སྐྱེས་བཟང་པདྨ་དཀར་པོ་ལ་བསྔགས་པ་ཚངས་ཆེན་མྱོས་པའི་དྲུག་འགྱུར།
སྟོད་ཆ།
མུན་པའི་རྫོང་ན་གསལ་བའི་སྒྲོན་མེ་སྦར། །
བཀྲེས་པའི་འགྲོ་ལ་ཟས་ཀྱི་དྭངས་མ་གནང་། །
ཐུགས་རྗེའི་ཆར་རྒྱུན་འབེབས་ལ་མི་ངལ་བའི། །
བདག་གི་སྟོན་པ་བདག་གི་འདྲེན་པ་ཉིད། །
རང་ལ་བདེ་སྡུག་སྣང་བ་གང་འཆར་བ། །
གཞན་ལའང་བཟང་ངན་ཚོར་བ་རྣོ་ཞེས་ཟེར། །
རང་གཞན་སྐྱིད་སྡུག་མཁྱེན་པའི་བཤུལ་ལམ་ནས། །
འགྲོ་ཀུན་འཚེ་མེད་སྨྲ་བའི་སྐྱེས་བུར་འདུད། །
བདག་སྙིང་དད་གསུམ་རྩིབས་སྟོང་འཁོར་ལོའི་འདབ། །
གཡས་སུ་བསྐོར་མཛད་འདྲེན་མཆོག་མཁྱེན་བརྩེའི་གཏེར། །
ས་ལ་དགེ་བཅུ་ཚང་བའི་གནས་དེ་རུ། །
ཞབས་སེན་རེ་ཁཱ་ཀུན་ནས་འཁོད་གྱུར་ཅིག །
བསྡུས་གྲྭ་ནས་བཟུང་དབུ་ཕར་མཛོད་འདུལ་སོགས། །
ཚིག་དང་དོན་གྱི་དཀའ་གནད་རེ་རེ་ལ། །
པད་མའི་ཚལ་ན་རྐང་དྲུག་རྩེད་འཇོ་བཞིན། །
མ་ལུས་ཐུགས་སུ་ཆུད་ལ་གུས་པས་འདུད། །
རྒྱལ་བསྟན་བཤད་སྒྲུབ་རིན་ཆེན་ཚུལ་བཞིན་བཟུང་། །
རང་སེམས་ཤེལ་དཀར་དྲི་མེད་ནམ་མཁའ་ལ། །
ཆོས་ཀྱིས་ཕྱུག་ཀྱང་ཆེ་ཚུགས་མི་མངོན་པའི། །
ཨ་དཀར་དྲི་མེད་མཁྱེན་བརྩེའི་ཞབས་ལ་འདུད། །
འདོད་འཇུག་རྡུལ་གྱི་རྙོག་མ་རབ་བགྲུངས་པས། །
འདམ་གྱི་མ་གོས་འདམ་སྐྱེས་པད་མ་བཞིན། །
བརྩེ་བའི་འདབ་ལོ་ཕྱོགས་སུ་བཞད་པ་ན། །
ཨ་ཁྱུང་ཡུལ་དུ་སྔར་མེད་མཛེས་པ་འཕེལ། །
མི་བཟད་སྙིགས་མ་ཆེས་ཆེར་བདོ་བའི་དུས། །
དུས་ངན་རྡུལ་གྱི་ངལ་བ་ལྷུར་བླངས་ནས། །
བསྟན་སྲིད་ཀ་བ་སྐྱོར་བའི་སེམས་དཔའ་དེའི། །
སྐུ་ཚེ་བསྐལ་བའི་བར་དུ་བརྟན་གྱུར་ཅིག །
རིགས་ཀྱི་སྒལ་ཚིགས་ལྕགས་ཀྱི་རུས་པ་ཅན། །
བསྟན་པ་ཟེར་ནས་མི་རིགས་མ་སྤངས་ཤིང་། །
མཐའ་བྲལ་དབུ་མའི་ལམ་ལ་གནས་མཁས་པའི། །
ལྗོངས་འདིའི་མིག་གཅིག་དཔལ་ལྡན་བླ་མར་འདུད། །
རྣམ་དཔྱོད་དལ་འཛིན་ཡུར་བ་རིང་མོ་ནས། །
ལེགས་བཤད་འོ་མའི་ཆུ་གཏེར་འདྲེན་མཁས་པ། །
གང་ལ་གང་འདུལ་དེ་ལ་དེར་སྟོན་མཁན། །
མཁས་མཆོག་དཔའ་བོ་ཁྱེད་ལ་སྙིང་ནས་གུས། །
ཀློང་ཆེན་པ་ཡི་གདུང་འཚོབ་དམ་པ་དེ། །
ངུར་སྨྲིག་ཆོས་གོས་གསེར་མདོག་ཞྭ་གསོལ་ནས། །
རྨོངས་མུན་སྟུག་པའི་བདག་འདྲ་སད་ཕྱིར་དུ། །
ཞབས་ཟུང་གཡོ་མེད་རྟག་ཏུ་གནས་གྱུར་ཅིག །
སྨད་ཆ།
ལྔ་ལྡན་དུས་ཀྱི་མཐའ་འདིར་བསྟན་འགྲོའི་དོན། །
བསྒྲུབ་ལ་ངལ་ཞིང་དུབ་པའི་རྔུལ་ཆུ་ཡི། །
ཐིགས་པ་རེ་རེའི་རིན་ཐང་གཞལ་དཀའ་བའི། །
རླབས་ཆེན་མཛད་པར་བསྔགས་སོ་རྒྱལ་བའི་སྲས། །
འདོད་དང་ཆགས་པའི་ཀུན་སློང་མི་འདུག་པར། །
ལོངས་སྤྱོད་དམ་སྡོམ་སེར་སྣ་ཡོངས་སྤངས་ནས། །
གཞན་གཏོང་གོམས་པའི་བློ་ཡིས་ཡོངས་ཟིན་པའི། །
སྦྱིན་པ་མཐའ་རུ་ཕྱིན་པའི་བླ་མ་མཁྱེན། །
ཚུལ་བཞིན་སྒོམ་པའི་བདེ་གསལ་ཏིང་འཛིན་གྱི། །
རི་ཡི་དབང་བོ་ཇི་བཞིན་བརྟན་པར་གྱུར། །
ཞི་དུལ་བག་ཡོད་རྒྱལ་སྲས་སྤྱོད་པ་ཡིས། །
དྲེགས་ལྡན་སྐྱེ་བོའི་ཁེངས་པ་འཕྲོག་པར་བྱེད། །
ཁས་བླངས་འདུལ་བའི་བཅས་མཚམས་ཕྲ་མོ་ནས། །
ཉེས་སྤྱོད་དྲེག་པ་སོགས་ཀྱིས་མ་གོས་པར། །
གྲངས་མེད་སེམས་ཅན་དོན་ལ་མཆོག་བརྩོན་པའི། །
ཚུལ་ཁྲིམས་མཐའ་རུ་ཕྱིན་པའི་བླ་མ་མཁྱེན། །
ཕ་རོལ་རྒོལ་བས་ངན་སྨྲས་ལ་སོགས་ཀྱིས། །
དམོད་ནས་ཇི་ལྟར་གཙེ་བར་བྱས་ཀྱང་རུང་། །
རྒོལ་ངན་སྦྱིན་སྐྱེས་མཚོན་མདས་མི་ཕོག་པར། །
དྲང་སྲོང་ཐུབ་པའི་བརྟུལ་ཞུགས་དང་དུ་བླངས། །
ཚིག་རྩུབ་སྨྲས་ལ་རྣ་བ་མི་གཡེང་བར། །
ཚུལ་མིན་ཚོགས་ལ་ལྗགས་རྩེ་མི་གཡོ་བ། །
གང་ཡང་དང་ལེན་ལྷག་བསམ་ཀློང་ན་གནས། །
བཟོད་པ་མཐའ་རུ་ཕྱིན་པའི་བླ་མ་མཁྱེན། །
དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་ཡང་། །
ལུས་ན་སེམས་དང་སེམས་ན་ཚུགས་ཡོད་པས། །
རྣམ་གཡེང་མེད་པའི་དགེ་སྦྱོར་ངང་གིས་འཕེལ། །
ཆོས་བརྒྱད་སེམས་ཀྱི་དྲི་མ་དྲུང་ནས་བསལ། །
ཆོས་ལ་ཕྱི་བཤོལ་ལེ་ལོ་ཡོངས་སྤངས་པས། །
ངེས་མེད་འཁྱམ་སྐྱོད་རྣམ་གཡེང་གིས་མི་བཟད། །
ཆོས་ལ་ཆོས་ཤེས་སྤྲོ་སེམས་རབ་འཕེལ་བའི། །
བརྩོན་འགྲུས་མཐའ་རུ་ཕྱིན་པའི་བླ་མ་མཁྱེན། །
ཞི་བའི་བཙན་ས་ཟིན་པའི་སྒོམ་ཆེན་པ། །
སེམས་ལ་ཤིན་སྦྱངས་བདེ་བ་ཁྱད་པར་ཐོབ། །
མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ། །
ཐོས་དོན་རྒྱུད་ལ་སྦྱོར་བའི་མངོན་རྟགས་ཡིན། །
དམུ་རྒོད་སེམས་ཀྱི་རྟ་ཁ་དཀྲིས་པ་སྟེ། །
རྩེ་གཅིག་ཞི་བར་གནས་ཀྱི་སྒ་སྲབ་གཏད། །
ཞི་བའི་ཐང་ལ་བང་གི་མཆོང་འགྲོས་ཀྱིས། །
བསམ་གཏན་མཐའ་རུ་ཕྱིན་པའི་བླ་མ་མཁྱེན། །
ཆོས་ཚུལ་ཟབ་མོའི་དོན་ལ་དཔྱད་པ་བཏང་། །
སྟོང་དང་རྟེན་འབྱུང་སྨྲ་བའི་དབང་རྫོགས་པ། །
ལྟ་བའི་གནད་དག་རྗེན་པར་སྟོན་མཁས་པའི། །
རྟེན་འབྲེལ་རིག་པའི་རྒྱལ་བོ་ཁྱེད་མིན་སུ། །
ཆོས་དང་ཆོས་མིན་ཆུ་དང་འོ་མ་བཞིན། །
རྨོངས་སྐྱོགས་ནང་དུ་ལྷན་དུ་འགྲིག་པ་ན། །
སོ་སོར་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །
གཞིབ་པར་མཁས་པའི་དྲིན་ལྡན་བླ་མ་མཁྱེན། །
ཕྱིན་དྲུག་མེ་ཏོག་དྲི་བསུང་རང་དུ་འཁྱིལ། །
བསྡུ་བཞིའི་ཆུ་མོའི་ཟིལ་བ་ཁྲོམ་མེར་བ། །
རང་གཞན་ཀུན་ཏུ་སྨིན་པའི་འབྲས་བཟང་ཁྲོད། །
ཞི་བར་རྟག་ཏུ་གནས་པའི་བླ་མ་མཁྱེན། །
གངས་རི་དཀར་བོས་ཡོངས་བསྐོར་སྨན་ལྗོངས་ཀྱི།།
འགྲན་པའི་ཟླ་བྲལ་མཆོག་སྤྲུལ་རིན་པོ་ཆེ།།
ཉི་ཟླའི་རྣ་ཆ་སྒྲོན་པའི་ལྷུན་པོ་བཞིན།།
ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།
༢༠༢༢ - ༡༡ - ༡༠ཉིན་བྲིས།
༢༠༢༢ - ༡༡ - ༢༣ ཉིན་བསྐྱར་དུ་བཅོས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།