༄༅།།ཨ་ཅག་ཨེ་ཁྲིHལ་བཏང་པའི་གཞས།(ཞར་བཀོད་གཅིག)

ཚེ་ཤིས་ལྷ་དོན།(ཨ་མཆོག) 琼迈文学网 2024-06-18
སེམས་ལ་རླུང་བུ་ཤིག་ཤིག་གིས།།
གནས་མོའི་ཞལ་རས་ལམ་ལམ་གཡོས།།
ངག་ཚིག་འཛིན་པ་མེད་ན་ཡང་།།
ཨ་ཅག་ཨེ་ཁྲི་འཛུམ་དམུལ་དམུལ།།

མང་པོའི་དཀྱིལ་གྱི་འཛུམ་ཡག་མ།།
སེམས་པའི་གསེང་གི་བག་ཡོད་མ།།
ཐབས་དང་བཀོད་པའི་བདག་མོ་མ།།
ཨ་ཅག་ཨེ་ཁྲི་གཞུང་དྲང་མ།།

དགོད་ཞོར་སྙིང་ཆུང་རྐུ་མཁས་མ།།
འཛུམ་ཞོར་བློ་ཡིད་འབྲིད་ཤེས་མ།།
གཡས་བསྐྱངས་གཡོན་བསྐུམས་ཏཱ་རེ་མ།།
ཉེར་གཅིག་བརྩིས་ཀྱང་མང་མེད་མ།

དེ་རིང་འཕྲིན་གྱི་ཉི་འོད་མ།།
སང་ཉིན་ཞེན་པའི་མེ་ལྕེ་མ།།
ད་ལྟ་མིག་གི་ཡིད་འོང་མ།།
མ་འོངས་བསྐལ་པར་བརྗེད་མེད་མ།།

གློ་ལ་འདོགས་པའི་ལས་མེད་ཀྱང་།།
སེམས་ལ་ཟུག་པ་བསུབ་ཏུ་བྲལ།།
ཟླ་བ་རི་བོང་ངང་ཚུལ་གྱིས།།
ཚེ་འགྲོགས་ཡིན་ན་ཨེ་མ་ཧོ།།

ཆང་ལ་མ་སྦྱར་མཆུ་འདབ་སྦྱར།།
མཆུ་ལ་མ་སྦྱར་མཆིན་པ་སྦྱར།།
མཆིན་ལ་མ་སྦྱར་གློ་ལ་སྦྱར།།
གློ་ལ་མ་སྦྱར་སྙིང་ལ་སྦྱར།།

དེ་ལྟའི་སྐལ་བ་བཟང་པོ་དག།
མངོན་ན་མེད་ཀྱང་ཆོག་པ་སྟེ།།
ལྐོག་ནས་འབྱུང་ལ་ཧམ་པ་བྲལ།།
རྨི་ལམ་ཡིན་ཀྱང་སྤྲོ་བས་བཟི།།

ཨ་ཅག་འབྲི་བརྒྱས་མི་ཁུག་པ།།
ཀུ་རེ་རྩེད་མོས་ག་ལ་ཁུགས།།
བདུད་རྩི་ཧུབ་གང་མ་བཏུང་ཡང་།།
ཁ་ཚིག་བར་ནས་བཟི་བར་བྱེད།།

ཆང་དང་མགུར་དག་མི་གླེང་སྟེ།།
འོ་བརྒྱལ་ཆེ་ལ་ཡི་མི་རང།།
ཁོམ་དུས་དལ་དུས་མེད་ན་ཡང་།།
འཛུམ་ཞལ་སྲང་རེ་རྟག་ཏུ་ཞུ།།

ཟོལ་དང་རྫུ་ཡི་ཐག་པ་དང་།།
སྤྱི་དང་སྒེར་གྱི་ཞགས་པ་དང་།།
ཆོས་དང་ལུགས་ཀྱི་ལྕགས་སྒྲོག་དང་།།
ལོ་དང་ཚོད་ཀྱི་གདོང་འབག་དང་།།

ག་ལེར་ག་ལེར་སིམ་པ་ཡི།།
གཟུགས་མེད་འདོགས་ཐག་ལྕགས་རྡུང་མ།།
ཡོད་ནི་ཡོད་ཅིང་སྟོབས་པོ་ཆེ།།
མེད་པར་བྱ་བའི་བློ་སྤོབས་མེད།།

ལག་འཕྲིན་ཡི་གེའི་རོལ་མོ་ཡིས།།
སྙིང་གི་ཚིག་དག་གཞས་ལ་དྲངས།།
ཨ་ཅག་ཨེ་ཁྲི་འདྲ་བ་ཚོས།།
འཛུམ་བཞིན་དགོད་བཞིན་ཐོས་པར་ཤོག།
      
   Hཞེ་ལ་ལྷུང་བ།

སེམས་པའི་མཐིལ་ནས་འབར་བའི་མེ་ལྕེ་་སོ་གཉིས།།
མཚན་མོའི་རྨི་ལམ་འཕྲོག་པའི་གཤེད་མ་ཞིག་རེད།།
ལྷུག་ལྷུག་ཟ་འགྲམ་བཞད་པའི་འཛུམ་ཆུང་རེ་རེ།།
ཞེན་པའི་ཟེའུ་འབྲུར་འཐམ་པའི་གཡུ་སྦྲང་དཔེ་རེད།།

སྐྱོ་བ་གོས་སུ་གྱོན་པའི་མཚན་ལམ་རིང་མོ།།
རྨི་ལམ་ཐར་ཐོར་བར་ནས་སད་རྒྱུ་ཡོད་ཀྱང་།།
སྣང་བའི་ཕྱི་ནང་བསྐོར་བའི་ལན་ཆགས་སྐམ་པོ།།
མི་ཐོབ་བྱེ་མའི་ཐང་ན་སྐོམ་པས་གདུང་འདུག།

གསང་བའི་སེམས་ན་སྦས་པའི་ཨ་ཅག་ཨ་ེཁྲི།།
ཁ་པར་ཨང་གྲངས་གསེབ་ཀྱི་མེ་ཏོག་རྐང་གཅིག།
བྲི་དང་གང་བ་མེད་པ་སེམས་ཀྱི་མེ་ལོང་།།
ལག་པས་ལན་བརྒྱར་ཕྱིས་པ་ངལ་བའི་རྒྱུ་རེད།།

ཁྱོད་རང་དྲན་འགྲོ་རྒྱུ་མའི་མཐིལ་ན་མེད་ཅིང་།།
དྲན་འོས་རྒྱུ་དང་རྐྱེན་གྱི་གང་བུས་སྟོང་ཡང་།།
མ་དག་སེམས་རིས་འཚོལ་བའི་གླ་བོ་ཁེར་འགྲོ།།
རབ་རིབ་སྨིག་རྒྱུའི་ཀློང་ན་མགོ་བོ་འཁོར་འདུག།

གཉིས་མེད་མཐའ་བྲལ་སེམས་ཀྱི་ནམ་མཁའ་དེ་ན།།
བདེན་པའི་ལྷ་ཞིག་བཞུགས་པར་ཡིད་ཆེས་ཁེངས་ཡང་།།
ཉམ་ཐག་ངེས་མེད་སྐྱབས་བྲལ་བྱ་སྒྲོ་རླུང་ཁུར།།
བདེ་མོའི་གཞོངས་ལ་འབབ་པའི་ལས་འཕྲོ་མེད་དོ།།

སེམས་སོང་ཨ་ཅག་ལས་ཀྱི་རྫ་ནས་མ་འཕྲད།།
དུངས་པའི་འདུ་འཛོམས་རྨི་ལམ་ནང་ལ་བཙངས་སོང་།།
གཏན་གྱི་འདུན་མ་མི་འོངས་ཁོ་ཐག་ཆོད་ཀྱང་།།
ཞེན་པའི་སྤྱིལ་ཆུང་དྲན་པའི་མེ་ཡིས་བསྲེགས་སོང་།།

ལས་འཕྲོའི་ལྷམ་ཆུང་རལ་བའི་ལམ་ཕྲན་འཁྱོག་པོ།།
མཐའ་དང་འཛིན་དུ་མེད་པའི་ལོ་ཟླར་བསླེས་པས།།
དགའ་སྐྱོ་རྔུལ་ཆུ་འདྲེས་མའི་ཉིན་ཞག་ཕྲེང་བ།།
ཨེ་ཁྲི་བཙལ་བའི་འབྲས་མེད་སོན་འདེབས་ཁྲོད་ན།།

མོ་རང་ཡིན་པ་ཐ་ཆུང་མིག་གི་གཤེད་མ།།
གཞན་ཁྱིམ་དྲོན་མོར་སེམས་པ་བག་ལ་ཉལ་་བ།།
མོ་རང་ཡིན་པ་ཡ་ཆུང་སྙིང་གི་ཁེབས་མ།།
འགྲོ་ཞོར་མཐོང་ན་བདག་སྙིང་ལུ་གུ་རྩེན་པ།།

འཁོར་བའི་རི་ལ་གཞས་ཆུང་ཅི་ཙམ་བླངས་པ།།
གཞས་གྱིས་མིན་ཏེ་སེམས་ཀྱི་འཆར་སྒོས་བྱས་སོ།།
རྒས་ཡང་ཉམས་པ་མེད་པའི་ཞེན་ཆགས་དམར་པོ།།
བུ་མོས་མ་ཚོར་བཀྲེན་པའི་ལང་ཚོ་གསར་བ།།

གཞས་གཉིས་ངག་ལ་བསྐྱིལ་བའི་བདེ་བ་ཕྲ་མོ།།
སོར་རྩེའི་ཡི་གེས་འཕྲུལ་ལ་དབང་ཆེ་སྙམ་ན།།
དབྱངས་གསལ་སོ་བཞི་གསེར་གྱི་ས་བོན་འདི་ཀོ།།
བསྐལ་བརྒྱར་བརྟན་ལ་ཚེ་ཡི་ཞིང་ས་བསྲུང་འདོད།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༄༅།།ཨ་ཅག་ཨེ་ཁྲིHལ་བཏང་པའི་གཞས།(ཞར་བཀོད་གཅིག)

2024-06-18 ཚེ་ཤིས་ལྷ་དོན།(ཨ་མཆོག) ཀློག་གྲངས། མཆན ཡོད།
སེམས་ལ་རླུང་བུ་ཤིག་ཤིག་གིས།།
གནས་མོའི་ཞལ་རས་ལམ་ལམ་གཡོས།།
ངག་ཚིག་འཛིན་པ་མེད་ན་ཡང་།།
ཨ་ཅག་ཨེ་ཁྲི་འཛུམ་དམུལ་དམུལ།།

མང་པོའི་དཀྱིལ་གྱི་འཛུམ་ཡག་མ།།
སེམས་པའི་གསེང་གི་བག་ཡོད་མ།།
ཐབས་དང་བཀོད་པའི་བདག་མོ་མ།།
ཨ་ཅག་ཨེ་ཁྲི་གཞུང་དྲང་མ།།

དགོད་ཞོར་སྙིང་ཆུང་རྐུ་མཁས་མ།།
འཛུམ་ཞོར་བློ་ཡིད་འབྲིད་ཤེས་མ།།
གཡས་བསྐྱངས་གཡོན་བསྐུམས་ཏཱ་རེ་མ།།
ཉེར་གཅིག་བརྩིས་ཀྱང་མང་མེད་མ།

དེ་རིང་འཕྲིན་གྱི་ཉི་འོད་མ།།
སང་ཉིན་ཞེན་པའི་མེ་ལྕེ་མ།།
ད་ལྟ་མིག་གི་ཡིད་འོང་མ།།
མ་འོངས་བསྐལ་པར་བརྗེད་མེད་མ།།

གློ་ལ་འདོགས་པའི་ལས་མེད་ཀྱང་།།
སེམས་ལ་ཟུག་པ་བསུབ་ཏུ་བྲལ།།
ཟླ་བ་རི་བོང་ངང་ཚུལ་གྱིས།།
ཚེ་འགྲོགས་ཡིན་ན་ཨེ་མ་ཧོ།།

ཆང་ལ་མ་སྦྱར་མཆུ་འདབ་སྦྱར།།
མཆུ་ལ་མ་སྦྱར་མཆིན་པ་སྦྱར།།
མཆིན་ལ་མ་སྦྱར་གློ་ལ་སྦྱར།།
གློ་ལ་མ་སྦྱར་སྙིང་ལ་སྦྱར།།

དེ་ལྟའི་སྐལ་བ་བཟང་པོ་དག།
མངོན་ན་མེད་ཀྱང་ཆོག་པ་སྟེ།།
ལྐོག་ནས་འབྱུང་ལ་ཧམ་པ་བྲལ།།
རྨི་ལམ་ཡིན་ཀྱང་སྤྲོ་བས་བཟི།།

ཨ་ཅག་འབྲི་བརྒྱས་མི་ཁུག་པ།།
ཀུ་རེ་རྩེད་མོས་ག་ལ་ཁུགས།།
བདུད་རྩི་ཧུབ་གང་མ་བཏུང་ཡང་།།
ཁ་ཚིག་བར་ནས་བཟི་བར་བྱེད།།

ཆང་དང་མགུར་དག་མི་གླེང་སྟེ།།
འོ་བརྒྱལ་ཆེ་ལ་ཡི་མི་རང།།
ཁོམ་དུས་དལ་དུས་མེད་ན་ཡང་།།
འཛུམ་ཞལ་སྲང་རེ་རྟག་ཏུ་ཞུ།།

ཟོལ་དང་རྫུ་ཡི་ཐག་པ་དང་།།
སྤྱི་དང་སྒེར་གྱི་ཞགས་པ་དང་།།
ཆོས་དང་ལུགས་ཀྱི་ལྕགས་སྒྲོག་དང་།།
ལོ་དང་ཚོད་ཀྱི་གདོང་འབག་དང་།།

ག་ལེར་ག་ལེར་སིམ་པ་ཡི།།
གཟུགས་མེད་འདོགས་ཐག་ལྕགས་རྡུང་མ།།
ཡོད་ནི་ཡོད་ཅིང་སྟོབས་པོ་ཆེ།།
མེད་པར་བྱ་བའི་བློ་སྤོབས་མེད།།

ལག་འཕྲིན་ཡི་གེའི་རོལ་མོ་ཡིས།།
སྙིང་གི་ཚིག་དག་གཞས་ལ་དྲངས།།
ཨ་ཅག་ཨེ་ཁྲི་འདྲ་བ་ཚོས།།
འཛུམ་བཞིན་དགོད་བཞིན་ཐོས་པར་ཤོག།
      
   Hཞེ་ལ་ལྷུང་བ།

སེམས་པའི་མཐིལ་ནས་འབར་བའི་མེ་ལྕེ་་སོ་གཉིས།།
མཚན་མོའི་རྨི་ལམ་འཕྲོག་པའི་གཤེད་མ་ཞིག་རེད།།
ལྷུག་ལྷུག་ཟ་འགྲམ་བཞད་པའི་འཛུམ་ཆུང་རེ་རེ།།
ཞེན་པའི་ཟེའུ་འབྲུར་འཐམ་པའི་གཡུ་སྦྲང་དཔེ་རེད།།

སྐྱོ་བ་གོས་སུ་གྱོན་པའི་མཚན་ལམ་རིང་མོ།།
རྨི་ལམ་ཐར་ཐོར་བར་ནས་སད་རྒྱུ་ཡོད་ཀྱང་།།
སྣང་བའི་ཕྱི་ནང་བསྐོར་བའི་ལན་ཆགས་སྐམ་པོ།།
མི་ཐོབ་བྱེ་མའི་ཐང་ན་སྐོམ་པས་གདུང་འདུག།

གསང་བའི་སེམས་ན་སྦས་པའི་ཨ་ཅག་ཨ་ེཁྲི།།
ཁ་པར་ཨང་གྲངས་གསེབ་ཀྱི་མེ་ཏོག་རྐང་གཅིག།
བྲི་དང་གང་བ་མེད་པ་སེམས་ཀྱི་མེ་ལོང་།།
ལག་པས་ལན་བརྒྱར་ཕྱིས་པ་ངལ་བའི་རྒྱུ་རེད།།

ཁྱོད་རང་དྲན་འགྲོ་རྒྱུ་མའི་མཐིལ་ན་མེད་ཅིང་།།
དྲན་འོས་རྒྱུ་དང་རྐྱེན་གྱི་གང་བུས་སྟོང་ཡང་།།
མ་དག་སེམས་རིས་འཚོལ་བའི་གླ་བོ་ཁེར་འགྲོ།།
རབ་རིབ་སྨིག་རྒྱུའི་ཀློང་ན་མགོ་བོ་འཁོར་འདུག།

གཉིས་མེད་མཐའ་བྲལ་སེམས་ཀྱི་ནམ་མཁའ་དེ་ན།།
བདེན་པའི་ལྷ་ཞིག་བཞུགས་པར་ཡིད་ཆེས་ཁེངས་ཡང་།།
ཉམ་ཐག་ངེས་མེད་སྐྱབས་བྲལ་བྱ་སྒྲོ་རླུང་ཁུར།།
བདེ་མོའི་གཞོངས་ལ་འབབ་པའི་ལས་འཕྲོ་མེད་དོ།།

སེམས་སོང་ཨ་ཅག་ལས་ཀྱི་རྫ་ནས་མ་འཕྲད།།
དུངས་པའི་འདུ་འཛོམས་རྨི་ལམ་ནང་ལ་བཙངས་སོང་།།
གཏན་གྱི་འདུན་མ་མི་འོངས་ཁོ་ཐག་ཆོད་ཀྱང་།།
ཞེན་པའི་སྤྱིལ་ཆུང་དྲན་པའི་མེ་ཡིས་བསྲེགས་སོང་།།

ལས་འཕྲོའི་ལྷམ་ཆུང་རལ་བའི་ལམ་ཕྲན་འཁྱོག་པོ།།
མཐའ་དང་འཛིན་དུ་མེད་པའི་ལོ་ཟླར་བསླེས་པས།།
དགའ་སྐྱོ་རྔུལ་ཆུ་འདྲེས་མའི་ཉིན་ཞག་ཕྲེང་བ།།
ཨེ་ཁྲི་བཙལ་བའི་འབྲས་མེད་སོན་འདེབས་ཁྲོད་ན།།

མོ་རང་ཡིན་པ་ཐ་ཆུང་མིག་གི་གཤེད་མ།།
གཞན་ཁྱིམ་དྲོན་མོར་སེམས་པ་བག་ལ་ཉལ་་བ།།
མོ་རང་ཡིན་པ་ཡ་ཆུང་སྙིང་གི་ཁེབས་མ།།
འགྲོ་ཞོར་མཐོང་ན་བདག་སྙིང་ལུ་གུ་རྩེན་པ།།

འཁོར་བའི་རི་ལ་གཞས་ཆུང་ཅི་ཙམ་བླངས་པ།།
གཞས་གྱིས་མིན་ཏེ་སེམས་ཀྱི་འཆར་སྒོས་བྱས་སོ།།
རྒས་ཡང་ཉམས་པ་མེད་པའི་ཞེན་ཆགས་དམར་པོ།།
བུ་མོས་མ་ཚོར་བཀྲེན་པའི་ལང་ཚོ་གསར་བ།།

གཞས་གཉིས་ངག་ལ་བསྐྱིལ་བའི་བདེ་བ་ཕྲ་མོ།།
སོར་རྩེའི་ཡི་གེས་འཕྲུལ་ལ་དབང་ཆེ་སྙམ་ན།།
དབྱངས་གསལ་སོ་བཞི་གསེར་གྱི་ས་བོན་འདི་ཀོ།།
བསྐལ་བརྒྱར་བརྟན་ལ་ཚེ་ཡི་ཞིང་ས་བསྲུང་འདོད།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།