ཚིགས་སུ་བཅད་པའི་སྙན་ངག་ཞེ་སྡུག་བྱེ་མ་ལ་བདུན།

མགར་ཐང་དཀར།(འབའ་རྫོང) 琼迈文学网 2023-02-14
སྐྱིད་འཇིག་རྟེན་འཚོ་བའི་ཕྱི་ནང་དུ།།
སྡུག་དབྱངས་ཀྱི་འགྱུར་ཁུགས་སྣ་ཚོགས་ཡོད།།
དབྱངས་སོ་མའི་དཀྲོལ་ལུགས་རེ་རེ་ཡིས།།
སེམས་དར་དཀར་ངོས་སུ་གདུང་བ་བསྣན།།

ཁ་ཕར་འཁོར་མེ་ཡི་རི་ཚོགས་གསལ།།
ཁ་ཚུར་འཁོར་ཁྲག་གི་མཚོ་མོ་འཕྱུར།།
ལས་མྱ་ངམ་ཐང་གི་ཐང་སྟོད་དུ།།
སྡུག་རྡོག་ཁྲེས་གཅིག་ཐོག་གཉིས་བཞག་བྱུང་།།

སེམས་ཉམས་ཐག་སོག་མའི་ཕུང་པོ་སྟེ།།
སྡུག་ཆུ་ཡི་རྦ་རླབས་ཤུགས་ཀྱིས་འཕྱུར།།
ང་མ་ཟེར་འཇིག་རྟེན་ངོས་དག་ཏུ།།
ལས་འཇིགས་སྐྲག་རླུང་གི་སྤུ་གྲིར་འཛེམ།།

ལས་ངན་སོང་བསགས་པའི་འབྲས་བུ་ཡིས།།
ངའི་འཇིག་རྟེན་ངོས་སུ་དུག་ཚེར་སྐྱེས།།
རེག་མ་མྱོང་ཁྱོད་ཀྱང་རྒྱང་དུ་བཀྱེད།།
སྐྱུར་མ་མྱོང་བདག་ཀྱང་ཞེ་སྡུག་ལྕི།།

སྡུག་མུན་པའི་སྨག་རུམ་བརྒལ་མྱོང་བའི།།
གཞོན་ལང་ཚོའི་བྲོ་བར་བཟི་སྣང་ཆེ།།
ངའི་མདུན་གྱི་རེ་བའི་མིག་ཟུང་གང་།།
ལར་མཐོང་ཡང་འགྱོད་པའི་ཀློང་དུ་སིམ།།

ཚེ་བསྐལ་བར་དྲངས་པའི་གདུང་བའི་དབྱངས།།
སྐྱིད་མི་རྟག་འཇིག་རྟེན་ཧྲག་བར་འཚངས།།
ནང་ཕམ་ཁས་བཙུར་བའི་བདག་སེམས་སུ།།
གཉོམ་དུང་བའི་ཞེ་སྡུག་རེས་སུ་འཁོར།།

ངའི་ཚོར་བའི་བྱང་ཐང་སྒོ་མེད་དུ།།
སྐྱིད་མི་འདུག་སྐྱོ་བའི་ལ་མོ་བརྩེགས།།
དུས་འཁོར་དུ་མེད་པའི་གྲང་ངར་གྱིས།།
ངའི་རེ་བའི་མིག་ཟུང་འཁྱག་ལ་བརྫངས།།

ལས་དཀར་ནག་ས་བོན་རླུང་གིས་ཁུར།།
གཤིས་རི་མོའི་ཁ་དོག་རྡུལ་གྱིས་བཏུམས།།
བག་ལྷོད་པོར་སྡོད་རྒྱུ་མ་བྱུང་ལ།།
ཞེ་སྨྲེང་བའི་མདུད་པ་དམ་དུ་ཞགས།།

ངའི་ས་སྲོད་སྒྱུ་མའི་གར་དང་འདྲ།།
སྤྱན་དཀར་ནག་གཉིས་ཀྱི་དོན་མི་བྱེད།།
ཁམས་ཡང་མོའི་ཚལ་དུ་ཞེ་སྡུག་འཁྲུངས།།
གཞོན་དགྱེས་པའི་ཞལ་ལ་མུན་པ་གཏོར།།

ཚེ་གཅིག་ལ་མཐོང་བའི་འཇིག་རྟེན་འདི།།
ངའི་ཚོར་བའི་ཟབ་སར་མེ་སྟག་ཙམ།།
སྐྱིད་མི་འདུག་སྐྱོ་བའི་ངར་ཁ་རྒོད།།
བཅར་མི་ཐུབ་ཟུག་གཟེར་ཤིན་ཏུ་ཚ།།

སྤྱིར་འཇིག་རྟེན་མེ་ཏོག་སྟོང་འབབ་ཟེར།།
དྲི་ཞིམ་པོ་སྨན་གྱི་ལྗོན་པར་བསྔགས།།
ངའི་སྣང་བའི་གྲོང་གི་འཇིག་རྟེན་འདི།།
སྡུག་ཞེ་འཁོན་བསགས་པའི་ནམ་མཁའ་འདྲ།།

སྐྱིད་མཐོང་རྒྱུ་མི་འདུག་སྐྱོ་བའི་གྲོང་།།
འཛུམ་སྟོན་ཐབས་མི་འདུག་ཞལ་ངོ་ནག།
སྡུག་བྱེ་མའི་ལ་རིང་ལ་ཐུང་མང་།།
སེམས་ངལ་བའི་ཁུར་ཆེན་ཁུར་ཆུང་ཡོད།།

རྒྱུས་མི་ལོན་གསུང་ཡང་མི་ཡུལ་རེད།།
ལས་ཞེན་ཆགས་ལྕི་ཡང་སྐྱེས་ཡུལ་རེད།།
ངའི་ལོ་ཟླ་ནག་པོའི་སྲུབས་ཀ་རུ།།
སྡུག་ན་བུན་འཐིབ་ཀྱང་སུ་ལ་གླེང་།།

དུས་འཁོར་མའི་ཕྱི་ནང་གསང་གསུམ་དུ།།
སེམས་འགྱུར་བ་སྤྲིན་གྱི་རི་མོ་བཞིན།།
སྡུག་རླུང་བུས་དེད་དེ་བུད་སོང་ན།།
ཡིད་གདུང་བའི་དངན་པ་གང་ལ་འཐེན།།

སྤྱིར་གཉུག་མའི་གཤིས་སུ་གྲུབ་པའི་སྡུག།
ཚོད་ཚོད་ལ་ན་ཟུག་བཙན་ན་ཡང་།།
ལས་རྣམ་སྨིན་མཐའ་དག་སྒོམ་ནས་ན།།
སྐྱོ་མི་དགོས་ཁྲེལ་གྱི་རྒྱ་ཡང་འདེབས།།

བློ་རང་ལ་གཏད་པ་ཚུན་ཆོད་དུ།།
ངག་གང་བྱུང་གཞན་ལ་སྤྲོད་དགོས་མེད།།
ཡུལ་འཇིག་རྟེན་སྐྱ་ཆད་སྔོ་སྡུག་འདི།།
སྔོ་སངས་སེ་སོང་དུས་བྲོ་བ་འཕེལ།།

ཡུལ་རྒྱལ་ཁམས་འཚོ་བའི་བཞུད་ལམ་དུ།།
ལས་མངར་སྐྱུར་རྒྱུད་སྐུད་རབ་ཏུ་འདར།།
ངའི་ནང་སེམས་དངུལ་གྱི་ཨ་ལོང་ནང་།།
ཡིད་ཀུན་འབྱུང་སྒྲ་ཡི་ཟིལ་བ་འཐོར།།

ཕར་བལྟས་ན་འཇིག་རྟེན་རྒྱང་ཐག་རིང་།།
སེམས་བརྩེ་བས་བཅར་ན་ཤིན་ཏུ་ཉེ།།
ལས་མཐུན་པའི་རྨུ་ཐག་མ་བཅད་ན།།
ཞེ་སྐྱོ་སྡུག་སྐད་ཅིག་སྨུག་སྤྲིན་ཨང་།།

རྒས་ཉམས་ཐག་སྲོལ་གྱི་སྙིང་པོ་ལ།།
བློ་དཔྱོད་པས་བརྟག་བཞིན་རང་ལམ་འཚོལ།།
སྡུག་ལ་ལུང་བརྒྱུད་པའི་ཚོར་འདུ་ལས།།
གཏམ་བཟང་པོ་གཞལ་ཡས་ཁང་དུ་དྲོངས།།

དུས་ཉག་མ་རེ་རེའི་ཁུག་པ་རུ།།
ང་སྐྱིད་ཀྱང་ཁྱོད་ལ་གདུང་བ་བཙན།།
སེམས་འཁོར་འདུའི་བག་ཆགས་ཐམས་ཅད་པ།།
ཡུལ་མཐའ་མེད་འཇིག་རྟེན་ངོས་སུ་འཁོར།།
          2023.2.13

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚིགས་སུ་བཅད་པའི་སྙན་ངག་ཞེ་སྡུག་བྱེ་མ་ལ་བདུན།

2023-02-14 མགར་ཐང་དཀར།(འབའ་རྫོང) ཀློག་གྲངས། མཆན ཡོད།
སྐྱིད་འཇིག་རྟེན་འཚོ་བའི་ཕྱི་ནང་དུ།།
སྡུག་དབྱངས་ཀྱི་འགྱུར་ཁུགས་སྣ་ཚོགས་ཡོད།།
དབྱངས་སོ་མའི་དཀྲོལ་ལུགས་རེ་རེ་ཡིས།།
སེམས་དར་དཀར་ངོས་སུ་གདུང་བ་བསྣན།།

ཁ་ཕར་འཁོར་མེ་ཡི་རི་ཚོགས་གསལ།།
ཁ་ཚུར་འཁོར་ཁྲག་གི་མཚོ་མོ་འཕྱུར།།
ལས་མྱ་ངམ་ཐང་གི་ཐང་སྟོད་དུ།།
སྡུག་རྡོག་ཁྲེས་གཅིག་ཐོག་གཉིས་བཞག་བྱུང་།།

སེམས་ཉམས་ཐག་སོག་མའི་ཕུང་པོ་སྟེ།།
སྡུག་ཆུ་ཡི་རྦ་རླབས་ཤུགས་ཀྱིས་འཕྱུར།།
ང་མ་ཟེར་འཇིག་རྟེན་ངོས་དག་ཏུ།།
ལས་འཇིགས་སྐྲག་རླུང་གི་སྤུ་གྲིར་འཛེམ།།

ལས་ངན་སོང་བསགས་པའི་འབྲས་བུ་ཡིས།།
ངའི་འཇིག་རྟེན་ངོས་སུ་དུག་ཚེར་སྐྱེས།།
རེག་མ་མྱོང་ཁྱོད་ཀྱང་རྒྱང་དུ་བཀྱེད།།
སྐྱུར་མ་མྱོང་བདག་ཀྱང་ཞེ་སྡུག་ལྕི།།

སྡུག་མུན་པའི་སྨག་རུམ་བརྒལ་མྱོང་བའི།།
གཞོན་ལང་ཚོའི་བྲོ་བར་བཟི་སྣང་ཆེ།།
ངའི་མདུན་གྱི་རེ་བའི་མིག་ཟུང་གང་།།
ལར་མཐོང་ཡང་འགྱོད་པའི་ཀློང་དུ་སིམ།།

ཚེ་བསྐལ་བར་དྲངས་པའི་གདུང་བའི་དབྱངས།།
སྐྱིད་མི་རྟག་འཇིག་རྟེན་ཧྲག་བར་འཚངས།།
ནང་ཕམ་ཁས་བཙུར་བའི་བདག་སེམས་སུ།།
གཉོམ་དུང་བའི་ཞེ་སྡུག་རེས་སུ་འཁོར།།

ངའི་ཚོར་བའི་བྱང་ཐང་སྒོ་མེད་དུ།།
སྐྱིད་མི་འདུག་སྐྱོ་བའི་ལ་མོ་བརྩེགས།།
དུས་འཁོར་དུ་མེད་པའི་གྲང་ངར་གྱིས།།
ངའི་རེ་བའི་མིག་ཟུང་འཁྱག་ལ་བརྫངས།།

ལས་དཀར་ནག་ས་བོན་རླུང་གིས་ཁུར།།
གཤིས་རི་མོའི་ཁ་དོག་རྡུལ་གྱིས་བཏུམས།།
བག་ལྷོད་པོར་སྡོད་རྒྱུ་མ་བྱུང་ལ།།
ཞེ་སྨྲེང་བའི་མདུད་པ་དམ་དུ་ཞགས།།

ངའི་ས་སྲོད་སྒྱུ་མའི་གར་དང་འདྲ།།
སྤྱན་དཀར་ནག་གཉིས་ཀྱི་དོན་མི་བྱེད།།
ཁམས་ཡང་མོའི་ཚལ་དུ་ཞེ་སྡུག་འཁྲུངས།།
གཞོན་དགྱེས་པའི་ཞལ་ལ་མུན་པ་གཏོར།།

ཚེ་གཅིག་ལ་མཐོང་བའི་འཇིག་རྟེན་འདི།།
ངའི་ཚོར་བའི་ཟབ་སར་མེ་སྟག་ཙམ།།
སྐྱིད་མི་འདུག་སྐྱོ་བའི་ངར་ཁ་རྒོད།།
བཅར་མི་ཐུབ་ཟུག་གཟེར་ཤིན་ཏུ་ཚ།།

སྤྱིར་འཇིག་རྟེན་མེ་ཏོག་སྟོང་འབབ་ཟེར།།
དྲི་ཞིམ་པོ་སྨན་གྱི་ལྗོན་པར་བསྔགས།།
ངའི་སྣང་བའི་གྲོང་གི་འཇིག་རྟེན་འདི།།
སྡུག་ཞེ་འཁོན་བསགས་པའི་ནམ་མཁའ་འདྲ།།

སྐྱིད་མཐོང་རྒྱུ་མི་འདུག་སྐྱོ་བའི་གྲོང་།།
འཛུམ་སྟོན་ཐབས་མི་འདུག་ཞལ་ངོ་ནག།
སྡུག་བྱེ་མའི་ལ་རིང་ལ་ཐུང་མང་།།
སེམས་ངལ་བའི་ཁུར་ཆེན་ཁུར་ཆུང་ཡོད།།

རྒྱུས་མི་ལོན་གསུང་ཡང་མི་ཡུལ་རེད།།
ལས་ཞེན་ཆགས་ལྕི་ཡང་སྐྱེས་ཡུལ་རེད།།
ངའི་ལོ་ཟླ་ནག་པོའི་སྲུབས་ཀ་རུ།།
སྡུག་ན་བུན་འཐིབ་ཀྱང་སུ་ལ་གླེང་།།

དུས་འཁོར་མའི་ཕྱི་ནང་གསང་གསུམ་དུ།།
སེམས་འགྱུར་བ་སྤྲིན་གྱི་རི་མོ་བཞིན།།
སྡུག་རླུང་བུས་དེད་དེ་བུད་སོང་ན།།
ཡིད་གདུང་བའི་དངན་པ་གང་ལ་འཐེན།།

སྤྱིར་གཉུག་མའི་གཤིས་སུ་གྲུབ་པའི་སྡུག།
ཚོད་ཚོད་ལ་ན་ཟུག་བཙན་ན་ཡང་།།
ལས་རྣམ་སྨིན་མཐའ་དག་སྒོམ་ནས་ན།།
སྐྱོ་མི་དགོས་ཁྲེལ་གྱི་རྒྱ་ཡང་འདེབས།།

བློ་རང་ལ་གཏད་པ་ཚུན་ཆོད་དུ།།
ངག་གང་བྱུང་གཞན་ལ་སྤྲོད་དགོས་མེད།།
ཡུལ་འཇིག་རྟེན་སྐྱ་ཆད་སྔོ་སྡུག་འདི།།
སྔོ་སངས་སེ་སོང་དུས་བྲོ་བ་འཕེལ།།

ཡུལ་རྒྱལ་ཁམས་འཚོ་བའི་བཞུད་ལམ་དུ།།
ལས་མངར་སྐྱུར་རྒྱུད་སྐུད་རབ་ཏུ་འདར།།
ངའི་ནང་སེམས་དངུལ་གྱི་ཨ་ལོང་ནང་།།
ཡིད་ཀུན་འབྱུང་སྒྲ་ཡི་ཟིལ་བ་འཐོར།།

ཕར་བལྟས་ན་འཇིག་རྟེན་རྒྱང་ཐག་རིང་།།
སེམས་བརྩེ་བས་བཅར་ན་ཤིན་ཏུ་ཉེ།།
ལས་མཐུན་པའི་རྨུ་ཐག་མ་བཅད་ན།།
ཞེ་སྐྱོ་སྡུག་སྐད་ཅིག་སྨུག་སྤྲིན་ཨང་།།

རྒས་ཉམས་ཐག་སྲོལ་གྱི་སྙིང་པོ་ལ།།
བློ་དཔྱོད་པས་བརྟག་བཞིན་རང་ལམ་འཚོལ།།
སྡུག་ལ་ལུང་བརྒྱུད་པའི་ཚོར་འདུ་ལས།།
གཏམ་བཟང་པོ་གཞལ་ཡས་ཁང་དུ་དྲོངས།།

དུས་ཉག་མ་རེ་རེའི་ཁུག་པ་རུ།།
ང་སྐྱིད་ཀྱང་ཁྱོད་ལ་གདུང་བ་བཙན།།
སེམས་འཁོར་འདུའི་བག་ཆགས་ཐམས་ཅད་པ།།
ཡུལ་མཐའ་མེད་འཇིག་རྟེན་ངོས་སུ་འཁོར།།
          2023.2.13

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།