གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལ་ཕུལ་བའི་སྙན་ཚིག་ལྷ་ཡི་རྔ་སྒྲ།

ཕོ་ལྷ།(ལྷ་ཐོག) 琼迈文学网 2023-07-23
པདྨའི་དབྱངས་ཀྱི་རྒྱུ་སྐུད་འདར་བ་ཡི། །
མཁའ་འགྲོའི་ཚིག་གི་ཟིལ་བ་ཆེ་ཆེར་འཐོར། །
བརྡ་གླུ་མེ་ཏོག་ར་བའི་ཉིན་སྲིབ་ནས། །
གཉུག་མའི་རྟ་ཁྱུ་ཡར་ལ་ཞོགས་ཀྱིན་གདའ། །
ངག་རིག་མགྲིན་པའི་མེ་ཏོག་བཞད་པ་ཡི། །
དབྱངས་ཅན་ལྷ་ཡི་དངོས་གྲུབ་ཁྱེད་ལ་འཕོས། །
རྨད་བྱུང་གླུ་ཡི་མེ་ཏོག་བཞད་པ་དང་། །
ཚོར་བའི་རྒྱུད་སྐུད་འཁྲོལ་ལ་མི་ཐོགས་པའི། །
ཚོགས་དྲུག་ངག་ལ་གྱེར་ཁྱོད་གཏན་དུ་བསྔགས། །  

སྣང་བ་སྐར་ཚོགས་སྟོང་གི་ས་ཚིགས་ནས། །
སྒྱུ་འཕྲུལ་ཚོར་བའི་རི་ཚོགས་ཉུན་གྱིན་འདུག །
རྟེན་འབྱུང་དབྱངས་ཀྱི་རྒྱལ་མོའི་ཐུ་འོག་ནས། །
གེ་སར་གླུ་ཡི་གཏེར་སྒོ་ཇི་ལྟར་འབྱེད། །
གདང་དབྱངས་ཁུ་བྱུག་སྟོང་གི་སྙན་འགྱུར་ལ། །
འགྲན་ལ་སྤོབས་པའི་མེ་ལྕེ་འཕྱུར་ཐེངས་རེར། །
ཁྱེད་ནི་མཁའ་འགྲོའི་འཕྲེད་གླིང་དཀར་པོ་ཡིན། །
ཁྱོད་ནི་ཚངས་སྲས་ལྷ་ཡི་པི་ཝང་ཡིན། །

སེམས་ཀྱི་རྒྱ་མཚོ་ཆེན་པོ་སྒུལ་བའི་སྐབས། །
དྲན་གདུང་མགུར་མའི་པོ་ཏི་རྩེག་བཞིན་པའི། །
སྙན་ཚིག་ངག་གི་དངོས་གྲུབ་ཐོབ་པ་ཁྱོད། །
སྐྱོ་བའི་མེ་ཏོག་བཏུ་བའི་བྱིས་པ་ཡིན། །
རྟོག་བཏགས་སྣང་བས་བསླུས་པའི་འཁྱར་པོ་ཡིན། །
དེ་བས་ཁྱོད་ལ་ངག་གི་བདག་པོ་འབོད། །
རབ་སྙན་རོལ་མོ་འཁྲོལ་ལ་ཁྱོད་ལས་སུ། །  

ལས་ཀྱི་ནགས་ཚལ་སྲུང་བའི་དུས་ཚིགས་དབར། །
རྣམ་རྟོག་སྨུག་པའི་ན་བོན་འཐེབ་ཀྱིན་འདུག །
བར་ཐག་རི་ཡིས་བཅད་པའི་ལོ་ཟླ་ལ། །
གདུང་བའི་མགུར་མ་འཐེན་ལ་མི་ངལ་བ། །
ཚེ་ཡི་ལས་འཕྲོ་ཟབ་པས་ཡིན་ཚོད་རེད། །
བརྩེ་བའི་གཡུ་སྦྲང་འཁོར་སའི་མིག་གཡང་མ། །
ཉིན་ཞག་སོ་རྩེར་བགྲང་བའི་ཕོ་རྐྱང་གི །
འཆར་ཡན་སྒྱུ་འཁྲུལ་ནང་གི་འཁོར་བ་ཡིན། །
དབྱངས་ཀྱི་རྒྱལ་སར་འགོད་པའི་ལྷ་མོ་ཡིན། །

སྲིད་པའི་གློག་གི་ཞལ་ལྕེ་འགྲིམ་པ་ཡི། །
ཚོར་བའི་ཟིན་ཐོ་འཛིན་མའི་ཕྱེད་ཀ་འགེང་། །
བརྟེན་འབྲེལ་ཤུགས་འབྱུང་རི་ཡི་མེ་ཏོག་དག །
ངོ་མཚར་དྲི་ཡི་གཞོན་པས་སྒུལ་བའི་དུས། །
རྒྱུ་འབྲས་ཚིག་གི་མཁར་རྫོང་རེ་རེ་ནས། །
རིག་འཛིན་ངག་གི་གཙང་བོ་རབ་ཏུ་གཙང་། །
ཆོས་ཉིད་ཀ་ཁའི་བྱ་ཁྱུ་འཕུར་བ་ལ། །
ཚེ་ཡི་མེ་ལོང་བསྟོན་ལ་མི་ལྷོད་པའི། །
ཡི་གེའི་འཇིག་རྟེན་འགྲིམ་ཁྱོད་ཨེ་མ་རྨད། །
སྒྲུང་གི་གྲོང་ཁྱེར་འཁྱར་བ་དོན་དང་ལྡན། །

ཤིན་ཏུ་སྙན་པའི་ངག་གི་རིག་བྱེད་ཀྱིས། །
མྱ་ངན་རི་དྭགས་ཚོགས་ཀྱི་མགོ་བོ་བྲེགས། །
སྣང་སྲིད་དོན་གྱི་ལ་མོ་བརྒལ་བའི་དུས། །
ངོ་མཚར་དབྱངས་ཀྱི་རྫ་རྔ་ཁྱེད་ཀྱིས་བརྡུངས།  །
གཉུག་སེམས་མགུར་མའི་ཕྲག་ནས་གང་དུ་བལྟས། །
ངག་རིག་འཕྲུལ་གྱི་དྲ་བ་དྲ་ཕྱེད་ལས། །
ཏིང་འཛིན་དབྱངས་ཀྱི་པི་ཝང་ཇི་ཙམ་གྲག །
དབྱངས་ཅན་ལྷ་ཡི་སྐྱོར་མ་མི་དགོས་པའི། །
ངག་གི་རྒྱལ་སྲས་ཁྱོད་ལ་ཡིད་ནས་དགའ། །
      ༢༠༢༣/༥/༢༢/ཉིན་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལ་ཕུལ་བའི་སྙན་ཚིག་ལྷ་ཡི་རྔ་སྒྲ།

2023-07-23 ཕོ་ལྷ།(ལྷ་ཐོག) ཀློག་གྲངས། མཆན ཡོད།
པདྨའི་དབྱངས་ཀྱི་རྒྱུ་སྐུད་འདར་བ་ཡི། །
མཁའ་འགྲོའི་ཚིག་གི་ཟིལ་བ་ཆེ་ཆེར་འཐོར། །
བརྡ་གླུ་མེ་ཏོག་ར་བའི་ཉིན་སྲིབ་ནས། །
གཉུག་མའི་རྟ་ཁྱུ་ཡར་ལ་ཞོགས་ཀྱིན་གདའ། །
ངག་རིག་མགྲིན་པའི་མེ་ཏོག་བཞད་པ་ཡི། །
དབྱངས་ཅན་ལྷ་ཡི་དངོས་གྲུབ་ཁྱེད་ལ་འཕོས། །
རྨད་བྱུང་གླུ་ཡི་མེ་ཏོག་བཞད་པ་དང་། །
ཚོར་བའི་རྒྱུད་སྐུད་འཁྲོལ་ལ་མི་ཐོགས་པའི། །
ཚོགས་དྲུག་ངག་ལ་གྱེར་ཁྱོད་གཏན་དུ་བསྔགས། །  

སྣང་བ་སྐར་ཚོགས་སྟོང་གི་ས་ཚིགས་ནས། །
སྒྱུ་འཕྲུལ་ཚོར་བའི་རི་ཚོགས་ཉུན་གྱིན་འདུག །
རྟེན་འབྱུང་དབྱངས་ཀྱི་རྒྱལ་མོའི་ཐུ་འོག་ནས། །
གེ་སར་གླུ་ཡི་གཏེར་སྒོ་ཇི་ལྟར་འབྱེད། །
གདང་དབྱངས་ཁུ་བྱུག་སྟོང་གི་སྙན་འགྱུར་ལ། །
འགྲན་ལ་སྤོབས་པའི་མེ་ལྕེ་འཕྱུར་ཐེངས་རེར། །
ཁྱེད་ནི་མཁའ་འགྲོའི་འཕྲེད་གླིང་དཀར་པོ་ཡིན། །
ཁྱོད་ནི་ཚངས་སྲས་ལྷ་ཡི་པི་ཝང་ཡིན། །

སེམས་ཀྱི་རྒྱ་མཚོ་ཆེན་པོ་སྒུལ་བའི་སྐབས། །
དྲན་གདུང་མགུར་མའི་པོ་ཏི་རྩེག་བཞིན་པའི། །
སྙན་ཚིག་ངག་གི་དངོས་གྲུབ་ཐོབ་པ་ཁྱོད། །
སྐྱོ་བའི་མེ་ཏོག་བཏུ་བའི་བྱིས་པ་ཡིན། །
རྟོག་བཏགས་སྣང་བས་བསླུས་པའི་འཁྱར་པོ་ཡིན། །
དེ་བས་ཁྱོད་ལ་ངག་གི་བདག་པོ་འབོད། །
རབ་སྙན་རོལ་མོ་འཁྲོལ་ལ་ཁྱོད་ལས་སུ། །  

ལས་ཀྱི་ནགས་ཚལ་སྲུང་བའི་དུས་ཚིགས་དབར། །
རྣམ་རྟོག་སྨུག་པའི་ན་བོན་འཐེབ་ཀྱིན་འདུག །
བར་ཐག་རི་ཡིས་བཅད་པའི་ལོ་ཟླ་ལ། །
གདུང་བའི་མགུར་མ་འཐེན་ལ་མི་ངལ་བ། །
ཚེ་ཡི་ལས་འཕྲོ་ཟབ་པས་ཡིན་ཚོད་རེད། །
བརྩེ་བའི་གཡུ་སྦྲང་འཁོར་སའི་མིག་གཡང་མ། །
ཉིན་ཞག་སོ་རྩེར་བགྲང་བའི་ཕོ་རྐྱང་གི །
འཆར་ཡན་སྒྱུ་འཁྲུལ་ནང་གི་འཁོར་བ་ཡིན། །
དབྱངས་ཀྱི་རྒྱལ་སར་འགོད་པའི་ལྷ་མོ་ཡིན། །

སྲིད་པའི་གློག་གི་ཞལ་ལྕེ་འགྲིམ་པ་ཡི། །
ཚོར་བའི་ཟིན་ཐོ་འཛིན་མའི་ཕྱེད་ཀ་འགེང་། །
བརྟེན་འབྲེལ་ཤུགས་འབྱུང་རི་ཡི་མེ་ཏོག་དག །
ངོ་མཚར་དྲི་ཡི་གཞོན་པས་སྒུལ་བའི་དུས། །
རྒྱུ་འབྲས་ཚིག་གི་མཁར་རྫོང་རེ་རེ་ནས། །
རིག་འཛིན་ངག་གི་གཙང་བོ་རབ་ཏུ་གཙང་། །
ཆོས་ཉིད་ཀ་ཁའི་བྱ་ཁྱུ་འཕུར་བ་ལ། །
ཚེ་ཡི་མེ་ལོང་བསྟོན་ལ་མི་ལྷོད་པའི། །
ཡི་གེའི་འཇིག་རྟེན་འགྲིམ་ཁྱོད་ཨེ་མ་རྨད། །
སྒྲུང་གི་གྲོང་ཁྱེར་འཁྱར་བ་དོན་དང་ལྡན། །

ཤིན་ཏུ་སྙན་པའི་ངག་གི་རིག་བྱེད་ཀྱིས། །
མྱ་ངན་རི་དྭགས་ཚོགས་ཀྱི་མགོ་བོ་བྲེགས། །
སྣང་སྲིད་དོན་གྱི་ལ་མོ་བརྒལ་བའི་དུས། །
ངོ་མཚར་དབྱངས་ཀྱི་རྫ་རྔ་ཁྱེད་ཀྱིས་བརྡུངས།  །
གཉུག་སེམས་མགུར་མའི་ཕྲག་ནས་གང་དུ་བལྟས། །
ངག་རིག་འཕྲུལ་གྱི་དྲ་བ་དྲ་ཕྱེད་ལས། །
ཏིང་འཛིན་དབྱངས་ཀྱི་པི་ཝང་ཇི་ཙམ་གྲག །
དབྱངས་ཅན་ལྷ་ཡི་སྐྱོར་མ་མི་དགོས་པའི། །
ངག་གི་རྒྱལ་སྲས་ཁྱོད་ལ་ཡིད་ནས་དགའ། །
      ༢༠༢༣/༥/༢༢/ཉིན་བྲིས་སོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།