ཆུང་གྲོགས་བྱུར་དམར་མེ་ཏོག

ལྡོང་བཙུན་པ།(མང་རྫོང) 琼迈文学网 2023-01-21
ལོ་ཟླ་ཅི་འགོར་མཛུབ་རྩེར་མི་བགྲང་མཛུབ་མོ་ཆད་ལ་དོགས་པ་ཆེ།།
དྲན་གདུང་ཟབ་མིན་ལྷག་ཏུ་མི་བརྗོད་ད་ནི་འཆི་བར་ཐེ་ཚོམ་མེད།།
ཁྱོད་ཀྱི་མིང་ནས་གཟུང་བར་མི་བྱ་སྐྱོ་སྡུག་གྲིབ་མས་གསོད་རྩིས་རེད།།
ཁེར་རྐྱང་འཚོ་བར་སུན་སྣང་ཆེ་ཡང་འདི་ལྟར་མི་སྡོད་ཐབས་གཞན་ཅི།།
 
ང་ཡི་སྙན་ངག་སྙན་པ་མཐར་ཐུག་སྤྲིན་གྱི་ཕོ་ཉའི་རྗེ་བོ་ཉིད།།
ང་ཡི་སེམས་ཉིད་ཆུ་འཛིན་དཀར་བོ་རྣམ་དག་སེམས་འདི་ཁྱེད་ལ་ཕུལ།།
ཡིན་ཡང་ཁྱེད་ཀྱི་ཐུགས་བློ་མི་འགྱུར་གོར་མོ་རྡོ་ལས་གྲུབ་ཡོད་སྟབས།།
བརྩེ་བའི་སྦྲང་ཆར་ཐེངས་བརྒྱར་དྲངས་ཀྱང་ཁྱེད་ཀྱི་སེམས་རྩ་བརླན་མ་ཐུབ།།
 
དོ་དགོང་མཁའ་ན་ཟླ་འོད་གསལ་ཡང་རང་སེམས་མུན་པས་རབ་ཏུ་གདུང་།།
འཇམ་པོ་རླུང་གིས་སེམས་གསོ་བྱེད་ཀྱང་བདག་ཡིད་སྔོན་ལས་ལྷག་ཏུ་སྐྱོ།།
རྒྱུ་སྐར་སྣ་ཚོགས་སྔོན་དུ་ཕེབས་ནས་དགའ་སྤྲོའི་བཞད་གར་འཁྲབ་མོད་ཀྱང་།།
གཅིག་བུར་ལུས་པའི་བདག་གི་སེམས་འདི་མུན་པའི་ཀློང་ན་ངུ་བཞིན་ཡོད།།
 
ཟླ་བ་གཅིག་དང་གཉིས་ཙམ་མ་ཡིན་ལོ་ཟླ་རིང་མོའི་འཁོར་བསྐྱོད་འོག།
མིག་ཆུ་གཅིག་དང་གཉིས་ཙམ་མ་ཡིན་ལྡེམ་མེར་འཁྱིལ་བའི་མཚོ་མོ་ཀན།།
སྙིང་རྗེའི་སྤྱན་ཟུང་ཡངས་པོར་ཕྱེ་ལ་ལྷག་བསམ་དྲོན་མོས་གཟིགས་དང་ཀྱེ།།
མ་ཕམ་གཡུ་མཚོ་ཞེས་སུ་གྲགས་ཀྱང་ང་ཡི་དྲན་གདུང་མིག་ཆུ་ཡིན།།
 
མཚམས་སྤྲིན་སྨིན་མས་ནམ་མཁའི་བྱད་ལ་སྐྱོ་གདུང་རི་མོ་བྲིས་པ་ནས།།
ཟླ་བའི་མིག་ཀོང་མཆི་མས་བརླན་ཏེ་མཁའ་བསྐྱོད་མ་ནུས་རི་ལ་ཡིབ།།
སྐར་མའི་ལུག་ཁྱུ་བཤུམས་པའི་སྐད་ཀྱིས་བདག་སེམས་ནོར་འཛིན་ཡོམ་ཡོམ་བསྒུལ།།
གསོན་ལ་རེ་བའི་ཁོ་ཐག་ཆད་དེ་རང་མགོ་ཕ་བོང་རྡོ་བ་གཞུས།།
 
སུ་ཡི་ཆེད་དུ་སུ་ཞིག་བསམས་ནས་ངོ་ཚའི་ཟློས་གར་གཅེར་བུར་འཁྲབས།།
གང་གི་སླད་དུ་གང་ཞིག་བཤད་ནས་གཞན་སེམས་སུན་པའི་སྒོ་མོ་བརྡུངས།།
ཁྱོད་ཉིད་འབའ་ཞིག་འཐོབ་པའི་སླད་དུ་བདག་གིས་ཅི་ཡང་བློས་བཏང་མོད།།
ཆ་རྒྱུས་མེད་སྟབས་ཡིད་ཆེས་མ་བྱུང་མཐའ་མར་ཕམ་ཁས་མཇུག་བསྡུས་སོ།།
 
དོ་དགོང་མཁའ་ཡི་ཟླ་འོད་གསལ་ཡང་ཟླ་བའི་འོད་ཟེར་མཆི་མས་བསྒྲིབས།།
དོ་དགོང་སེམས་སུ་སྡུག་བསྔལ་མོད་ཀྱང་སེམས་གཏམ་ཤུགས་གླུ་སུ་ལ་འཐེན།།
བརྩེ་བའི་ངག་གིས་ཐེངས་བརྒྱར་བོས་ཀྱང་ཨ་ལན་རྟ་རྔ་ཙམ་མེད་པ།།
རྡོ་བ་འཁྱག་པོའི་སེམས་པ་ཅན་ཁྱོད་ཚེ་རབས་བརྒྱ་ཡི་དྲན་ཤིང་ཡིན།།
 
སོ་སོར་གྱེས་པའི་ལོ་ཟླ་འདི་གར་ཁྱེད་ཀྱི་བདེ་སྡུག་ཐོས་མ་བྱུང་།།
རྒྱལ་ཁམས་ནད་ཀྱིས་ཆེ་ཆེར་གདུང་སྐབས་ཁྱེད་ཀྱི་སྐྱིད་སྡུག་སུ་ལ་རེ།།
ཕན་ཚུན་མཐུན་པའི་གཏམ་རྒྱུད་མེད་ཀྱང་རང་སེམས་ཁྱེད་ལ་སྔར་བཞིན་འཁྲེང་།།
ཆུང་གྲོགས་བྱུར་དམར་མེ་ཏོག་ཁྱེད་ཉིད་ང་ཡི་བསྐལ་བའི་བརྗོད་བྱ་ཡིན།།
 
ལས་དབང་གནམ་གྱི་བཀའ་ཆད་ཡིན་ནམ་མ་ཤི་གསོན་བྲལ་སྐྱོ་བས་གཟིར།།
ལས་ཀྱི་རྣམ་པར་སྨིན་པ་ཨེ་ཡིན་འུ་གཉིས་འདི་ལྟར་གྱེས་པས་གདུང་།།
གལ་ཏེ་ཕྱི་མའི་ལས་ཤིག་ལགས་ཚེ་འཆི་བྲལ་བྱེད་ན་མ་གཏོགས་པ།།
གསོན་བྲལ་སྡུག་བསྔལ་དང་དུ་མི་ལེན་སྨོན་ལམ་གཙང་མས་དམ་བཅའ་འཇོག།
 
འདས་ཟིན་ལོ་ཟླའི་ཕམ་ཁ་དྲན་ན་མིག་མཐའི་གཙང་བོ་འགོད་དཀའ་ཡང་།།
ཚོགས་པར་ཕྱུང་བའི་གཏམ་གླེང་འདི་ནི་གང་དེ་འཆི་ཁའི་ཁ་ཆེམས་ཡིན།།
ནད་མེད་འཁུན་སྒྲའི་གདུང་བ་མ་ཡིན་མ་བཅོས་བརྩེ་བའི་རང་མདངས་ཡིན།།
ཆུང་གྲོགས་བྱུར་དམར་མེ་ཏོག་ཁྱེད་ཉིད་ང་ཡི་འཚོ་བའི་སྙིང་བོ་ལགས།།
 
ཐོག་མའི་བག་ཆགས་སྙིང་ལ་བསྒོམས་ནས་ཁྱེད་ལ་ཕྱི་ཐག་དམ་ཚིག་བཞག།
ང་ལ་ཕམ་ཁའི་གཏམ་རྒྱུད་མང་ཡང་དུང་སེམས་མཚོ་མོ་ནུབ་མྱོང་མེད།།
ཕྲག་དོག་མི་ཁའི་རླུང་ཆེན་དབུས་ནས་ད་དུང་ཁྱོད་ལ་བརྩེ་གླུ་བླངས།།
ཡང་ཡང་འདི་དག་སེམས་སུ་འཁོར་ཚེ་རང་ཡང་རང་ལ་ཡིད་རེ་མུག།
 
འདི་ཀུན་གཞོན་པའི་གཏམ་རྒྱུད་ལགས་ཏེ་རྟིང་མའི་ལས་ཀྱི་སྐད་ཆ་མིན།།
བཙུན་པའི་གཏམ་ལ་ཆགས་པས་སྦགས་ཞེས་ཁ་སྨྲས་འཁོར་ལོ་བསྐོར་དགོས་མེད།།
སོ་སོའི་འདས་ཟིན་བྱིས་པའི་བྱུང་བ་མ་གསང་དྲང་བོས་བརྗོད་པ་ཙམ།།
སྡང་བའི་ཚོགས་ཀྱིས་གད་སྙིགས་སྣོད་ལ་མ་བལྟས་འཕངས་ཀྱང་བློ་འགྱོད་མེད།།
 
ཆུང་སྐྱེས་ཆུང་གྲོགས་མེ་ཏོག་ཁྱེད་ལ་ཨོ་ལོས་ཕན་པའི་ཚིག་འགའ་ཞུ།།
ལས་ཀྱི་བཀའ་དང་འཕྲལ་གྱི་རྐྱེན་གྱིས་དེ་ལྟར་སོ་སོར་གྱེས་ན་ཡང་།།
དམ་ཆོས་དགོས་འདོད་ནོར་བུ་བསྒྲུབས་པས་ངོས་རང་ཁྱེད་ལས་ཕྱུག་ཙམ་ཉིད།།
རིན་ཆེན་ནོར་བུ་ཡ་མེད་ཁ་ཤས་ཁྱེད་ལ་མི་ཚེའི་རྟེན་དུ་སྤྲིངས།།
                                        
ཐུང་བའི་མི་ཚེ་མཚན་ཐུན་གཅིག་ཙམ་འུ་གཉིས་འགྲོགས་ཡུན་ག་ཚོད་ཅིག།
བཤད་པའི་སྙིང་གཏམ་མང་རབས་ཟེར་མོད་ག་ལེར་བསམས་ན་ཉུང་དྲགས་པ།།
ནམ་ཞིག་ཁ་སེམས་འཕྲད་དབང་མེད་པར་ངོས་རང་འཆི་བས་བསླུས་ཙ་ན།།
བདེ་སྐྱིད་གནམ་ལ་རེ་ནས་མ་སྡོད་གཏན་བདེའི་འབྱུང་གཞི་དམ་ཆོས་སློབས།།
 
མི་རྟག་འཆི་བའི་རླུང་དམར་དབུས་ན་འུ་ཅག་སུ་ཡང་ཉམ་ཆུང་བ།།
ལྷེམ་ལྷེམ་གཡོ་བའི་མར་མེ་ནང་བཞིན་སུ་ལ་གཏན་སྡོད་གནས་མལ་ཡོད།།
ནམ་ཞིག་ངེས་མེད་འཆི་བདག་བསླེབས་ནས་བདག་ཀྱང་ཁྱོད་དང་བྲལ་གྱུར་ན།།
བློ་འགྱོད་བཅོས་མའི་མཆི་མ་སྐམ་པོས་ང་ལ་སྐྱེལ་མ་མི་གནང་རོགས།།
 
ཕ་རོལ་མི་ཡི་གཡོ་འཁྲུལ་ཞགས་པ་ག་དུས་ཁྱོད་སར་འཕངས་ན་ཡང་།།
ཁ་ཕྱོགས་བརྟན་པོས་ཡ་རབས་གོམས་གཤིས་རྟག་ཏུ་རང་གི་བུ་བཞིན་སྐྱོངས།།
གཞན་གྱི་ཅི་འདོད་ཁོ་ན་བསམས་ནས་རང་གི་བདེ་སྐྱིད་བརླག་མིན་པར།།
རང་ཉིད་རང་གི་མགོན་དུ་སོམས་ལ་ཕུགས་བསམ་རིན་ཆེན་དོན་དུ་གཉེར།།
 
ངང་རྒྱུད་བཟང་བོས་འཕྲལ་ཕུགས་བྱ་བ་མངོན་ལྐོག་མེད་པར་བསྒྲུབ་ལ་འབོད།།
མཛའ་བཤེས་གྲོགས་ལ་ཕྱི་ཐག་བརྟན་པོའི་ཕན་པའི་སེམས་ཀྱིས་གཉོར་སྐྱོང་གནོངས།།
དྲང་བོའི་ལམ་ནས་རྒྱུ་འབྲས་བཀོད་པ་དཔྲལ་བའི་མིག་བཞིན་བསྲུང་བ་གལ།།
དེ་ལུགས་མཛད་པའི་སྐྱེ་བོ་ཀུན་ལ་ཡང་དག་ལམ་གྱིས་སུན་མ་བྱ།།
 
ད་དུང་ཁྱོད་ལ་ཤ་ཚའི་གཏམ་འགའ་ཟབ་དོན་ཚིག་གིས་མི་བསྒྲིབ་པར།།
ལྷུང་ལྷུང་འབབ་པའི་རྫ་ཆུ་ནང་བཞིན་རང་སེམས་བཅོས་མས་མི་བསླད་པར།།
ཆུང་གྲོགས་བྱུར་དམར་མེ་ཏོག་ཁྱེེད་ལ་མ་ཤི་གསོན་བྲལ་ཁ་ཆེམས་སུ།།
ཨོ་ལོས་ཚིག་གསུམ་ཞུ་དགོས་ཟེར་ན་ཁྱེད་ཀྱི་སྙན་ཟུང་གཏོད་དམ་ཅི།།
 
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་རྒྱུ་དཔེ་ངོ་བོ་གང་ཐད་ནས།།
ཤིན་ཏུ་རྙེད་པར་དཀའ་ལུགས་ཟབ་མོའི་མདོ་རྒྱུད་དག་ན་མང་དུ་གསུངས།།
ཚུལ་དེ་བསམས་ནས་འདི་ཕྱིའི་ལམ་རྒྱགས་དམ་ཆོས་དགོས་འདོད་ནོར་བུ་གསོགས།།
བྱང་ཆུབ་སེམས་ལ་བློ་སྣ་ཕྱོགས་ཤིག་དོན་གཉིས་རྫོགས་པའི་དངོས་རྒྱུ་ཡིན།།
 
འཁོར་བའི་ལས་ཀུན་འབད་པས་བསྒྲུབས་ཀྱང་དུག་སྦྲུལ་འོབས་ཡིན་མཐའ་མར་བསླུ།།
འཇིག་རྟེན་ཕུན་ཚོགས་མིག་ལ་མཛེས་ཀྱང་ནམ་ཟླའི་དཔལ་བཞིན་ཡལ་ལ་ལྟོས།།
རྒྱུ་འབྱོར་ལོངས་སྤྱོད་གཏེར་དུ་སྤུངས་ཀྱང་ཕྱི་མའི་ཡུལ་ལ་འཁྱེར་དབང་མེད།།
སྐྱེ་གནས་འཇིག་པའི་ཆོས་ལས་མ་འདས་འདུས་བྱས་ངོ་བོ་མཁྱེན་པར་མཛོད།།
 
དགེ་བའི་ལས་ལ་བརྩོན་པས་གཞོལ་དགོས་དགེ་བས་མཐོ་རིས་ཐར་བ་འགྲུབ།།
སྡིག་པས་ཕྱོགས་ལ་འབད་པས་འཛེམ་དགོས་སྡིག་པས་ངན་འགྲོ་འཁོར་བར་ལྟུང་།།
དགེ་སྡིག་ཅི་བྱས་རྒྱུ་འབྲས་བསླུ་མེད་བསྐལ་བའི་ཡུན་དུ་སྨིན་ངེས་པས།།
མི་དགེ་ལས་རྣམས་ཅི་ནུས་སྤོངས་ལ་གཏན་གྱི་བདེ་བ་སྒྲུབས་ཤིག་གུ།།
 
མི་རྟག་ཚེ་འདིའི་བྱ་བ་སྣ་ཚོགས་གཞན་བཤད་ཟེར་སྒྲོས་ཁོ་ན་ཡི།།
རྗེས་སུ་བསྙེགས་ནས་ལག་ལེན་མ་བྱ་རང་གིས་དངོས་སུ་བརྟག་ལ་འབོད།།
དེ་ལྟར་འབད་པས་ཚེ་འདིའི་སྣང་ཤེས་དོན་གྱིས་མི་རྟག་ངེས་ཤེས་འབྱུང་།།
དེ་བཞིན་ལགས་ན་ཉམས་ལེན་འོང་གིས་འཕྲལ་ཕུགས་དོན་ཡང་རིམ་གྱིས་རྫོགས།།
 
མི་རྟག་འཆི་བ་གྲིབ་མ་ནང་བཞིན་རང་གཞན་སོ་སོའི་རྗེས་སུ་བདོག།
ནམ་འཆི་ངེས་མེད་ཚུལ་ལ་གཟིགས་དང་རྒན་གཞོན་དབྱེ་བ་དེ་ལ་མེད།།
འདུས་བྱས་དངོས་ལ་ཞེན་ཐག་མི་ཆོད་རྟག་འཛིན་ཅན་ལ་བརྒོལ་བའི་ཕྱིར།།
བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཚོགས་ཀྱང་གཤེགས་ལ་ལྟོས།།
 
འཆི་བའི་རྐྱེན་ནི་རྡུལ་གྱི་གྲངས་མཉམ་གསོན་རྐྱེན་དེ་ལས་ཤིན་ཏུ་ཉུང་།།
ཁ་སང་སྐྱིད་པའི་གཞན་དག་འགྲོ་རྣམས་དེ་རིང་འཆི་བའི་ཚུལ་ལ་སོམས།།
མི་ཚེ་ཟེར་ཡང་སྤྲིན་པ་ལྟར་རེད་གར་འགྲོ་ནམ་འཇིག་ཆ་མེད་རེད།།
ལུགས་དེར་དགོངས་ནས་ལུང་རྟོགས་གཉིས་བསྡུས་དམ་པའི་ཆོས་ཀྱི་ལམ་ཆེན་སྙོགས།།
 
དུས་ངན་སྙིགས་མའི་འཇིག་རྟེན་འདི་རུ་ལྷ་མཐོང་འདྲེ་འདུལ་ཡིན་ནོ་ཞེས།།
ཉམ་ཆུང་འགྲོ་བ་ཆོས་མིན་གཡང་ལ་གང་འདོད་འཕེན་པའི་སྐྱེ་བོ་མང་།།
རང་ཡང་འཁོར་བའི་མེ་འོབས་འདི་རུ་སྐྱབས་མེད་མགོན་མེད་ལུས་བཞིན་དུ།།
གཞན་དག་འགྲོ་བ་ཇི་ལྟར་འདྲེན་ཨང་མི་ནུས་ཁུར་བོ་ཅིའི་ཕྱིར་ལེན།།
 
མཚན་ལྡན་བླ་མའི་ཞབས་སུ་བསྟེན་ནས་རྒྱལ་སྲས་སྤྱོད་པ་དང་དུ་ལོངས།།
བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་བཏང་སྙོམས་ཚད་མེད་གྲོགས་སུ་སུས།།
བསྡུ་དངོས་བཞི་དང་ཕྱིན་དྲུག་གཞུང་ལ་གང་ནུས་འབད་པས་བརྩོན་དགོས་ཏེ།།
བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལུས་འདི་རུ་འདུ་ཞེས་རྒྱལ་བས་གདམས།།
 
ཐོག་མེད་དུས་ནས་འཁོར་བའི་གནས་འདིར་འུ་སྐོལ་སུ་ཡང་འཁྱམས་ཡུན་རིང་།།
ལས་ཉོན་ནད་ཀྱིས་ཡང་ཡང་གདུང་བས་སྡིག་སྤྱོད་ལས་ལ་ངང་གིས་བྱང་།།
སྟོབས་བཞི་ཚང་བའི་མན་ངག་འདི་ཡིས་སྔར་བྱས་ཉེས་པ་བཤགས་གྱུར་ན།།
ཡང་དག་རྫོགས་པའི་སངས་རྒྱས་གོ་འཕང་རིང་མིན་མྱུར་དུ་འཐོབ་པར་འགྱུར།།
 
དེ་ན་ཁྱོད་ཀྱང་མ་རིག་གནས་སུ་ཆོ་མེད་ལས་ལ་གཡེངས་མ་སྡོད།།
འཁོར་བའི་སྐྱིད་སྡུག་མི་རྟག་ཚུལ་ལ་ཡང་ཡང་དཔྱད་ནས་ངེས་ཤེས་འཚོལ།།
དེ་ཙམ་མིན་པར་ཚེ་གཅིག་ཉིད་ལ་ཆོས་སྐུའི་རྒྱལ་སྲིད་འཐོར་པའི་སླད།།
ལེགས་བྱས་བསོད་ནམས་རིན་ཆེན་བསགས་ནས་བྱང་ཆུབ་ཞིང་དུ་ལམ་ཞུགས་མཛོད།།
 
འདི་ལྟར་བརྗོད་པའི་དགེ་བའི་སྟོབས་ཀྱིས་ཁམས་གསུམ་འཁོར་བའི་གནས་མལ་ན།།
རྒུད་པའི་རྩ་བ་མ་རིག་མུན་པས་འགྲོ་རྣམས་ཡུན་རིང་གདུང་བ་ཡི།།
མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་ཇི་སྙེད་སེམས་ཅན་མ་ལུས་པ།།
ཚེ་གཅིག་ཉིད་དུ་རྫོགས་པའི་གོ་འཕང་རིན་ཆེན་འཐོབ་པའི་རྒྱུར་གྱུར་ཅིག།
 
        ཅེས་པ་འདི་ནི་བོད་གངས་རིའི་ལྗོངས་ཀྱི་བཙུན་པའི་གྲལ་མཐར་སོན་པ། ཡུལ་འཁྱམས་པ་ལྡོང་བཙུན་པ་རུ་འབོད་པས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འཁྲིས། མང་ཆུ་སྔོན་མོའི་འགྲམ་ཟུར། རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་བསམ་གཏན་གླིང་དུ་གང་དེའི་སྙིང་བོ་ཆོས་ལ་ཕྱོགས་ཕྱིར་འབད་པས་ཁུལ་གྱིས་བྲིས་པ་དགེ་གྱུར་ཅིག།།། ཛ་ཡན་ཏུ།   ༢༠༢༢.༡༢.༢༩

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆུང་གྲོགས་བྱུར་དམར་མེ་ཏོག

2023-01-21 ལྡོང་བཙུན་པ།(མང་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།