སྨིག་རྒྱུའི་ཕོ་བྲང་།(ཞར་བཀོད་གཅིག)

ལྡེའུ་ནག(ལྷ་ས།) 琼迈文学网 2024-06-17
ངས་རྨི་ལམ་སྟོང་པའི་ནགས་ཚལ་ནས། །
ནང་ཀུན་རྟོག་འཆར་ཡན་གྲོགས་སུ་སྦྲན། །
ཡུལ་འཇིག་རྟེན་བཀོད་པ་སྣ་ཚོགས་དག །
ངག་བདེ་མོ་ཞིག་གིས་གླུ་རུ་བླངས། །

དབྱར་སྔོ་ལྗང་རྩྭ་ཐང་མཛེས་པའི་དཔལ། །
མིག་བརྡེབ་ཙམ་ཉིད་ནས་རྒྱང་ལ་འཕུར། །
འཕུར་སོང་ཡང་སང་ལོ་བསྒུག་ཆོག་ཀྱང་། །
དགུན་ཟླ་བའི་དུས་ཚིགས་ལོ་ལས་རིང་། །

མི་ཕལ་བའི་ཚེ་ལུས་གཡར་མ་འདི། །
དགུང་སྤྲིན་དཀར་ལས་ཀྱང་བྲེལ་བ་ཆེ། །
བྲེལ་ཆེ་ཡང་ཐོབ་པ་ཉུང་དྲགས་པས། །
སྐབས་རེ་འགར་སེམས་ལ་སྐྱོ་སྣང་བཞག །

རླུང་བསིལ་བསིལ་ལྡང་བའི་སྟོན་ཁ་འདི། །
མིའི་ལུས་སེམས་གྲང་པའི་དུས་ཚོད་རེད། །
ལག་སྙུ་གུ་འདར་བའི་སྙན་ངག་པས། །
ངག་ཕལ་ཆེར་རྣོ་སྦྲེང་སྐད་དུ་བསྒྱུར། །

གནས་འདི་ཡི་འདུ་འཛི་རབ་རིབ་ཁྲོད། །
མདོག་གསལ་བའི་མེ་ཏོག་གཅིག་ཙམ་མིན། །
དེའི་ཁྲོད་ཀྱི་འཕྱོར་སྒེག་ལང་ཚོ་ཅན། །
མི་བདག་གི་སྨིག་རྒྱུའི་ཕོ་བྲང་ཡིན། །

ལས་མཐུན་པའི་སྣང་བ་སད་གྱུར་ན། །
ཕྱི་དངོས་པོའི་དཔལ་ཡོན་དབུལ་ཡང་ཆོག །
ནང་སེམས་ཉིད་ཆུ་བོ་གཅིག་འདྲེས་ནི། །
ཡུལ་འཇིག་རྟེན་འཁོར་བའི་སྙིང་པོ་ཡིན། །

ནང་མཛའ་བས་བརླན་པའི་ཤོག་དཀར་ངོས། །
ཚེ་གཅིག་གི་འདས་མ་ད་གསུམ་བྲིས། །
ཡང་རེ་རེ་བྲིས་རྗེས་རེ་རེ་བསུབས། །
ཡང་རེ་རེ་བསུབ་རྗེས་རེ་རེ་ངུས། །

ལམ་དཀར་ནག་མང་བའི་མི་ཚེ་འདི། །
དཔེ་བཞག་ན་སྨིག་རྒྱུའི་ཕོ་བྲང་འདྲ། །
ཡང་ཡོད་ཡོད་འདྲ་ལ་མེད་མེད་འདྲ། །
སྐབས་འགའ་རེར་འཇམ་ལ་སྐབས་རེེར་རྩུབ། །

སེམས་སྨྲེང་བས་བརླན་པའི་དུས་ཚོད་དག །
མིག་མཆི་མ་བྲུག་པའི་ཉིན་ཞག་ཡིན། །
ལོ་ཟླ་བ་ཁད་ཀྱིས་འདས་པའི་མཚམས། །
དོན་ཡོད་ཚད་སྟོང་པའི་དབྱིངས་སུ་ཡལ། །
             2023.9.23

བརྩེ་བའི་ཐོལ་བྱུང་།

ཉིན་གྱི་སྣང་བ་མཚན་གྱི་རྨི་ལམ་དང་། །
ཡུལ་གྱི་འཕོ་འགྱུར་དུས་ཀྱི་ཁྱད་པར་སོགས། །
ཅི་ཡང་མེད་པར་སྣང་བའི་མཚོ་ཁ་ན། །
མེ་ཏོག་བཞིན་དུ་པད་ཚལ་རྒྱས་པ་འམ། །
གཙང་པོ་ནང་བཞིན་དྲག་ཏུ་འདྲེས་པ་ལྟར། །
རྟག་པར་ཁྱོད་ཀྱི་ཕྱི་ནང་ཡིད་ལ་འཇགས། །

ཞལ་འཛུམ་ཨུཏྤལ་རྒྱས་པའི་ཚལ་དེ་ན། །
ཁྲེལ་གཞུང་ཟེའུ་འབྲུའི་ན་ཚོད་རབ་ཏུ་སྨིན། །
བདག་ཉིད་གཡུ་སྦྲང་བཞིན་དུ་འཕུར་བའི་ཚེ། །
ཁྱོད་ཀྱི་ལང་ཚོ་ཟླ་བ་གཞོན་ནུའི་མདངས། །
ལོངས་སུ་སྤྱོད་པའི་སྐལ་བཟང་བདག་ལ་བཞག །
འདི་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ལ། །

མཛའ་བརྩེའི་མ་བུ་གཅིག་ཏུ་འདྲེས་པའི་མི། །
འཚོ་བའི་སྡེ་མཐའ་གང་དུ་ཉུལ་དགོས་ཀྱང་། །
གཏན་དུ་བདག་གི་སྣང་བའི་མེ་ལོང་ངོགས། །
ལས་ཀྱི་གཟུགས་བརྙན་རི་མོ་འཆར་བ་ལྟར། །
བསུབ་ཏུ་མེད་ཅིང་རྟག་ཏུ་ཡལ་བ་མེད། །
འདི་ནི་གཏན་ཚིགས་རྡོ་རྗེའི་བྲག་རི་ཡིན། །
              2024.2.29
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྨིག་རྒྱུའི་ཕོ་བྲང་།(ཞར་བཀོད་གཅིག)

2024-06-17 ལྡེའུ་ནག(ལྷ་ས།) ཀློག་གྲངས། མཆན ཡོད།
ངས་རྨི་ལམ་སྟོང་པའི་ནགས་ཚལ་ནས། །
ནང་ཀུན་རྟོག་འཆར་ཡན་གྲོགས་སུ་སྦྲན། །
ཡུལ་འཇིག་རྟེན་བཀོད་པ་སྣ་ཚོགས་དག །
ངག་བདེ་མོ་ཞིག་གིས་གླུ་རུ་བླངས། །

དབྱར་སྔོ་ལྗང་རྩྭ་ཐང་མཛེས་པའི་དཔལ། །
མིག་བརྡེབ་ཙམ་ཉིད་ནས་རྒྱང་ལ་འཕུར། །
འཕུར་སོང་ཡང་སང་ལོ་བསྒུག་ཆོག་ཀྱང་། །
དགུན་ཟླ་བའི་དུས་ཚིགས་ལོ་ལས་རིང་། །

མི་ཕལ་བའི་ཚེ་ལུས་གཡར་མ་འདི། །
དགུང་སྤྲིན་དཀར་ལས་ཀྱང་བྲེལ་བ་ཆེ། །
བྲེལ་ཆེ་ཡང་ཐོབ་པ་ཉུང་དྲགས་པས། །
སྐབས་རེ་འགར་སེམས་ལ་སྐྱོ་སྣང་བཞག །

རླུང་བསིལ་བསིལ་ལྡང་བའི་སྟོན་ཁ་འདི། །
མིའི་ལུས་སེམས་གྲང་པའི་དུས་ཚོད་རེད། །
ལག་སྙུ་གུ་འདར་བའི་སྙན་ངག་པས། །
ངག་ཕལ་ཆེར་རྣོ་སྦྲེང་སྐད་དུ་བསྒྱུར། །

གནས་འདི་ཡི་འདུ་འཛི་རབ་རིབ་ཁྲོད། །
མདོག་གསལ་བའི་མེ་ཏོག་གཅིག་ཙམ་མིན། །
དེའི་ཁྲོད་ཀྱི་འཕྱོར་སྒེག་ལང་ཚོ་ཅན། །
མི་བདག་གི་སྨིག་རྒྱུའི་ཕོ་བྲང་ཡིན། །

ལས་མཐུན་པའི་སྣང་བ་སད་གྱུར་ན། །
ཕྱི་དངོས་པོའི་དཔལ་ཡོན་དབུལ་ཡང་ཆོག །
ནང་སེམས་ཉིད་ཆུ་བོ་གཅིག་འདྲེས་ནི། །
ཡུལ་འཇིག་རྟེན་འཁོར་བའི་སྙིང་པོ་ཡིན། །

ནང་མཛའ་བས་བརླན་པའི་ཤོག་དཀར་ངོས། །
ཚེ་གཅིག་གི་འདས་མ་ད་གསུམ་བྲིས། །
ཡང་རེ་རེ་བྲིས་རྗེས་རེ་རེ་བསུབས། །
ཡང་རེ་རེ་བསུབ་རྗེས་རེ་རེ་ངུས། །

ལམ་དཀར་ནག་མང་བའི་མི་ཚེ་འདི། །
དཔེ་བཞག་ན་སྨིག་རྒྱུའི་ཕོ་བྲང་འདྲ། །
ཡང་ཡོད་ཡོད་འདྲ་ལ་མེད་མེད་འདྲ། །
སྐབས་འགའ་རེར་འཇམ་ལ་སྐབས་རེེར་རྩུབ། །

སེམས་སྨྲེང་བས་བརླན་པའི་དུས་ཚོད་དག །
མིག་མཆི་མ་བྲུག་པའི་ཉིན་ཞག་ཡིན། །
ལོ་ཟླ་བ་ཁད་ཀྱིས་འདས་པའི་མཚམས། །
དོན་ཡོད་ཚད་སྟོང་པའི་དབྱིངས་སུ་ཡལ། །
             2023.9.23

བརྩེ་བའི་ཐོལ་བྱུང་།

ཉིན་གྱི་སྣང་བ་མཚན་གྱི་རྨི་ལམ་དང་། །
ཡུལ་གྱི་འཕོ་འགྱུར་དུས་ཀྱི་ཁྱད་པར་སོགས། །
ཅི་ཡང་མེད་པར་སྣང་བའི་མཚོ་ཁ་ན། །
མེ་ཏོག་བཞིན་དུ་པད་ཚལ་རྒྱས་པ་འམ། །
གཙང་པོ་ནང་བཞིན་དྲག་ཏུ་འདྲེས་པ་ལྟར། །
རྟག་པར་ཁྱོད་ཀྱི་ཕྱི་ནང་ཡིད་ལ་འཇགས། །

ཞལ་འཛུམ་ཨུཏྤལ་རྒྱས་པའི་ཚལ་དེ་ན། །
ཁྲེལ་གཞུང་ཟེའུ་འབྲུའི་ན་ཚོད་རབ་ཏུ་སྨིན། །
བདག་ཉིད་གཡུ་སྦྲང་བཞིན་དུ་འཕུར་བའི་ཚེ། །
ཁྱོད་ཀྱི་ལང་ཚོ་ཟླ་བ་གཞོན་ནུའི་མདངས། །
ལོངས་སུ་སྤྱོད་པའི་སྐལ་བཟང་བདག་ལ་བཞག །
འདི་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ལ། །

མཛའ་བརྩེའི་མ་བུ་གཅིག་ཏུ་འདྲེས་པའི་མི། །
འཚོ་བའི་སྡེ་མཐའ་གང་དུ་ཉུལ་དགོས་ཀྱང་། །
གཏན་དུ་བདག་གི་སྣང་བའི་མེ་ལོང་ངོགས། །
ལས་ཀྱི་གཟུགས་བརྙན་རི་མོ་འཆར་བ་ལྟར། །
བསུབ་ཏུ་མེད་ཅིང་རྟག་ཏུ་ཡལ་བ་མེད། །
འདི་ནི་གཏན་ཚིགས་རྡོ་རྗེའི་བྲག་རི་ཡིན། །
              2024.2.29
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།