ཀུན་མཁྱེན་འཇིགས་མེད་གླིང་པ་དྲན་པའི་གཏམ་ཐོལ་བྱུང་ངག་གི་རྒྱངས་གླུ་ཞེས་བྱ།

ཆོས་འབྱོར་རྒྱ་མཚོ།(རྫོགས་ཆེན) 琼迈文学网 2023-12-15
ཀ་དག་གདོད་མའི་དབྱིངས་ན་རྟག་མྱོས་ཤིང་།།
ལྷུན་གྲུབ་ལྷན་སྐྱེས་གཉུག་མའི་བཙན་ས་ཟིན།།
ཆོས་ཀུན་ཤར་བཞིན་གྲོལ་ཐོབ་རྫོགས་པ་ཆེའི།།
རྩལ་ཆེན་རྫོགས་པའི་རྣལ་འབྱོར་འཇིགས་གླིང་པ།།

རབ་དཀར་ཁ་བའི་རྡུལ་མང་བརྩེགས་པ་ལ།།
ཉི་མ་འབུམ་གྱིས་འོད་མདངས་ཕོག་པ་ལས།།
གསལ་བའི་མདངས་འཛིན་གོས་བཟང་རས་པ་དཀར།།
བཀླུབས་པའི་དམ་གཙང་སྔགས་འཆང་འཇིགས་གླིང་པ།།

འཇམ་མཉེན་འཁྲིལ་དཀུའི་ཕྱག་རྒྱ་གཡོ་དང་ལྷན།།
གནག་སྣུམ་དབུ་སྐྲས་གཉའ་ཁེབས་རྒྱན་དུ་དཔྱངས།།
ཕས་རྒོལ་འབུམ་གྱི་སྙིང་ལ་དབལ་ཚ་བ།།
འཇམ་དཔལ་གཤིན་རྗེ་གར་བསྒྱུར་འཇིགས་གླིང་པ།།

དུང་ཟླ་ཟླུམ་དུ་འཁྱིལ་བའི་དཔལ་འཕྱ་བའི།།
རུས་པའི་སྙན་ཀོར་ཕྲག་ལ་བརྟེན་པའི་ཟོལ།།
མཐོང་བའི་མོད་ལ་མཁའ་སྤྱོད་མཁའ་འགྲོའི་གྲོགས།།
རིག་འཛིན་རྣལ་འབྱོར་ཆེན་པོ་འཇིགས་གླིང་པ།།

རྡོ་རྗེའི་མཚོན་ཆ་ཕུར་བུ་སྙིམ་ལ་དོག།
འཕྱང་ཕྲུལ་དྲིལ་བུ་འཁྲིལ་དཀུ་གཡབ་མོའི་སྒྲ།།
རིང་ནས་ཐོས་པའི་མོད་ལ་ཆེ་དགུ་ཡི།།
དབུས་ན་བརྗིད་པའི་བླ་མ་འཇིགས་གླིང་པ།།

ཚིག་སྦྱོར་འབུམ་གཙང་བྱ་ཚིག་སྦྱར་བའི་ཆང་།།
འཐུང་འདོད་མགྲིན་པ་རིང་ན་རྐྱངས་པ་ལ།།
མྱོས་བྱེད་ངང་མོའི་དབྱངས་སྙན་གཏམ་གྱི་ཚོགས།།
རིན་ཆེན་རྒྱུད་མངས་སྦྲེང་མཁས་འཇིགས་གླིང་པ།།

འོག་མིག་མཁའ་སྐྱོད་དག་ཆེན་གསང་བའི་ལམ།།
ཇི་བཞིན་མངོན་མཁྱེན་མཁྱེན་རབ་འབྱམས་ཀླས་ཤིང་།།
རྡུལ་བྲལ་སྟོང་དབྱིངས་གད་རྒྱངས་སྒྲོག་མཁས་པའི།།
མི་འཇིགས་སེང་ཆེན་དཀར་པོ་འཇིགས་གླིང་པ།།

དུང་དཀར་ལྕང་ལོ་ལྡེམ་པ་ཉམས་དགའི་གནས།།
གཉུག་མའི་བཙན་ས་མི་ཟིན་ཕལ་བའི་སྡེའི།།
གྲང་བའི་ན་ཟུག་མྱངས་བའི་གངས་ལྗོངས་ན།།
གཞོལ་བྲལ་མི་ནུས་ཏེ་སེ་འཇིགས་གླིང་པ།།

རང་བྱུང་ལྷན་སྐྱེས་མཛེས་པའི་སྒེག་ལྡན་མ།།
བཅུ་དྲུག་ལྷ་མོ་འཛུམ་པའི་རང་བཞིན་གླུ།།
དབེན་པའི་རི་ནས་ད་ཧོའི་ག་ཞ་མཛད།།
སྙན་འགྱུར་འབུམ་ལྡན་ལྷ་མོ་འཇིགས་གླིང་པ།།

ཟོ་དོར་འབུམ་ཚོགས་འགྱིངས་པའི་བྲག་རི་ལ།།
མི་གཡོ་ཐུགས་ཀྱི་ངལ་གསོའི་སྟེགས་བཀོད་དེ།།
ཆོས་བརྒྱད་བོར་ཞིང་གྲོང་བའི་གཏམ་མ་ཐོས།།
རི་དྭགས་བྱ་ཁྱུའི་རྩེད་གྲོགས་འཇིགས་གླིང་པ།།

ཆུ་རྒྱུན་བསིལ་མོའི་ཝུ་བ་མགྲིན་ལ་བྲན།།
རྩྭ་ལྡུམ་བཅུད་ལྡན་བིམ་པ་ཟས་སུ་རོལ།།
སྙན་དགུའི་ཚིག་དོན་འདྲེས་མ་རྟག་ཏུ་སྒྲོག།
གདངས་སྙན་ཁུ་བྱུག་སྐྱེངས་བྱེད་འཇིགས་གླིང་པ།།

དམིགས་མེད་མཐའ་བྲལ་ཡར་ལྟོས་ལྷུན་པོ་ཆེ།།
བ་གམ་འབུམ་དུ་བརྩེགས་པ་མཁའ་ཡི་ཁམས།།
དེ་རུ་རྟོགས་པའི་གཤོག་འགྱུར་བརྒྱ་བྱས་ཤིང་།།
མ་རུང་སྦྲུལ་སྙིང་འབྱིན་མཁས་འཇིགས་གླིང་པ།།

རང་རིག་འགྱུར་མེད་བྱང་ཆུབ་སེམས་མཆོག་ལ།།
རྟག་ཏུ་རོལ་ཞིང་སྤྲོས་བྲལ་འོད་གསལ་གྱི།།
དགེ་ལེགས་གསར་བའི་སྣང་བ་ཡེ་ཤེེས་ཆེ།།
འཆར་བའི་རང་བྱུང་ནམ་མཁའ་འཇིགས་གླིང་པ།།

མ་མཐོང་མཐོང་བའི་གར་དུ་ཤར་བའི་ཆོས།།
སྒྱུ་འཕྲུལ་རྟེན་འབྲེལ་ཆོས་རྣམས་རྨི་ལམ་ལ།།
རོལ་རྩེད་ཉམས་དགའ་ལུང་རིགས་ངང་མོའི་གླུ།།
མཐའ་དང་ཟད་མེད་འཇོ་མཁས་འཇིགས་གླིང་པ།།

ཤུགས་འབྱུང་འཁོར་བར་སྐྱོ་ཤས་ཚད་མེད་པ།།
སྙིང་ལ་ཤར་ཏེ་འདུ་འཛིའི་བར་ཆད་ལས།།
རྒྱལ་ཕྱིར་དམ་བཅའ་ཆོས་བདུན་རྟག་བསྐྱངས་ཏེ།།
ཕྱོགས་ལས་རྒྱལ་བའི་དུང་སྒྲ་འཇིགས་གླིང་པ།།

ཧཱུྃ་ཕཊ་དྲག་སྔགས་དབལ་ཚ་རྡོ་རྗེའི་བྲག།།
མ་རུང་བསྟན་པའི་དགྲ་ལ་བསྒྱུར་མཁས་ཤིང་།།
སྒོམ་བྱུང་ཤེས་རབ་ཀློང་དུ་བརྡོལ་བའི་དཔལ།།
གངས་ལྗོངས་མཛེས་པའི་ཀློང་ཆེན་འཇིགས་གླིང་པ།།

ལོ་ཟླའི་དཀའ་གནད་མ་ལུས་གསལ་བའི་གཞུང་།།
བསྐལ་མང་དུ་མའི་གསང་བ་རྗེན་གྱུར་དུ།།
སྟོན་པའི་རྩིས་གཞུང་ཀུན་ལ་བྱན་ཆུད་པ།།
སྐར་རྩིས་རིག་པའི་མཛོད་འཆང་འཇིགས་གླིང་པ།།

མི་གཡོ་སྐྱིལ་ཀྲུང་རི་ལ་རྟག་བཅངས་ཤིང་།།
མཁའ་ཁྱབ་ཐུགས་རྗེ་ཡོངས་སུ་ལེགས་ཤར་ཏེ།།
ཕྱོགས་མེད་རི་ཆུ་འབུམ་སྟོང་ཡོངས་བརྒལ་ནས།།
གང་གི་དྲུང་དུ་མཇིང་པའི་དར་སྐུད་རྐྱངས།།

འགྲན་བྲལ་ཟླ་མེད་མཁས་གྲུབ་བསམ་ཡས་པ།།
གང་གི་ཞབས་སེན་རྟག་ཏུ་སྤྱི་གཙུག་ཏུ།།
བཀོད་པའི་སློབ་ཚོགས་རྒྱ་མཚོའི་ནོར་བུ་བཞིན།།
སྔ་འགྱུར་བསྟན་པའི་མགོན་དུ་ཏོག་བཞིན་དཔྱིད།།

བློ་འདས་རང་བྱུང་རྫོགས་པ་ཆེན་མོ་ཡི།།
ཀློང་ཆེན་སྙིང་ཐིག་མཛེས་ལ་ཁྱད་འཕགས་པའི།།
བཀའ་བསྟན་མུ་ཏིག་དཀར་པོ་བསྟར་བསྒྲིག་པ།།
མང་དུ་འབྱུང་བའི་གནས་མཆོག་ཉ་ཕྱིས་དཀར།།

སྙན་ངག་སྨྲ་བ་བརྗོད་ལ་ངལ་སྦྱིན་པའི།།
མཁས་དང་མཁས་པའི་གཙུག་ཏོར་ཅན་གང་ནི།།
གྲགས་པའི་སྙན་པ་ཡོངས་སུ་ཁྱབ་པའི་ལྗོངས།།
འཕྱོངས་རྒྱས་ཟླ་སྒྲོན་འཛུམ་མའི་སྲས་སུ་འཁྲུངས།།

ཆོས་ཀུན་གཡོ་མེད་རྗེན་པར་མཐོང་བའི་རྗེ།།
འཇིགས་མེད་གླིང་པའི་ལྗགས་ལས་མཆེད་པའི་གླུ།།
ན་ཆུང་སྙན་དུ་ལན་གཅིག་ཐོས་པས་ཀྱང་།།
ཆོས་གཏམ་སྨྲ་བའི་དབུས་སུ་ཡིད་འདི་གཡོ།།

འདི་སྨྲ་དམུ་རྒོད་གདོད་དམར་སྤྲེལ་བརྒྱུད་ཅན།།
ཅོལ་ཆུང་བླུན་པོའི་ཚོགས་སུ་ཁ་མང་པ།།
གང་དྲན་གང་བྱུང་ཐོལ་དུ་སྨྲ་བ་ཅན།།
བྱང་འབྲོག་རུས་པ་དཀར་པོ་ཅན་གྱིས་སྦྱར།།

འདི་ལྟར་ཐོལ་བྱུང་དྲན་པའི་གཏམ་འདི་ལ།།
ལེགས་ཤས་ཏིལ་འབྲུ་ཙམ་ཞིག་མཆིས་སྲིད་ན།།
སྔ་འགྱུར་བསྟན་པའི་ཟབ་གཞུང་རྒྱ་མཚོ་ལ།།
བརྩོན་དང་ཤེས་པའི་ནོར་བུ་བསྩལ་དུ་གསོལ།།

དེ་ལྟར་སྔ་འགྱུར་བསྟན་པའི་ཟབ་གཞུང་ལ།།
བློ་རྩེ་ཅུང་ཙམ་འཁོར་ཞིང་དགའ་བ་ཡིས།།
ཕ་མའི་གཙོ་བྱས་ཕས་རྒོལ་མཁའ་ཁྱབ་པའི།།
སེམས་ཅན་ཐམས་ཅད་དབྱིངས་སུ་འབྱོར་བ་ཤོག།
               ཚིགས་སུ་བཅད་པ་འདི་དག་འབྲི་འདོད་ཀྱི་སེམས་རང་ལ་སྙན་གཞུང་ཐོག་མར་འཆད་མཁན་མཁན་བསྟན་བཅོས་ཀྱིས་བྲིས་པའི་སྙན་རྩོམ་མཐོང་རྐྱེན་དང་རང་ཉིད་འཇིགས་མེད་གླིང་པའི་སྙན་ངག་ལ་དགའ་གུས་མི་དམན་བརྟས་པ་རྐྱེན་གྲོགས་བྱས་ནས་བྲིས་པའོ།།  དབྱུ་གུ་ཟླ་བའི་ཚེས༤ཉིན་ལ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀུན་མཁྱེན་འཇིགས་མེད་གླིང་པ་དྲན་པའི་གཏམ་ཐོལ་བྱུང་ངག་གི་རྒྱངས་གླུ་ཞེས་བྱ།

2023-12-15 ཆོས་འབྱོར་རྒྱ་མཚོ།(རྫོགས་ཆེན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།