ཇོ་བོ་ཉི་དབང་མགོན་པོར་ཕུལ་བ།

ཕོ་ལྷ།(ལྷ་ཐོག) 琼迈文学网 2023-02-11
ཚིག་གི་སྒྱུ་མའི་ཕོ་བྲང་བཞེངས་པས་ན། །
ངག་ལ་མཁའ་འགྲོའི་བྱུ་རུ་སྡོང་པོ་བཞད། །
འཚོ་བའི་དགའ་སྐྱོ་གཉིས་ཀྱི་རི་ལུང་དུ། །
སྡུག་གི་བྱ་ཚོགས་མ་འཁོར་བ་ཁྱོད་རྒྱལ། །
སྡེབ་སྦྱོར་རིག་པའི་མེ་ཏོག་རེ་རེ་ཡིས། །
སྙན་མོ་བུང་བའི་མགྲིན་སྒྲ་ཡེ་ནས་བཅོམ། །
དེའི་ཕྱིར་གླུ་ཡི་མངའ་བདག་གང་ཉིད་ཀྱིས། །
འཛམ་གླིང་རྩོམ་རིག་ནོ་པེལ་རྟགས་མ་བླངས། །  

ཟབ་དོན་རིག་པའི་གཞུང་གི་མཚེར་ས་ནས། །
འགྲོ་དོན་ཡི་གེའི་འཕྲིན་ལས་སྤེལ་བ་ལ། །
མཁའ་འགྲོའི་བྱིན་རླབས་ཁྲི་ཡི་ཁ་ཆུ་ཡོད། །
ལུང་རིག་མེ་ཏོག་འབུམ་གྱི་དྲི་བསུང་ལྡན། །
སྒྱིད་ལུག་མི་དགེའི་ཆོས་ལ་རྫོགས་ཚིག་བྲིས། །
ངག་ལ་པི་ཝང་ལྡན་པ་གང་ཉིད་ཀྱིས། །
གླུ་ཚོགས་ཐལ་སྦྱར་བྱས་པ་ཨེ་མ་རྨད། །  

མི་ཕྱེད་དད་པའི་མཚོ་མོ་བསྙོགས་པས་ན། །
སྙན་པའི་རྒྱུད་མངས་དཀྲོལ་ལ་ཁྱོད་ཅིག་མཆོག །
ཡིད་དགའ་དབེན་པ་ནགས་ཀྱི་སྐྱེལ་ཚལ་ནས། །
བསོད་ནམས་མེ་སྟག་འབར་ཁྱོད་ཡིད་ནས་དུང་། །
ཡོན་ཏན་འགྲན་ཟླ་བྲལ་བ་ཁྱོད་ཉིད་ཀྱིས། །
སྙན་པའི་ཚིག་གི་མི་སེམས་ཡང་ཡང་གསོས། །
ཉི་ཟླའི་རྣ་ཆ་ཐོགས་པ་ཁྱོད་ཉིད་ལ། །
ཉི་དབང་མགོན་པོ་གསོལ་བ་དོན་དང་ལྡན། །

ལེགས་བཤད་གློག་ལྡན་སྟོང་གི་གཟི་འོད་ཀྱིས། །
རེ་འབྲས་དཔལ་དུ་སྐོང་ལ་མི་འཛད་པའི། །
རེ་དོགས་རེ་བའི་འདབ་ཆགས་ཁྱུ་ཚོགས་ཀྱང་། །
པུར་རྒྱལ་ཡུལ་ནས་ད་དུང་རྒྱུ་བཞིན་འདུག །
རིག་འཛིན་ནགས་ཀྱི་མེ་ཏོག་ལྷབ་ལྷུབ་གཡོ། །
ཚངས་ཆེན་ཡིད་ཀྱི་བཀོད་པ་རབ་ཏུ་རྨད། །
བདེ་སྡུག་ཁྲི་ཕྲག་མང་པོའི་སོ་ཁ་ནས། །
སྙན་ངག་ཁོ་ན་བྲིས་ནས་ཚེ་རབས་རྫོགས། །

ལྷུན་གྲུབ་པིར་གྱི་རྩེ་མོ་རེ་རེ་ནས། །
རྒྱལ་སྲས་སྒྱུ་མའི་ཟློས་གར་འཁྲབ་པ་ལ། །
འགྲན་མེད་ཚངས་པའི་སྲས་མོ་གང་ཉིད་ཀྱིས། །
བྱིན་རླབས་བདུད་རྩི་ཕོག་པ་ཁྱོད་ལགས་པས། །
ཚོགས་དྲུག་རང་གི་སྣང་བ་ཆེ་ཆེར་དཀྲུགས། །
ཕངས་མེད་གསེར་གྱི་རྣ་ལོང་རིང་ནས་འཕྲོག །
ཉམས་རྟོགས་ཟླ་བའི་མཐའ་ལ་ཚིག་ཤད་འཁོར། །
འཕྲི་ལས་འོད་འཛིན་དཀར་པོ་སྲིད་གསུམ་ཁྱབ། །

ཕུན་ཚོགས་གཡང་གི་ཡོ་ལང་རྒོད་པ་ལ། །
སྡེ་བཞི་ཡག་གི་འཇའ་རིས་ཁྱོད་ལ་ལྡན། །
སྙན་པའི་སྤྲིངས་ཡིག་སྒྲོག་ལ་མི་ངལ་བའི། །
སྔོན་ཚེ་ལྷ་ཡི་བྱིན་རླབས་ཕོག་པ་དེས། །
ཉིན་བདེ་ངག་གི་གླུ་དབྱངས་རྒྱུ་བ་དེས། །
བདེ་བཤེགས་སེམས་ཀྱི་ཤགས་གླུ་མི་ཐོགས་པ། །
ཤུགས་དབྱུངས་བདག་ཏུ་བོར་བའི་རི་དྭགས་ལ། །
བདེ་སྐྱིད་གཟི་ཡི་རྣ་ཆ་ཡང་ཡང་རྒྱན། །

ཉམས་སྣང་སྒྱུ་མ་ཆོས་ཀྱི་མཁའ་ཁྱབ་ལ། །
རྣམ་རྟོག་རེ་བའི་རི་མོ་དཀྲིག་དཀྲིག་བྱེད། །
འདུ་བྱས་མི་རྟག་ཆོས་ཀྱི་སོ་ཁ་ནས། །
རབ་སྙན་ཚིག་གི་མེ་ཏོག་ཡང་ཡང་བཞད། །
རྟོག་ཚོགས་ཨུ་དུམ་ཝ་རའི་དོ་ར་ལ། །
སྣང་འགྱུར་སྒྲ་ཡི་པི་ཝང་ཡར་ལ་གྲག །
གདངས་གཟུགས་ཆུ་ཤེར་དཀར་པོའི་རབ་ཁ་ནས། །
ཚིག་རྒྱན་ཡེ་ཤེས་རང་གྲོལ་མར་ལ་བབ། །

ཕྲག་དོག་དུ་ཞག་མེད་པའི་ནགས་ཚལ་ནས། །
ཞི་བའི་ངག་གི་སྒོ་མོ་འབྱེད་ཐེངས་རེར། །
འདབ་ཆགས་ཚོམས་ཀྱང་ཤར་མར་སྦྱར་ཡོད་པའི། །
ངེས་ཤེས་དེ་འདྲ་སུ་ཡིས་རྙེད་མི་སྲིད། །
སྐུ་གཟུགས་པདྨའི་སྡོང་པོ་མཐོ་བ་ཡི། །
སྨ་ར་ཨོ་ཚོམ་དཀར་པོ་རིང་བ་ཡི། །
སྐྲ་ལོ་ཉག་མ་རེ་ཡི་དགའ་སྐྱོ་དག །
ད་ལྟའི་མེ་ལོང་ནང་ནས་མཇལ་ཐབས་དབེན། །

སྡུག་གི་དར་ཆེན་ཁོག་འདར་རྒྱག་པ་དེ། །
གཟུགས་ཀྱི་སྙེ་མས་ཚོར་བ་དཀྲུགས་རྟགས་རེད། །
སྐུ་ཚེའི་ཨ་ལོང་ནང་གི་ལྷ་ཚོགས་ལ། །
གོར་མའི་བ་གམ་གཏན་དུ་མེད་གྱུར་ན། །
འཚོ་བའི་ཉི་ཟླ་རིང་མོ་བོར་ཉེས་འདུག །
རྨི་ལམ་མཚོན་གྱི་ཁ་དོག་ཡག་པས་ན། །
ཁྱེད་ཀྱི་ལས་དབང་དེ་འདྲ་མ་ཡིན་པས། །
སྲིད་ཀྱི་རྒྱལ་མོའི་པི་ཝང་ཁྱོད་རང་རེད། །

ངག་རིག་འཕྲུལ་གྱི་དྲྭ་བ་དྲ་ཕྱེད་ལ། །
དབྱིངས་རིག་སྐར་མ་ཨ་བརྟན་སྟོང་གིས་སྐོར། །
ཤེས་རིག་བླང་དོར་འབྱེད་ལ་མི་རྨོངས་པའི། །
རྒྱ་རིགས་མི་བོ་ཆེ་ཁྱོད་རིང་ནས་བསྔགས། །
རྩོམ་རིག་མཛོད་ཀྱི་ལྡེ་མིག་ཐོགས་ཁྱོད་རྒྱལ། །
གླུ་རིགས་དགོངས་པའི་དབྱིངས་ནས་གྱེར་བ་ལ། །
འཕགས་ཡུལ་ཐེ་ཀོར་གང་ཁྱོད་འཕགས་སོང་འདུག །
        ^ཇོ་བོ་ཉི་དབང་མགོན་པོ་ནི་དུས་རབས་བཅུ་དགུ་པའི་ནང་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བྷང་ག་ལའི་ཡུལ་དུ་སྐུ་འཁྲུངས་པའི་འཕགས་ཡུལ་གྱི་སྙན་ངག་མཁན་དེའོ།།

              ༢༠༢༢/༡༠/༢༩ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཇོ་བོ་ཉི་དབང་མགོན་པོར་ཕུལ་བ།

2023-02-11 ཕོ་ལྷ།(ལྷ་ཐོག) ཀློག་གྲངས། མཆན ཡོད།
ཚིག་གི་སྒྱུ་མའི་ཕོ་བྲང་བཞེངས་པས་ན། །
ངག་ལ་མཁའ་འགྲོའི་བྱུ་རུ་སྡོང་པོ་བཞད། །
འཚོ་བའི་དགའ་སྐྱོ་གཉིས་ཀྱི་རི་ལུང་དུ། །
སྡུག་གི་བྱ་ཚོགས་མ་འཁོར་བ་ཁྱོད་རྒྱལ། །
སྡེབ་སྦྱོར་རིག་པའི་མེ་ཏོག་རེ་རེ་ཡིས། །
སྙན་མོ་བུང་བའི་མགྲིན་སྒྲ་ཡེ་ནས་བཅོམ། །
དེའི་ཕྱིར་གླུ་ཡི་མངའ་བདག་གང་ཉིད་ཀྱིས། །
འཛམ་གླིང་རྩོམ་རིག་ནོ་པེལ་རྟགས་མ་བླངས། །  

ཟབ་དོན་རིག་པའི་གཞུང་གི་མཚེར་ས་ནས། །
འགྲོ་དོན་ཡི་གེའི་འཕྲིན་ལས་སྤེལ་བ་ལ། །
མཁའ་འགྲོའི་བྱིན་རླབས་ཁྲི་ཡི་ཁ་ཆུ་ཡོད། །
ལུང་རིག་མེ་ཏོག་འབུམ་གྱི་དྲི་བསུང་ལྡན། །
སྒྱིད་ལུག་མི་དགེའི་ཆོས་ལ་རྫོགས་ཚིག་བྲིས། །
ངག་ལ་པི་ཝང་ལྡན་པ་གང་ཉིད་ཀྱིས། །
གླུ་ཚོགས་ཐལ་སྦྱར་བྱས་པ་ཨེ་མ་རྨད། །  

མི་ཕྱེད་དད་པའི་མཚོ་མོ་བསྙོགས་པས་ན། །
སྙན་པའི་རྒྱུད་མངས་དཀྲོལ་ལ་ཁྱོད་ཅིག་མཆོག །
ཡིད་དགའ་དབེན་པ་ནགས་ཀྱི་སྐྱེལ་ཚལ་ནས། །
བསོད་ནམས་མེ་སྟག་འབར་ཁྱོད་ཡིད་ནས་དུང་། །
ཡོན་ཏན་འགྲན་ཟླ་བྲལ་བ་ཁྱོད་ཉིད་ཀྱིས། །
སྙན་པའི་ཚིག་གི་མི་སེམས་ཡང་ཡང་གསོས། །
ཉི་ཟླའི་རྣ་ཆ་ཐོགས་པ་ཁྱོད་ཉིད་ལ། །
ཉི་དབང་མགོན་པོ་གསོལ་བ་དོན་དང་ལྡན། །

ལེགས་བཤད་གློག་ལྡན་སྟོང་གི་གཟི་འོད་ཀྱིས། །
རེ་འབྲས་དཔལ་དུ་སྐོང་ལ་མི་འཛད་པའི། །
རེ་དོགས་རེ་བའི་འདབ་ཆགས་ཁྱུ་ཚོགས་ཀྱང་། །
པུར་རྒྱལ་ཡུལ་ནས་ད་དུང་རྒྱུ་བཞིན་འདུག །
རིག་འཛིན་ནགས་ཀྱི་མེ་ཏོག་ལྷབ་ལྷུབ་གཡོ། །
ཚངས་ཆེན་ཡིད་ཀྱི་བཀོད་པ་རབ་ཏུ་རྨད། །
བདེ་སྡུག་ཁྲི་ཕྲག་མང་པོའི་སོ་ཁ་ནས། །
སྙན་ངག་ཁོ་ན་བྲིས་ནས་ཚེ་རབས་རྫོགས། །

ལྷུན་གྲུབ་པིར་གྱི་རྩེ་མོ་རེ་རེ་ནས། །
རྒྱལ་སྲས་སྒྱུ་མའི་ཟློས་གར་འཁྲབ་པ་ལ། །
འགྲན་མེད་ཚངས་པའི་སྲས་མོ་གང་ཉིད་ཀྱིས། །
བྱིན་རླབས་བདུད་རྩི་ཕོག་པ་ཁྱོད་ལགས་པས། །
ཚོགས་དྲུག་རང་གི་སྣང་བ་ཆེ་ཆེར་དཀྲུགས། །
ཕངས་མེད་གསེར་གྱི་རྣ་ལོང་རིང་ནས་འཕྲོག །
ཉམས་རྟོགས་ཟླ་བའི་མཐའ་ལ་ཚིག་ཤད་འཁོར། །
འཕྲི་ལས་འོད་འཛིན་དཀར་པོ་སྲིད་གསུམ་ཁྱབ། །

ཕུན་ཚོགས་གཡང་གི་ཡོ་ལང་རྒོད་པ་ལ། །
སྡེ་བཞི་ཡག་གི་འཇའ་རིས་ཁྱོད་ལ་ལྡན། །
སྙན་པའི་སྤྲིངས་ཡིག་སྒྲོག་ལ་མི་ངལ་བའི། །
སྔོན་ཚེ་ལྷ་ཡི་བྱིན་རླབས་ཕོག་པ་དེས། །
ཉིན་བདེ་ངག་གི་གླུ་དབྱངས་རྒྱུ་བ་དེས། །
བདེ་བཤེགས་སེམས་ཀྱི་ཤགས་གླུ་མི་ཐོགས་པ། །
ཤུགས་དབྱུངས་བདག་ཏུ་བོར་བའི་རི་དྭགས་ལ། །
བདེ་སྐྱིད་གཟི་ཡི་རྣ་ཆ་ཡང་ཡང་རྒྱན། །

ཉམས་སྣང་སྒྱུ་མ་ཆོས་ཀྱི་མཁའ་ཁྱབ་ལ། །
རྣམ་རྟོག་རེ་བའི་རི་མོ་དཀྲིག་དཀྲིག་བྱེད། །
འདུ་བྱས་མི་རྟག་ཆོས་ཀྱི་སོ་ཁ་ནས། །
རབ་སྙན་ཚིག་གི་མེ་ཏོག་ཡང་ཡང་བཞད། །
རྟོག་ཚོགས་ཨུ་དུམ་ཝ་རའི་དོ་ར་ལ། །
སྣང་འགྱུར་སྒྲ་ཡི་པི་ཝང་ཡར་ལ་གྲག །
གདངས་གཟུགས་ཆུ་ཤེར་དཀར་པོའི་རབ་ཁ་ནས། །
ཚིག་རྒྱན་ཡེ་ཤེས་རང་གྲོལ་མར་ལ་བབ། །

ཕྲག་དོག་དུ་ཞག་མེད་པའི་ནགས་ཚལ་ནས། །
ཞི་བའི་ངག་གི་སྒོ་མོ་འབྱེད་ཐེངས་རེར། །
འདབ་ཆགས་ཚོམས་ཀྱང་ཤར་མར་སྦྱར་ཡོད་པའི། །
ངེས་ཤེས་དེ་འདྲ་སུ་ཡིས་རྙེད་མི་སྲིད། །
སྐུ་གཟུགས་པདྨའི་སྡོང་པོ་མཐོ་བ་ཡི། །
སྨ་ར་ཨོ་ཚོམ་དཀར་པོ་རིང་བ་ཡི། །
སྐྲ་ལོ་ཉག་མ་རེ་ཡི་དགའ་སྐྱོ་དག །
ད་ལྟའི་མེ་ལོང་ནང་ནས་མཇལ་ཐབས་དབེན། །

སྡུག་གི་དར་ཆེན་ཁོག་འདར་རྒྱག་པ་དེ། །
གཟུགས་ཀྱི་སྙེ་མས་ཚོར་བ་དཀྲུགས་རྟགས་རེད། །
སྐུ་ཚེའི་ཨ་ལོང་ནང་གི་ལྷ་ཚོགས་ལ། །
གོར་མའི་བ་གམ་གཏན་དུ་མེད་གྱུར་ན། །
འཚོ་བའི་ཉི་ཟླ་རིང་མོ་བོར་ཉེས་འདུག །
རྨི་ལམ་མཚོན་གྱི་ཁ་དོག་ཡག་པས་ན། །
ཁྱེད་ཀྱི་ལས་དབང་དེ་འདྲ་མ་ཡིན་པས། །
སྲིད་ཀྱི་རྒྱལ་མོའི་པི་ཝང་ཁྱོད་རང་རེད། །

ངག་རིག་འཕྲུལ་གྱི་དྲྭ་བ་དྲ་ཕྱེད་ལ། །
དབྱིངས་རིག་སྐར་མ་ཨ་བརྟན་སྟོང་གིས་སྐོར། །
ཤེས་རིག་བླང་དོར་འབྱེད་ལ་མི་རྨོངས་པའི། །
རྒྱ་རིགས་མི་བོ་ཆེ་ཁྱོད་རིང་ནས་བསྔགས། །
རྩོམ་རིག་མཛོད་ཀྱི་ལྡེ་མིག་ཐོགས་ཁྱོད་རྒྱལ། །
གླུ་རིགས་དགོངས་པའི་དབྱིངས་ནས་གྱེར་བ་ལ། །
འཕགས་ཡུལ་ཐེ་ཀོར་གང་ཁྱོད་འཕགས་སོང་འདུག །
        ^ཇོ་བོ་ཉི་དབང་མགོན་པོ་ནི་དུས་རབས་བཅུ་དགུ་པའི་ནང་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བྷང་ག་ལའི་ཡུལ་དུ་སྐུ་འཁྲུངས་པའི་འཕགས་ཡུལ་གྱི་སྙན་ངག་མཁན་དེའོ།།

              ༢༠༢༢/༡༠/༢༩ཉིན་དབུས་ཉི་མ་ལྷ་ས་ནས་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།