ཡིན་དང་མིན་པའི་དེ་དག(ཞར་བཀོད་གཅིག)

ལུ་ལམ་སྨན་ལྷ།(རྫོགས་ཆེན) 琼迈文学网 2023-05-13
མི་ལས་འཁོར་བར་བལྟས་ནས། །
སྤྱན་ཆབ་ཕྱག་གིས་བསལ་བྱུང་། །
འཇིག་རྟེན་སྲིད་པའི་སོ་ཁ། །
སྡུག་བསྔལ་མཐིལ་གྱི་རི་མོ། །
ངན་སོང་ཡིན་དང་མ་ཡིན། །
ཁྱད་པར་ཆེན་པོ་མི་འདུག །
དཀར་ནག་ལས་ཀྱི་ཞིང་ས། །
རང་རང་ཡུལ་ནས་སྨིན་ཡོང་། །
དུག་གི་མཚོ་དང་འདྲ་ཟེར། །
སྦྲུལ་གྱི་ཚང་དང་འདྲ་གསུངས། །

ཚངས་དབྱངས་རི་ལ་བྲོས་ནས། །
མིག་གི་འཁོར་བར་ཅེར་བྱུང་། །
ཁམས་གསུམ་སྣང་བའི་རི་མོ། །
འཕྱོང་རྒྱས་རུམ་ན་དོད་འདུག །
སྲིད་པར་འཁྱམས་དང་མི་འཁྱམས། །
དེ་ལ་སྣང་དོགས་མི་འདུག །
ཁྲེལ་དང་ངང་རྒྱུད་བཟང་ན། །
ཁ་ཡིག་དེ་ནས་འགྲིགས་ཡོང་། །
ཨུ་ཏམ་ཝ་ར་འདྲ་ཟེར། །
མེ་ཏོག་པདྨ་འདྲ་གསུངས། །
གྱེས་པའི་བརྡ་ཡིག

ལས་འཕྲོ་དགུ་མདུད་བརྒྱབ་པས། །
ལན་ཆགས་ད་ཡང་འཁོར་བྱུང་། །
སྲོད་ལ་འཛོམས་པའི་བུ་མོ། །
ཐུགས་དགོངས་ཁྲེལ་བ་མ་གནང་། །

ཉི་མའི་ལ་མོ་བརྒྱབ་ནས། །
ཟླ་བ་ཕེབས་པ་འདུག་ཀྱང་། །
དམར་པོའི་སེམས་ཀྱི་དབུས་སུ། །
ཁྱེད་རང་ཉར་འདོད་མི་འདུག །

དཀར་དམར་དྭངས་བའི་གཞོན་ཤ །
ཁྲ་ཆུང་མིག་ཏུ་མཛའ་ཡང་། །
མི་ཚེའི་རི་མོ་བྲིས་ནས། །
འཚོ་བ་སྐྱོངས་འདོད་མི་འདུག །

ཁ་འབྲས་མཚར་བས་མི་ཚད། །
ཐུགས་སེམས་ལྷ་ལས་འཇམ་ཀྱང་། །
ལམ་གྱི་འདམ་ཀ་བྱུང་དུས། །
དམ་པའི་ཆོས་ལ་རྟོན་བྱུང་། །

འཁོར་བ་འཁོར་བའི་རྟིང་ལ། །
ཡང་ཡང་འཁོར་འདོད་མི་འདུག །
འཇིག་རྟེན་འཁོར་བའི་འཁོར་ལོ། །
དཀར་པོ་ལས་ཀྱི་གཟད་འདོད། །

ན་རྒས་འཆི་བའི་རི་མོ། །
ཁྱེད་དང་ང་ལ་དོད་པས། །
སྡུག་བསྔལ་བརྒྱུས་པའི་ཕྲེང་བ། །
ཡང་ཡང་བསྒྲེང་འདོད་བསྐྱུང་བྱུང་། །

ང་ནི་དགུན་གྱི་ཁ་བ། །
ཁྱེད་རང་དབྱར་གྱི་མེ་ཏོག །
དུས་ཚིགས་གཅིག་གི་གཞུག་ཏུ། །
མཉམ་པོར་ཡོང་བ་མི་འདུག །

དམོད་ན་དམོད་ཀྱང་ཆོག་སྣང་། །
ཁྱེད་ཀྱི་ཞེ་འདོད་རལ་བྱུང་། །
དགའ་ཡང་དགའ་ན་ཆོག་སྣང་། །
འདི་ཕྱིའི་དར་དཀར་མཐུད་སོང་། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡིན་དང་མིན་པའི་དེ་དག(ཞར་བཀོད་གཅིག)

2023-05-13 ལུ་ལམ་སྨན་ལྷ།(རྫོགས་ཆེན) ཀློག་གྲངས། མཆན ཡོད།
མི་ལས་འཁོར་བར་བལྟས་ནས། །
སྤྱན་ཆབ་ཕྱག་གིས་བསལ་བྱུང་། །
འཇིག་རྟེན་སྲིད་པའི་སོ་ཁ། །
སྡུག་བསྔལ་མཐིལ་གྱི་རི་མོ། །
ངན་སོང་ཡིན་དང་མ་ཡིན། །
ཁྱད་པར་ཆེན་པོ་མི་འདུག །
དཀར་ནག་ལས་ཀྱི་ཞིང་ས། །
རང་རང་ཡུལ་ནས་སྨིན་ཡོང་། །
དུག་གི་མཚོ་དང་འདྲ་ཟེར། །
སྦྲུལ་གྱི་ཚང་དང་འདྲ་གསུངས། །

ཚངས་དབྱངས་རི་ལ་བྲོས་ནས། །
མིག་གི་འཁོར་བར་ཅེར་བྱུང་། །
ཁམས་གསུམ་སྣང་བའི་རི་མོ། །
འཕྱོང་རྒྱས་རུམ་ན་དོད་འདུག །
སྲིད་པར་འཁྱམས་དང་མི་འཁྱམས། །
དེ་ལ་སྣང་དོགས་མི་འདུག །
ཁྲེལ་དང་ངང་རྒྱུད་བཟང་ན། །
ཁ་ཡིག་དེ་ནས་འགྲིགས་ཡོང་། །
ཨུ་ཏམ་ཝ་ར་འདྲ་ཟེར། །
མེ་ཏོག་པདྨ་འདྲ་གསུངས། །
གྱེས་པའི་བརྡ་ཡིག

ལས་འཕྲོ་དགུ་མདུད་བརྒྱབ་པས། །
ལན་ཆགས་ད་ཡང་འཁོར་བྱུང་། །
སྲོད་ལ་འཛོམས་པའི་བུ་མོ། །
ཐུགས་དགོངས་ཁྲེལ་བ་མ་གནང་། །

ཉི་མའི་ལ་མོ་བརྒྱབ་ནས། །
ཟླ་བ་ཕེབས་པ་འདུག་ཀྱང་། །
དམར་པོའི་སེམས་ཀྱི་དབུས་སུ། །
ཁྱེད་རང་ཉར་འདོད་མི་འདུག །

དཀར་དམར་དྭངས་བའི་གཞོན་ཤ །
ཁྲ་ཆུང་མིག་ཏུ་མཛའ་ཡང་། །
མི་ཚེའི་རི་མོ་བྲིས་ནས། །
འཚོ་བ་སྐྱོངས་འདོད་མི་འདུག །

ཁ་འབྲས་མཚར་བས་མི་ཚད། །
ཐུགས་སེམས་ལྷ་ལས་འཇམ་ཀྱང་། །
ལམ་གྱི་འདམ་ཀ་བྱུང་དུས། །
དམ་པའི་ཆོས་ལ་རྟོན་བྱུང་། །

འཁོར་བ་འཁོར་བའི་རྟིང་ལ། །
ཡང་ཡང་འཁོར་འདོད་མི་འདུག །
འཇིག་རྟེན་འཁོར་བའི་འཁོར་ལོ། །
དཀར་པོ་ལས་ཀྱི་གཟད་འདོད། །

ན་རྒས་འཆི་བའི་རི་མོ། །
ཁྱེད་དང་ང་ལ་དོད་པས། །
སྡུག་བསྔལ་བརྒྱུས་པའི་ཕྲེང་བ། །
ཡང་ཡང་བསྒྲེང་འདོད་བསྐྱུང་བྱུང་། །

ང་ནི་དགུན་གྱི་ཁ་བ། །
ཁྱེད་རང་དབྱར་གྱི་མེ་ཏོག །
དུས་ཚིགས་གཅིག་གི་གཞུག་ཏུ། །
མཉམ་པོར་ཡོང་བ་མི་འདུག །

དམོད་ན་དམོད་ཀྱང་ཆོག་སྣང་། །
ཁྱེད་ཀྱི་ཞེ་འདོད་རལ་བྱུང་། །
དགའ་ཡང་དགའ་ན་ཆོག་སྣང་། །
འདི་ཕྱིའི་དར་དཀར་མཐུད་སོང་། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།