ཡིད་ཀྱི་སྒྲོན་མེ་གཤིན་རྗེས་བཀྲོངས་རྗེས།

རྨར་ལམ་བསྟན་འཛིན་ཚེ་དབང་། 琼迈文学网 2023-06-26
       --- རྒན་པད་མ་ཚེ་བརྟན་ལགས་འདས་རྗེས། 

གར་སོང་ངེས་མེད་ལས་ཀྱི་རྗེས་ཤུལ་བདས་ཏེ་སླེབས། །
གང་བཤད་མི་ཤེས་སྙིང་གི་གསེབ་ནས་སྒྲ་ཞིག་འབྱིན།།
རིན་ཐང་ཆེ་ཆུང་སྨྲ་མཁན་མ་ཡིན་གཏམ་གྱིས་བསྟན།།
རིག་པའི་ཕྲ་ཞིབ་ཡིག་འབྲུའི་ཡང་ལྕིས་མདུད་དཀྲོལ་བྱ།།

སྐྱེས་ཆེན་ཞབས་པད་བརྟན་པའི་བསྔོ་སྨོན་བཏབ་ན་ཡང་།།
ལྷིང་འཇགས་མ་ཎི་རྡོ་འབུམ་འགྲམ་དུ་ཕྲེང་ཐག་ཆད།།
ཚེ་བརྟན་མི་གཤིས་བརྟན་རུང་ཚེ་ནི་མི་བརྟན་ཅི།།
ཡིད་ཀྱི་སྒྲོན་མེ་གང་འདི་གཤིན་རྗེས་བཀྲོངས་དོན་ཅི། །

ལྕེ་རྩེར་ལ་རྒྱ་སྒྲོག་མཁན་མཚན་མོའི་སྐར་ལས་འབེལ།།
ཁ་ཞེ་གཉིས་མཐུན་ཁ་ལྗོངས་མཛེས་པས་སྤུད་མཁན་དཀོན།།
རྩོམ་རིག་གཤོག་ཟུང་རྒྱས་ཏེ་བོད་བརྙན་འཛམ་བུར་བཤམས།།
ས་མཐོའི་གཏམ་རྒྱུད་སྨྲ་མཁན་ཁྱེད་རང་ལྷག་ཏུ་དྲན།།

བཤད་འཕྲོར་ལུས་པའི་གཏམ་རྒྱུད་སུ་ཡིས་ཚང་བར་བཤད།།
ཧྲུག་ཆག་སོང་བའི་པར་མིག་སུ་ཡིས་ཚང་བར་བཟོ།།
དུས་ལ་ལྡོག་རྒྱུ་ཡོད་ཅིང་ཆོད་ཉིད་བཟློག་ཐུབ་ན།།
ཁྱེད་ལ་བརྟན་ཞིང་བདེ་བའི་གཟུགས་གཞི་ཡོད་པར་ཤོག།

སུ་ཡིས་བོད་ཀྱི་གློག་བརྙན་འཛམ་བུར་ཁྱབ་པར་བྱས།།
སུ་ཡིས་རྔུལ་ཆུས་པར་མིག་ཡང་ཡང་ཚོས་པར་བྱས།།
སུ་ཡིས་འཛུམ་གྱིས་བོད་ཀྱི་འཁྲབ་ཁྲིད་འཚར་བར་བྱས།།
སུ་ཡིས་རིགས་ཀྱི་སྤོབས་པ་གྱེན་དུ་གཟེང་བར་བྱས།།

མྱ་ངན་མང་དུ་བྱས་ཀྱང་དོན་དངོས་འགྱུར་དུ་མེད།།
མཆི་མས་སྙིང་ཁ་བརླན་རུང་དབུགས་དབྱུང་བསྩལ་དུ་མེད།།
དམ་པའི་སྙིང་སྟོབས་རྒྱུད་ལ་འཇགས་ཏེ་ད་ནས་བཟུང་།།
མ་འོངས་གངས་ཅན་འོད་ཀྱིས་བརྒྱན་ཕྱིར་རེམས་པར་འཚལ།།
         ༢༠༢༣ ༥ ༡༣ཉིན། ཧང་ཀྲོའུ་ནས། 

བརྩེ་དུང་རྣོ་དབལ་ཆེ་བའི་རལ་གྲི་འདྲ།

འཁོར་བའི་དོང་དུ་དིམ་ཞིང་རང་ཡིད་བྱི་དོར་དབེན་པས་ན། །
ཕོ་མོའི་བརྩེ་བས་བསྐྲུན་པའི་ན་བུན་དབུས་སུ་ཁྱི་སྨྱོན་བྱས།།
རྨོངས་འདྲེས་གཙེས་པའི་བློ་མོ་འདོད་ཆགས་ཞིང་དུ་ཟུག་རྔུས་གང་།།
དབང་པོ་ཐང་རུང་བློ་མིག་ལྡོང་བའི་ཆག་སྒོར་ལྷུང་བ་སྐྱོ།།

སྙིང་ཉེའི་བཀའ་སློབ་རྣ་རྒྱབ་ལྷགས་པར་བཏང་ནས་རྨོངས་ཁམས་ཉུལ།།
བཤེས་གཉེན་ལམ་སྒྲོན་མི་བསྟེན་དགའ་མའི་དཔང་དུ་མ་འོངས་གླེང་།།
ཐོས་བསམ་རྒྱང་དུ་བློད་ཅིང་ཆང་རག་ཡིད་གསོའི་བདུད་རྩིར་ལེན།།
ཤེས་རབ་ཁྲབ་རྨོག་ཕུད་ནས་སྙིང་གི་ཚིལ་ཡང་དགའ་མར་བསྟན།།

དགའ་དུས་འཛུམ་གྱིས་བསུ་ཞིང་ཁྲོས་དུས་དུག་བཞིན་རྒྱང་དུ་གྱེས།།
ཕོག་ཐུག་གཉིས་ཀར་བྱུང་རུང་བསམ་ཤེས་གྲུ་ཆར་དབབ་པ་དཀོན།།
སྙིང་གི་ཤེལ་ཀོ་ཧྲུག་ཆག་ཐེབས་རུང་ཕ་རོལ་ཡིད་ལ་འཆར།།
བརྩེ་དུང་བདེ་སྡུག་ཀུན་གྱི་གཞི་མ་འདྲ་བས་མེད་ན་དགའ།།

དུས་ཀྱི་ཆུ་ཐིགས་ཐུན་དྲུག་དབྱེར་མེད་འདས་ཟིན་རྒྱ་མཚོར་ལྷུང་།།
རིན་བྲལ་ཤེས་རབ་བསྐྱེད་པར་ཐོས་བསམ་ལམ་དུ་བརྩོན་འགྲུས་དགོས།།
དྭངས་གཙང་མེ་ལོང་སྙིང་དུ་འཁུར་ནས་སེམས་ཀྱི་མཚོན་མདོག་འབྱེད།།
རང་གཞན་ཀུན་གྱི་དགེ་རྩ་བསྐྱེད་ཆེད་བདག་གཞན་མཉམ་བརྗེ་བྱེད།།

ལང་ཚོའི་དཔལ་གྱིས་སྙེམས་པའི་བུ་ཆུང་ལས་ཀྱིས་གཞན་ཡུལ་འགྲིམས།།
ལང་ཚོའི་ས་བོན་གནའ་ནས་ས་མཐོར་བཏབ་པའི་དགེ་ལས་ཀྱིས།།
ལང་ཚོའི་ཟེགས་མས་གཞན་ཡུལ་བརླན་རུང་ཕ་ཡུལ་གཅིག་ལས་མེད།།
ལང་ཚོའི་མེ་ཏོག་ས་མཐོར་བཞད་ཆེད་བརྩེ་དུང་དུག་བཞིན་བསྐྱུར།།
              སྤྱི་ལོ་༢༠༢༣ལོའི་ཟླ་༣ཚེས་༢༡ཉིན། ཧང་ཀྲོའུ་ནས། 

སྙིང་དུ་བསུས་པའི་མེ་ལོང་ན་རེ།    

དུས་ཀྱི་ཆོམ་རྐུན་ལྐོག་གྱུར་ཆེ་ཞིང་རལ་གྲི་བཟུང་།།
ལང་ཚོའི་ལྗོན་པ་དུས་ཀྱིས་བརྙས་ཏེ་ག་ལེར་བསྒྱེལ།།
སྒྱུ་མའི་གྲོང་དུ་འཁྱམ་པའི་རྣམ་ཤེས་རྒོད་པོ་འདི།།
རྐང་རྗེས་མེད་པའི་ལམ་འགྲོའི་རྟུལ་ཞུགས་འཛིན་པར་མཁས།།

མེས་པའི་མཛད་འཕྲིན་སྨྲ་ལྕེའི་ཞིང་སར་བསྙལ་ནས་ལབ།།
རང་གི་ཁ་སྟབས་གྲོད་པའི་གཏིང་དུ་འདེད་ནས་སྦས།།
འཁྲབ་སྟོན་མཁས་པས་སྙིང་གི་རྩིག་ལྡེབས་རས་ཀྱིས་བསྒྲིབས།།
གང་བྱས་དེ་བཞིན་འཁོར་བའི་མེ་ལོང་ནང་དུ་འཆར།།

ཕྱི་ལུས་རྒྱན་གྱིས་སྤུད་ཅིང་དྲི་ཞིམ་ཆུ་ཡིས་བརླན།།
ནང་སེམས་ཐལ་རྡུལ་འཚུབ་ཅིང་སྒྱུ་མའི་ཟོལ་གྱིས་འཁྱོག།
རྫ་ཡི་མིག་ཤེལ་བཏགས་པས་ལན་གཅིག་ཐུགས་ཁག་མེད།།
ཕྱི་ནང་མ་འཛོལ་ཡིད་ཀྱིས་འདང་རྒྱག་ཞིབ་མོར་བྱོས།།

ལེགས་ན་བསྟོད་ཅིང་ཉེས་ན་དམོད་པའི་མཆུ་ཏོ་སྒུལ།།
བཟང་ན་བཀུར་ཞིང་ངན་ཚེ་འགོས་ནད་ཇི་བཞིན་གྱེས།།
ལེགས་ཉེས་གང་བྱུང་ཁ་བའི་ཟེགས་མས་སྙིང་ཁ་ཚོས།།
འགྱོད་པའི་ཆུ་དང་སྨྲེ་སྔགས་འཆོར་བའི་གནད་མ་མཆིས།།

སྙིང་དུ་མེ་ལོང་ཉར་ནས་དགེ་སྡིག་སྤང་བླང་འབྱེད།  །
ངག་སྒོར་སྒོ་ལྕགས་བརྒྱབ་ནས་གཏམ་གྱི་དགྲ་གྲོགས་འབྱེད། །
རང་བློ་རང་གིས་གཅུན་ནས་སྙིང་གི་ཚ་གྲང་མྱོང་།   །
གོམ་པ་མདུན་དུ་སྤོས་ནས་ལམ་གྱི་རིན་ཐང་མྱོང་།  །
    སྤྱི་ལོ་༢༠༢༣ལོའི་ཟླ་༣ཚེས་༢༤ཉིན། ཧང་ཀྲོའུ་ནས། 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡིད་ཀྱི་སྒྲོན་མེ་གཤིན་རྗེས་བཀྲོངས་རྗེས།

2023-06-26 རྨར་ལམ་བསྟན་འཛིན་ཚེ་དབང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།