གཞིས་ཁྱིམ་གཅིག་གི་སྒོ་རྟགས།(ཞར་བཀོད་གཅིག)
ཚེ་རབས་མེད་མེ་ལོང་དྭངས་གསལ་གྱི་ངོགས་སུ།།
ལས་འབྲུག་རིས་མེ་ཏོག་འབུར་མ་རུ་བརྐོས་ཏེ།།
ངའི་དམ་ཚིག་ཨ་སྔོན་ཀུན་གསལ་གྱི་ནམ་མཁའ།།
དེའི་ཡང་སྙིང་བརྩེ་དུང་མེ་ལྕེ་ཡི་རང་བཞིན།།
ཞེ་གཉིས་མེད་ཡིན་ནོ་ཚེ་མདུད་ཀྱི་བྱམས་པ།།
དེ་འགྱུར་མེད་ངག་གི་ཁ་ཡིག་རང་བྲིས་ཏེ།།
བརྗེད་མི་ཉན་གལ་ཆེན་འགངས་ཆེན་གྱི་ནོམ་པ།།
གཅིག་བྱས་ན་འཁོར་བའི་སྐྱོ་བ་རང་འདུག་སྟེ།།
གཉིས་བྱས་ན་དགའ་བའི་ཡོ་ལང་གི་གཞི་མ།།
གཏོང་འདོད་ཀྱང་རང་གི་སེམས་ཉིད་ཀྱི་ངོ་བོ།།
ལར་ལས་ཀྱི་མཐའ་མ་ཉི་འོད་དུ་འཁྱིལ་འདྲ།།
ལས་ལན་ཆགས་དེ་ཚོ་ང་རང་གིས་བྱས་ནས།།
ལོ་སྤུར་ནས་ལང་ཚོའི་ཉེ་འདབས་སུ་ཐོན་ན།།
འདང་ལོས་ཡོད་ཆུ་བོའི་བཞུར་རྒྱུན་དེ་ཐོས་ན།།
གཙང་མི་གཙང་ཆུ་མོའི་དྭངས་ཤ་ལ་ལྟོས་དང་།།
དཔེ་དེ་ཡིན་དེ་ཡིས་ཡོད་ཚད་ཀྱང་མཚོན་ནོ།།
འདང་མི་ཆེ་མི་ཆུང་མྱི་གཅིག་གི་སེམས་པ།།
ཐག་མི་རིང་མི་ཐུང་གནས་ཤིག་གི་ཕར་ཚུར།།
མཐུན་ལོས་ཡོད་ཚེ་རྒྱབ་ཚེ་རབས་ཀྱིས་སྲུང་ཡོད།།
འགྲིག་ལོས་ཡོད་སེམས་རྒྱུད་ངང་རིང་གི་བུ་མོ།།
ཁྲེལ་ཕྱི་ཐག་དང་བཅས་ང་རང་ལ་ཆགས་ཡོད།།
ལར་དཀའ་སྡུག་ཟེར་ན་ཆེས་ཆེར་རང་མེད་དེ།།
དགོས་སེམས་ངལ་ཟེར་ན་དེ་བས་ཀྱང་མི་འདུག།
ཡང་འཁོར་བའི་རླུང་བུ་རྒྱུ་ཕྱོགས་ལ་བལྟས་ཏེ།།
ལས་ལྕི་ཡང་གཉིས་ཀ་མཉམ་གཅིག་ཏུ་ཁུར་མྱོང་།།
ལ་རིང་ཐུང་གཉིས་ཀ་མཉམ་གཅིག་ཏུ་གཅོད་མྱོང་།།
གླུ་གཅིག་གི་མགོ་རྐང་གཞི་གཅིག་ཏུ་བསྡུས་ཏེ།།
མྱི་གཉིས་ཀྱི་ཚོར་བ་ཆིག་སྒྲིལ་རང་བྱས་ནས།།
སེམས་དུང་བའི་གཉོམ་ཤ་ཕྱི་རོལ་དུ་མངོན་ཏེ།།
ཞེ་སྐྱོ་བའི་མིག་ཆུ་གནས་གཅིག་ལ་བསྟིམས་མྱོང་།།
གཞིས་གཅིག་ཏུ་སྒོ་རྟགས་མཉམ་དུ་རང་རྒྱག་ངེས།།
༢༠༢༣.༥.༢༡.ཉིན་མགོ་ལོག་དགུ་སྟོད་དུ་བྲིས།
རྟོག་རིག་གི་རྟ་ཕོ།
རྟོག་རིག་གཏུབས་ནས་སེམས་ཀྱི་མེ་ཁ་གསོས།།
ལྕང་མའི་ནགས་ཀླུང་རི་བོའི་ཁབ་ཏུ་བཞེས།།
གནམ་སྔོན་དུས་ཀྱི་ཁུག་པ་རྒྱག་ཕྱོགས་ཀྱིས།།
གསོན་ལ་ངུ་སྐད་དོད་ཀྱང་འཆི་བར་བརྔམས།།
ལས་སྨོན་ཕྲེད་ཐག་བཅད་ནས་གསོན་ལ་སྐྱོ།།
སྤོབས་སེམས་སྟག་གི་བུ་ཆུང་དམར་ལྡང་མ།།
ཐིག་ལེ་དཀར་དམར་འཁྱུག་པའི་ང་རང་ཡིན།།
བསགས་འབྲས་ས་ལ་གཏོར་བའི་ང་རང་ཡིན།།
ཁྱུང་ཆེན་རྩལ་གྱིས་འཕུར་བའི་ཤུགས་འགྲོས་ཀྱི།།
ནམ་མཁའ་འཕྲེད་ཀྱིས་བཅད་པའི་སྣང་བ་ཅན།།
ལེགས་ཉེས་བསིལ་ཁང་འདབ་ཀྱི་བུ་ཆུང་ངས།།
སྐྱིད་སྡུག་འདར་ཤ་ངོམ་པའི་མདངས་ལ་གཟིགས།།
ལྗགས་རྩལ་ས་ཆེན་ངོམ་པའི་ནམ་མཁར་གསོན།།
ཡིད་འགྱུར་སེམས་བྱུང་ཚོན་གྱིས་བྱུག་ལ་ལྟོས།།
མགུར་འབུམ་ཉི་ཟེར་མྱི་སེམས་མེ་སྟག་འབར།།
འོད་འབར་གངས་དཀར་རི་ལ་སྨུག་ཆེན་ཐོགས།།
དབྱངས་འབྲས་རྟ་ཕོའི་ཁ་རྔོག་རླུང་གིས་བསྐྱོད།།
མི་ཚེའི་གྲུ་གཟིངས་རྒྱ་མཚོའི་ཕ་མཐར་བསྐྱོན།།
ཆོས་ཉིད་ནམ་མཁའ་བགྲེས་ལ་བགྲེས་སྐད་ཀྱི།།
སྙིང་ཀ་དྲག་ཏུ་འགུལ་བའི་དཀོན་མཆོག་ཉིད།།
ཡི་གེའི་རུས་ཚུགས་སོ་སོར་འཐོར་བ་འདིས།
ཚེ་རབས་སྐམ་ལ་སྦྱར་བའི་བསྔོ་ཡིག་བརྩམས།།
ལར་ནས་ངུ་ཤུམ་འཐེན་དགོས་མི་འདུག་སྟེ།།
ཡིད་ཀྱི་ཟུག་རྔུའི་བསླངས་པའི་ན་ཚ་ལགས།།
༢༠༢༢.༡༡.༡༢.ཉིན་མགོ་ལོག་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།