་དལ་གྱིས་སྟེར།།
ཡང་ན།།
རྨི་ལམ་མགོ་མཇུག་གཉིས་ཀྱི་མཐར།།
ཁྲུང་ཁྲུང་རྒས་པའི་ས་སྲོད་དུ།།
རྣམ་ཤེས་འཚོལ་བའི་སྙན་ངག་མཁན།།
བརྩེ་བ་བརྒྱ་རྩ་འབབ་པའི་ངག།
གླེགས་བམ་ཞིག་གི་གཟུགས་སུ་བསྐྲུན།།
དབྱངས་ཅན་ཁྱོད་ཀྱི་མཚོ་མོའི་ཁ་ནས་སྙན་ངག་བརྒྱ་རྩ་བྲིས་པའི་ཚེ།།
ཁྱོད་ཉིད་ལ་ནི་མ་རྙིང་པདྨའི་མདངས་དང་ལྡན་ཞིང་མཛེས་དཔལ་མངའ།།
ཡིད་ལ་བྲིས་པའི་བརྩེ་བའི་རྡོ་བ་དགུན་ཆུ་བཞིན་དུ་འཁྱག་པའི་ཚེ།།
རྨི་ལམ་བྱེ་བའི་གཏེར་གྱི་ཁ་ནས་དབུས་མོ་ཁྱོད་ཀྱི་འཇམ་པོའི་ངག།
བརྩེ་བའི་རྡུལ་ཚོགས་སྒྱུ་འཕྲུལ་སྟེང་དུ་ལྷན་སྐྱེས་ཚུགས་དེ་གསལ་ལེར་མཐོང་།།
ཡང་ན་རྣམ་རྟོག་ཆུ་བོ་འབབ་པ་བཞིན།།
སྣང་བའི་གཙང་བོ་དེ་ཡང་དལ་གྱིས་འཁྱེར།།
སྨུག་ནང་རི་དྭགས་ཤིག་གི་ངང་ཚུལ་འདི།།
ངག་རིག་པད་ཚལ་ནང་གི་ཨུཏྤལ་ལ།།
སྨྲེང་བའི་གླེགས་བམ་མ་བྲིས་ཟླ་བས་ཤེས།།
ཡིད་འཆང་སྤེན་པ་ལྷ་མོ་ཁོང་།།
གར་སྟབས་མྱུར་བའི་ཕྱག་ཟུང་ན།།
ཨུཏྤལ་མདངས་ལྡན་མིག་ཡངས་མ།།
བག་ལྡན་མིག་ཏུ་ལྷུང་བའི་ཚེ།།
མ་ཆགས་ངག་ནས་འདི་ལྟར་རོ།།
ལྷ་ལྕམ་རིན་ཆེན་ལུས་རྒྱན་མ།།
ཤེས་རབ་ཀླུ་རྫོང་དཔལ་མོ་མཁར།།
སྐུ་དྲག་པ་སངས་ནང་སེམས་སུ།།
རླུང་བུ་གཡོ་བའི་གཏམ་རྒྱུད་ལ།།
བློ་འཕྲུལ་ཐབས་དག་མ་ཡལ་གོང་།།
བརྩེ་བའི་གཡུལ་ལ་ཞུགས་པ་གླེང་།།
རྨི་ལམ་རྩེ་རུ་ཟླ་བ་ཁོང་ནི་གར་མ་དབྱངས་ཅན་ཞིག་ཏུ་སྤྲུལ།།
ཞབས་བྲོ་འཁྲབ་ཀྱིན་འདོད་པའི་སྐྱེས་བུའི་ནང་སེམས་ཕྲ་མོ་དལ་གྱིས་བསྒུལ།།
སྐྱོ་སྐྱོ་གནང་བའི་སྐུ་ངོ་དོན་འགྲུབ་མ་སྐྱེས་ཨ་མའི་ཇ་མཁར་དུ།།
གློ་བུར་ཞིག་ཏུ་གདོང་ཐུག་རྒྱག་པས་ཚངས་མགུར་ཚན་པ་ཡིད་ལ་གྱེར།།
གཞོན་པའི་རྨི་ལམ་འཕྲུལ་བའི་སྒང་ནས་སྙན་ངག་ཚན་པ་འབྲི་བར་བརྩམས།།
སྨིན་དྲུག་ལྷ་མོའི་ངག་ནས་བཀྱག།
ཟླ་བའི་ལྷ་མོའི་ཡིད་ཀྱིས་བཀྱག།
ཚིག་ལ་བཏགས་པའི་སྙན་ངག་མཁན།།
འཁོར་བའི་སྟེང་གི་གཡུང་དྲུང་ལ།།
མ་བཅོས་ངག་གི་མགུར་མ་ཞིག།
འདབ་བརྒྱད་ཨུཏྤལ་དྲུང་དུ་སྨིན།།
སྲོད་ཀྱི་ཟླ་བ་འོད་ཟེར་ཆེམ་ཆེམ་ལ་མོ་སྒང་ནས་འཆར་བའི་ཚེ།།
རྣམ་རྟོག་ཆུང་མ་ལྷས་རའི་ནང་དུ་འཕྲིན་པ་བརྒྱ་ཡི་ཕྱི་ནང་དུ།།
བརྩེ་བའི་གདན་ལ་དལ་མོ་བཞུགས་པའི་འབྱུང་འགྱུར་ལམ་བུ་སྔར་ལས་ཟབ།།
ས་ཡི་ཟླ་བའི་ཡིད་འོང་མ།།
བརྩེ་བའི་གདོང་ལ་དྲེག་པ་ཆགས།།
དྲན་པ་བརྒྱ་དང་བརྒྱད་ཀྱི་མཐར།།
ཐང་གི་དངོས་གྲུབ་ས་ཤོར་མ།།
ཟླ་བའི་འཛུམ་ལས་གཞོམ་ཐུབ་བམ།།
གཡུ་ཆུང་ནང་ལ་སྐྱེ་བ་བལྟམས།།
འོད་ཟེར་འཁྱིལ་བའི་མེ་ལོང་དུ།།
ངག་ནི་ཕྲ་བའི་གཉོམ་ཆུང་ངང་།།
ཟླ་བའི་གནས་མལ་མཁའ་རུ་ལྡིང་།།
དབྱངས་ཅན་ངང་མོ་མཚོ་མོའི་ཁ་ནས་བརྩེ་ཆུ་འོ་མ་གཅིག་ཏུ་འདྲེས།།
ཆང་མ་ཡེ་ཤེས་རྗེས་སུ་བཟུང་བའི་ཡར་སྟོད་སྒར་གྱི་ཕོ་བྲང་ལ།།
ཚེ་རབས་མང་པོའི་ལན་ཆགས་དག་ཆེད་སྐར་མའི་སྒང་ལ་གསོལ་བ་བཏབ།།
ཁྱོད་ཀྱི་ལྕེ་ལ་མེ་ནཱ་ཀ།
ཚེ་རབས་འདི་ལ་མཚོ་མོ་འཁྱིལ།།
ཟིལ་བ་བསྒོམས་པའི་ང་རང་ལ།།
གངས་དང་རླུང་བུའི་དྲ་བ་ཕྱེས།།
ཡང་ན།།
སྣང་བའི་གཞི་ལ་ཆགས་པའི་ཚེ།།
མ་རྙིང་ཨུཏྤལ་ཀུན་གསལ་མ།།
ཨུ་དུམ་ཝཱ་རའི་སྐྱེད་ཚལ་ན།།
གཞས་ཆུང་ཁྲ་མོའི་གླུ་སྐད་འདུག།
ལས་ཀྱིས་བསྡུས་པའི་ངག་གི་ཟིལ་བ་བར་སྐོར་གླིང་ནས་ག་ལེར་འཐོར།།
རྫོང་རྒྱབ་ཀླུ་ཁང་མཚོ་མོའི་ཁ་ནས་གཡུ་ཆུང་བརྒྱ་རྩའི་གཏམ་གྱི་དཔེ།།
གླེགས་བམ་ཞིག་ལ་རྣམ་པར་སྤྲུལ་ཏེ་ཡིད་འོང་ལས་ཀྱི་ས་བོན་འདེབས།།
ཨུཏྤལ་འདབ་མ་ཞལ་དུ་བསུ།།
འདབ་མའི་ཟིལ་བ་ངག་ཏུ་འཆང་།།
རྣམ་སྨིན་ནང་གི་མེ་ཏོག་ནི།།
ཐོ་རེངས་ཤིག་ལ་མཐོང་བའི་ཚེ།།
ངལ་དུབ་ཚན་པ་རླུང་ལ་བསྐུར།།
གཞས་ལ་ཁྱོད་རང་བསྐུར་ཆོག།
ཨུ་དུམ་ཝཱ་རའི་གཞུང་གི།།
སྣང་གསལ་ཨུཏྤལ་མེ་ཏོག།
སིང་སིང་རྒྱུད་ཀྱི་པི་ཝང་།།
ག་ལེར་ཁོ་བོས་དཀྲོལ་ན།།
སྨན་ཆུང་ཞིག་གི་ཞལ་རས།།
དགོད་ཙམ་དགོད་ཙམ་ཨེ་བྱུང་།།
ཨུཏྤལ་མདོག་མཛེས་ཁོ་ལག་ཡངས་བའི་ནགས་མའི་ཚལ།།
ཀྱུར་ཀྱུར་སྒྲ་ཡི་ལང་ཚོའི་དཔལ་འབར་ཡང་དག་པའི།།
ལྷ་མོ་གཙུག་གི་རྒྱན་དུ་འབུལ་བའི་སྙིང་གི་གཏམ།།
ཟེའུ་འབྲུ་བཞིན་དུ་བུང་བའི་ཚོགས་ལ་དགྱེས་སོང་ཚེ།།
ཡུན་རིང་ངག་གི་གྲེ་འགྱུར་དེ་ཡི་འཕྱང་འཕྲུལ་ངོས།།
སྤྲུལ་བའི་ལྷ་མོ་སྙན་ངག་མཁན་གྱི་བརྗོད་བྱར་གྱུར།།
ཆུ་སྐྱེས་པདྨའི་མདངས་དང་འགྲན།།
ངག་དབང་ལྷ་ཡི་སྲས་དང་འགྲན།།
དྲུག་འགྱུར་བརྡ་ཡི་གཞས་ཆུང་འདི།།
སྨུག་པོའི་ལ་ཡི་ཕར་ནང་ན།།
ཉིན་ཞག་སྟོང་ལ་གྲགས་པའི་གཞས།།
ཟླ་བ་སྒྲོལ་མས་བླངས་སམ་ཅི།།
བར་སྐོར་གླིང་གི་རྟེན་འབྲེལ་བཅུ་གཉིས་འཁོར་ལོ་རུ།།
མེ་ལོང་ངོས་ཀྱི་རི་མོ་བསྒྲིགས་པའི་ཆོ་འཕྲུལ་དེ།།
སྨུག་པོར་ཆགས་པའི་ཕོར་བ་དེའི་ནང་ཕབ་པའི་ཚེ།།
གཞས་ཀྱི་ལ་མོ་ནང་སེམས་བར་ནས་སྙན་ལྷང་ལྷང་།།
ལྷ་སའི་གཞུང་གི་གླེགས་བམ་སེར་པོ་མ་ཐེད་གོང་།།
ཁྱོད་ལ་བསྐུར་བའི་ངག་གི་འཕྲིན་པ་ལག་ཏུ་ཐོགས།།
            2022 12 25

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བར་སྐོར་གླིང་གི་མེ་ནཱ་ཀའི་གཞས་ཆུང་།

2023-01-01 སྦྲང་བུ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།