རྣམ་རྟོག་གི་སྒྲོམ་ཁ་ཕྱེ་བ།
འདི་སྣང་འཁོར་བའི་རྨི་ལམ་བརྒྱ་སྟོང་།།
ཚེ་རབས་ཕྲེང་བའི་འོད་ཟེར་གསལ་མ།།
སྐྱེ་འཆི་འགྱུར་བག་ཆོས་ཉིད་བཙན་པོ།།
དགའ་སྐྱོ་ཆགས་སྡང་ཉིན་སྲིབ་གསར་བ།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
རྒྱང་ལ་ཕྱིན་པའི་ངག་རིག་དབྱངས་ཅན།།
མགུར་མའི་ཟླ་བ་སྤྲིན་གྱིས་བསྒྲིབས་སོང་།།
མཐའ་མེད་དྲན་ཤིང་ཟབ་མོའི་འོད་ཟེར།།
ཞེ་ལ་ཐོཊ་པའི་འཁོར་བར་འཁྱམས་སོང་།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
སྟོང་ཞིང་འཁྱག་པའི་མཐའ་མེད་འཁོར་བ།།
རྨི་ལམ་ཁེར་རྐྱང་སྒྲུང་གཏམ་གསར་མ།།
སེམས་ཀྱི་དུངས་སེམས་མགུར་གླུ་རིང་མོ།།
དྲན་པའི་ཡོན་ཆབ་རྒྱང་དུ་འཐོར་ཡོད།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
ཚོར་བའི་ཤུགས་རིང་ཚིག་ལ་བཏགས་ཡོད།།
སྙན་ངག་སྣང་བ་འཇའ་ཚོན་བསྲེས་ཡོད།།
འདི་སྣང་བདེན་པ་ཚིག་གིས་དྲངས་ཡོད།།
རྟོག་བཏགས་སྒྱུ་མའི་ཚོན་གྱིས་བསྒྱུར་ཡོད།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
༢༠༢༢༣.༩.༣ཉིན་བརྩམས།
རྩོམ་སྒྲིག་པ། དབང་མོ།
ཚེ་རབས་ཕྲེང་བའི་འོད་ཟེར་གསལ་མ།།
སྐྱེ་འཆི་འགྱུར་བག་ཆོས་ཉིད་བཙན་པོ།།
དགའ་སྐྱོ་ཆགས་སྡང་ཉིན་སྲིབ་གསར་བ།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
རྒྱང་ལ་ཕྱིན་པའི་ངག་རིག་དབྱངས་ཅན།།
མགུར་མའི་ཟླ་བ་སྤྲིན་གྱིས་བསྒྲིབས་སོང་།།
མཐའ་མེད་དྲན་ཤིང་ཟབ་མོའི་འོད་ཟེར།།
ཞེ་ལ་ཐོཊ་པའི་འཁོར་བར་འཁྱམས་སོང་།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
སྟོང་ཞིང་འཁྱག་པའི་མཐའ་མེད་འཁོར་བ།།
རྨི་ལམ་ཁེར་རྐྱང་སྒྲུང་གཏམ་གསར་མ།།
སེམས་ཀྱི་དུངས་སེམས་མགུར་གླུ་རིང་མོ།།
དྲན་པའི་ཡོན་ཆབ་རྒྱང་དུ་འཐོར་ཡོད།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
ཚོར་བའི་ཤུགས་རིང་ཚིག་ལ་བཏགས་ཡོད།།
སྙན་ངག་སྣང་བ་འཇའ་ཚོན་བསྲེས་ཡོད།།
འདི་སྣང་བདེན་པ་ཚིག་གིས་དྲངས་ཡོད།།
རྟོག་བཏགས་སྒྱུ་མའི་ཚོན་གྱིས་བསྒྱུར་ཡོད།།
ཚིག་གིས་བཏབ་པའི་སྙན་ངག་མཚོན་ཡོད།།
༢༠༢༢༣.༩.༣ཉིན་བརྩམས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།