ངོ་མཚར་རྟོགས་བརྗོད་མཆོད་བསྟོད་དད་པའི་མེ་ལོང་།

གངས་ཅན་ཆོས་དབྱིངས།(ཆབ་མདོ) 琼迈文学网 2024-05-24
༡༽
ཕུན་ཚོགས་རབ་བཞུར་ལི་ཁྲིའི་འོད་ཀྱི་བྱིན་རླབས་མཐའ་ཡས་མི་འཛད་གདོང་རིས་མཛེས་ཆགས་ལྷུན་པོ་མཁའ་ཡི་སྣང་སྲིད་བདེ་བའི་བཅུད་ཆེན་སྦྲང་རྩི་དམར་སེར་རོལ་བ་ཆེན་པོ་ཁྱེད་ནི་གང་འདོད་འགྲུབ་པ་འགྲོ་བའི་ལས་བྱེད་སྐྱོབ་པ་ལས་མཛད་ལེགས་ཚོགས་དཔའ་བོ་གངས་ཀྱི་རང་མདངས་རིག་པ་དཔྱོད་ཆེར་འཇིག་རྟེན་ལྷ་མིའི་བློ་ཡི་སྤོབས་པ་ཆེས་ཆེར་སྤེལ་བའི་གསུང་དབྱངས་ང་རོ་གད་མོ་རབ་སྒྲོག་ལམ་ཆེན་བགྲོད་པ་རྣམ་གྲོལ་ཟག་མེད་ཟད་པ་མེད་པར་མི་ཕྱེད་དད་པ་ལྷ་ཡི་འཕྲུལ། །
ལམ་ཆས་རྩིབས་སྟོང་འཁོར་ལོ་འཕྲུལ་ཤས་མྱུར་བར་སྐྱོད་དེ་སྐྱེ་བ་དུ་མ་བྱེ་བ་འབུམ་གྱི་སྔ་རོལ་ཡོན་ཏན་རྒྱ་མཚོ་ཚོགས་ལེགས་དཔག་མེད་ཤས་ཆེར་བསགས་པའི་མ་རུང་ལུས་ཅན་ཀུན་ཏུ་འཇོམས་ཏེ་འགྱུར་མེད་གཡུང་དྲུང་གཤིས་སུ་བརྟན་པ་སྟོན་པའི་སྟོན་པ་རྟོགས་པ་མི་མངོན་དབྱིངས་སུ་གཟེར་ནས་མི་འཐོར་ར་བའི་དཀྱིལ་དུ་འཚེར་ཏེ་འཚེ་མེད་བྱམས་དང་སྙིང་རྗེའི་འོད་ཀྱི་རང་གཟུགས་མི་ནུབ་སྣང་སྲིད་གང་དེ་ཤར་བའི་གཤོག་བཟང་གསེར་གྱི་རུ་དར་མཐོན་པོ་གང་ཉིད་གྱེན་དུ་སྒྲེང་། །
དགེ་ལེགས་རིན་ཆེན་སྤྲིན་དཀར་འདབ་སྟོང་མ་རྣམས་སྐྱེ་འགྲོའི་དོན་མཛད་ཆོས་སྦྱིན་ཆོས་ཀྱི་སྦྲང་རྩི་མངར་ཟིལ་འདི་ཉིད་དེ་དོན་སྐྱོད་པའི་འཁོར་འདས་བར་ནས་སྲད་བུ་སྐུད་པ་དྲང་ཐིག་གསེར་གྱིས་འཆུག་པ་མེད་པའི་ཐར་བའི་ལམ་བཟང་བཟང་པོ་ཕུན་ཚོགས་དཀྱིལ་དུ་འདེགས་པའི་བདེ་ཆེན་ཆོས་ཀྱི་དྭངས་མ་བཅུད་ཀྱིས་བཟི་སྟེ་སྙན་དངགས་འགྱུར་ཁུག་ཟེར་གྱིས་ངོ་མཚར་སྟོང་གི་རི་མོ་བཀྲ་བའི་ལྷུན་འགྲུབ་སྤོབས་པ་མ་ལུས་སྲོག་ལྡན་ཀུན་གྱི་སྙན་ལ་དགའ་བ་རབ་སྟེར་སྤྱོད་པ་རབ་མཆོག་དཔལ། །
མཁྱེན་དཔྱོད་ཡངས་པ་རྙེད་དེ་ཚད་ཐུབ་རྣམ་པར་གྲོལ་བའི་ལམ་ཆེན་འཆར་ཀའི་མདངས་ལྡན་གསེར་བཟང་བསྙེངས་པ་མི་མངའ་ཡོན་ཏན་སྟོབས་རྫོགས་བསྟན་པ་རིན་ཆེན་ལྷ་ཡི་རྒྱལ་མཚན་མཐོ་རུ་བཏེགས་པའི་ཞལ་བསིལ་པད་དཀར་མདངས་མཛེས་དཔལ་ལྡན་ཉིན་བྱེད་འབུམ་ཕྲག་རྒྱས་པའི་མཚན་ལེགས་རབ་འཁྱུད་མཚན་བཟང་མ་ལུས་རྒྱན་དུ་བཀོད་པའི་སྐལ་བཟང་དུས་ཀྱི་སྟོན་པར་བཞེད་པའི་དྭངས་བཅུད་བདུད་རྩི་ཧུབ་ཀྱིས་འཐུངས་ཏེ་མཐོན་པོ་ལྷ་ཡི་རང་གཟུགས་ངོམ་སྟེ་མི་མཇེད་འཇིག་རྟེན་འདི་རུ་ཆས་ནས་བླང་དོར་སྟོན།
 
༢༽
ངོ་བོ་མ་རིག་སྒྲིབ་གཉིས་མུན་པ་གཡའ་རུ་དག་པའི་རྣམ་དག་ཉིད་སྐུ་རྣམ་ཀུན་མཁྱེན་པའི་ཆུ་ཟིལ་དྭངས་མས་འགྲོ་བའི་རྒུད་པ་འདམ་རྫོབ་རྙོག་པ་རྩ་བར་དག་པའི་དམ་པ་ཀུན་གྱི་གཤིས་ལུགས་ལུགས་བཟང་བཟང་པོའི་དཔལ་དུ་རོལ་བའི་རྣམ་པ་དག་པའི་ཡབ་རྗེ་མཆོག །
ཆོས་ཀྱི་རང་བཞིན་སྣང་བ་འོད་གསལ་ལུས་པ་མེད་པ་ནང་དུ་འཆར་བའི་འཆི་མེད་རླུང་སེམས་མཁའ་ནས་གཤོག་པའི་གཤོག་བཟང་རྟོགས་པ་ཡེ་ཤེས་ཤེས་རབ་རབ་ཏུ་ཚིང་བའི་མཚུངས་པ་མེད་པ་འཇིག་རྟེན་ཀུན་རྟོག་ཀུན་དང་བྲལ་བ་རྣམ་པར་གྲོལ་བའི་མཐའ་རུ་ཕྱིན་པའི་སྐུ། །
སྤྲུལ་པ་མ་ལུས་གང་ལ་གང་འདོད་ཡིད་འོང་རྣམ་པར་མཛེས་ཆགས་བཞེད་པའི་དམ་པའི་རང་རྟགས་རང་སེམས་དག་པའི་བརྗིད་ཉམས་ཆགས་པའི་ཆགས་ཐོགས་ཀུན་བྲལ་ཀུན་བཟང་སྣང་བ་འགྲོ་བའི་གནས་རྣམས་རྣམ་ཀུན་གཟིགས་པའི་དྲི་མེད་ཡེ་ཤེས་ཆེས་ཆེར་འབར་བའི་དམིགས་པ་མེད་པའི་དབྱིངས་ཀྱི་སྐུ། །
ལོངས་སྤྱོད་ཡོན་ཏན་འཛད་མེད་སྙེ་མ་ངེས་པ་ལྔ་ལྡན་མངོན་པ་མེད་པ་འོག་མའི་གནས་ཀྱི་དག་པའི་སྣང་བ་རབ་ཏུ་སྣང་སྟེ་སྣང་སྲིད་རྣམ་དག་བདེ་ཆེན་ཡེ་ཤེས་མཁའ་རུ་འབར་བའི་འབད་མེད་ལྷུན་འགྲུབ་ཤེས་རབ་རྩོལ་མེད་གཤོག་པའི་མཁའ་དབྱིངས་ཡོངས་ཁྱབ་རྫོགས་པའི་སྐུ། །
 
༣༽
སྐྱེ་མེད་དབྱིངས་ལས་མཐོང་ལ་འཛུམ་པ་མངོན་དགའི་ཡེ་ཤེས་ཉི་མ་འབར་བའི་འོད་ཟེར་སྣང་བ་ཅི་ཡང་འཆར་བ་འགྲན་དུ་བྲལ་བའི་ཟག་དང་བཅས་པ་ཀུན་ལས་གྲོལ་བའི་ཀུན་བཟང་སྣང་བ་འབུམ་གྱིས་ཚིང་བའི་ངེས་དོན་རང་བྱུང་དག་པའི་དབྱིངས་ཀྱི་ངོ་བོ་རྫོགས་པའི་སྐུ། །
དཀར་གསུམ་བདུད་རྩི་མི་ཟད་སྣང་བ་ཁྱེད་ལ་བསྟོད་ན་དུས་གསུམ་ལེགས་ཉེས་ཐམས་ཅད་སྐྱོབ་པའི་སྐྱེ་བ་ཀུན་ཏུ་ཡེ་ནས་དག་སྟེ་མཁའ་ལ་ལྡིང་བའི་གཤོག་བཟང་རྩལ་རྫོགས་རྫོགས་པའི་སངས་རྒྱས་མ་བཤད་གསལ་བའི་བསམ་པ་ལེགས་ཚོགས་ཚོགས་ཀྱི་རྒྱལ་པོ་དམ་པ་ཁྱེད་ལ་གུས། །
གསང་བ་ཡེ་ཤེས་མེ་ཏོག་ཟེའུ་འབྲུ་དྭངས་བཅུད་རྒྱ་མཚོ་ཧུབ་ཀྱིས་འཐུང་བའི་དགེ་ལེགས་འབུམ་ཕྲག་མཁའ་ལ་ཁྱབ་པའི་ཁྱབ་བདག་བླ་མེད་བློ་སེམས་དག་ནས་དད་པའི་ཕྱག་ཡུལ་མི་ཕྱེད་རྡོ་རྗེ་སྐུ་རུ་བཞེངས་པའི་ཁྱེད་ལས་འཕགས་པའི་འཕགས་མཆོག་ཆེན་པོ་མགོན་པོ་ཁྱེད་ལ་བསྟོད། །
ལུགས་ཟུང་ཟླ་གཞོན་འོད་ཀྱི་མེ་ཕུང་ཆོས་ཀྱི་ལྗོན་པ་གངས་རིའི་མེ་ལོང་ངོས་སུ་འཆར་ཏེ་ཁ་བ་རི་བོའི་དཔལ་དང་འབྱོར་བ་མུ་མཐའ་མེད་པའི་གཏིང་ཟབ་ཆེན་པོ་འཛམ་བུ་རྒྱ་མཚོ་གཡས་སུ་འཁྱིལ་བ་ལེགས་སུ་བསྐྲུན་ཏེ་བསྟན་པ་ཉི་ཟླ་ངོ་མཚར་འདི་རུ་བཞག །
                      
༤༽
ཡོངས་གྲུབ་ལེགས་པའི་སྙན་བརྒྱུད་དམ་ཟབ་རང་རྒྱུད་སྨིན་ཏེ་རྒྱལ་བའི་བཤད་སྒྲུབ་ཁུར་ཆེན་འདེགས་པའི་གཙུག་རྒྱན་རིག་པའི་དཔའ་བོ་གང་དེས་ཤར་ནུབ་གང་སར་གཙུག་ལག་རྒྱ་མཚོའི་འཇུག་ངོགས་ལམ་གྱི་ཐིག་ལེ་རི་མོ་མ་ཟད་གཡོ་མེད་དྲང་བའི་ཐད་དུ་སྦྱར་བའི་མཁས་པའི་ནོར། །
བཀྲ་ཤིས་ལེགས་ཚོགས་རྟག་བརྟན་མི་ནུབ་རྒྱལ་མཚན་བ་གམ་མཐོན་པོའི་དབྱིངས་སུ་སྒྲེང་བའི་ལུགས་གཉིས་ཕྲིན་ལས་ལེགས་བཤད་ཛམྦུ་བསྐལ་བཟང་མཁའ་ལ་ཆོས་ཀྱི་ལུང་རིགས་སྦྲང་རྩི་གཏོར་ནས་གངས་རིའི་རྒྱབ་རྟེན་དུང་གི་ཟླ་བ་ཆོས་སྲིད་ལུགས་བཟང་གཤོག་ཡང་ཐོགས་པའི་སེམས་དཔའ་ཆེ། །
ཕྱོགས་ཀྱི་ཐ་གྲུ་ཡངས་པ་ཆེན་པོའི་མཐའ་མེད་རྒྱལ་ཁམས་གང་དེར་གྲགས་པའི་མཚན་སྙན་ཀུན་ཏུ་འབར་བའི་རྣམ་དག་གཏེར་ཆེན་བདེ་བ་ཆེན་པོ་ཆོས་ཀྱི་ཡང་སྙིང་མཐའ་བྲལ་འོད་ཀྱི་ཆོས་ཉིད་མི་ཟད་མཁའ་ལ་ལྡིང་སྟེ་ཤེས་བྱ་མ་ལུས་རབ་ཏུ་གསལ་བའི་མཁྱེན་གཉིས་དཔལ། །
རྒྱལ་ཀུན་གསང་བ་ཡེ་ཤེས་རྒྱན་གྱི་འཁོར་ལོ་འབར་བའི་ངོ་མཚར་རིགས་པའི་འོད་ཀྱི་བྱིན་རླབས་ཚན་ཁ་ཆེས་ཆེར་བཞུར་བའི་ཀུན་བཟང་ཆོས་ཀྱི་ཤིང་རྟ་འདྲེན་པའི་དཔའ་བོ་མི་འཇིགས་གཟུངས་སྤོབས་ལས་འཁྲུངས་ལེགས་བཤད་བདུད་རྩིའི་ཆར་བ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་འབེབས་མཛད་པ། །
༥༽
རྣམ་གྲོལ་ལམ་བཟང་ཚོགས་གཉིས་རྒྱ་མཚོ་ཇི་ལྟར་བསྲུབས་པ་ལས་འཁྲུངས་ཡེ་ཤེས་མི་ཤིག་རྡོ་རྗེའི་སྣང་བ་མཁའ་རུ་འཆར། །
མཛད་འཕྲིན་འོད་སྟོང་མི་ཟད་དོན་ལྡན་བགྱིད་པའི་དབྱངས་ཆར་ས་སྟེང་དབྱངས་ཀྱིས་ལུས་པ་མེད་པ་ཐམས་ཅད་ཡིད་སེམས་འགུག །
བདེ་ཆེན་འོག་མིན་འོད་གསལ་གཞི་དབྱིངས་རྣམ་དག་བཅུད་ཆེན་ཟས་སུ་རོལ་བའི་མང་ཐོས་ཡོན་ཏན་རིན་ཆེན་ནོར་བུའི་རྒྱན། །
ཡོན་ཏན་འོ་མ་གངས་དཀར་རི་བོ་གཙང་མ་ཆབ་རྒྱུན་རབ་ཏུ་བཞུར་བའི་ཀུན་བཟང་ཕུན་ཚོགས་གསེར་གྱི་གདེངས་ཀ་ཅན། །

༦༽
བསོད་ནམས་བྱེ་བ་འབུམ་ཚོགས་ལེགས་པར་མཁྱེན་པའི་མཆོད་སྡོང་ཁྱེད་ལས་མཚུངས་པ་མཐོན་པོ་དུང་གི་ཟླ་བ་ཁྱེད་ལས་སུ། །
ནམ་ཕུགས་གཏན་གྱི་བདེ་བ་ཟོལ་མེད་དབྱིངས་ཀྱི་རོལ་བ་རྒྱ་མཚོ་ཆེན་པོ་མཁའ་རུ་ལྡིང་པའི་བསྟན་པའི་ནོར་གྱི་དཔལ། །
སྙིང་སྟོབས་གཡོ་མེད་འདབ་སྟོང་འཁྲོལ་བའི་འཁྲུལ་མེད་སེམས་ཀྱི་རང་ས་ཟིན་པའི་གཟུངས་སྤོབས་རིན་ཆེན་གཏེར་གྱི་མཁར་སྒོ་ཅན། །
རང་བྱུང་ཡེ་ཤེས་གངས་རི་མུ་ཁྱུད་འཛད་མེད་སྣང་བས་རྒྱལ་བསྟན་ཉིན་མོ་ཡོངས་སུ་གསལ་བའི་གསལ་བྱེད་རིགས་པའི་སྒོ་འབྱེད་དཔལ། །
                                                   ༢༠༢༣/༥/༢༣/ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངོ་མཚར་རྟོགས་བརྗོད་མཆོད་བསྟོད་དད་པའི་མེ་ལོང་།

2024-05-24 གངས་ཅན་ཆོས་དབྱིངས།(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།