སྙིང་ཉེ་ལགས།
ལྐོག་གྱུར་ལས་ལ་བརྩོན་ནས་ཁྱོད་ཀྱི་གམ།།
མི་འབྲལ་ལུས་དང་གྲིབ་བཞིན་མཆིས་གྱུར་ན།།
ཕྱི་མའི་མུན་ཁང་དམྱལ་བའི་གནས་ཉུལ་ཡང་།།
འགྱོད་སེམས་གཞི་ནས་མི་འདུག་སྙིང་ཉེ་ལགས།།
ཚེ་རབས་གཅིག་དང་དུས་ཐུང་གཅིག་གི་ནང་།།
སྐར་ཚོགས་བསིལ་ཟེར་བཞིན་དུ་འགྲོགས་གྱུར་ན།།
བླ་མའི་ཐུགས་རྗེའི་གནས་ནས་ཡལ་ཡོང་རུང་།།
གདུང་བ་གཞི་ནས་མེད་དོ་སྙིང་ཉེ་ལགས།།
འཕྲང་ལམ་ཀྱག་ཀྱོག་འདི་ཡི་བཞུད་ལམ་དུ།།
ལས་ཀྱིས་བསྐོས་པའི་མི་བཞིན་བགྲོད་གྱུར་ན།།
བན་དྷེའི་ཚུལ་ལུགས་འདི་ཉིད་འདོར་དགོས་ཀྱང་།།
ཡིད་ལ་ན་ཟུག་མི་འབྱུང་སྙིང་ཉེ་ལགས།།
སྤྱིར་བཏང་དམྱལ་བའི་ཁམས་ནས་ཐར་འདོད་དང་།།
བླ་མའི་ཐུགས་སྲས་བན་གཟུགས་དགེ་བའི་ལས།།
ཉི་མོའི་སྐར་མ་བཞིན་ལས་ས་སྟེང་མེད།།
ཡིན་ཡང་ཁྱོད་ལ་དུང་ཕྱིར་འབྲལ་ལོས་ཆོག།
མི་འབྲལ་ལུས་དང་གྲིབ་བཞིན་མཆིས་གྱུར་ན།།
ཕྱི་མའི་མུན་ཁང་དམྱལ་བའི་གནས་ཉུལ་ཡང་།།
འགྱོད་སེམས་གཞི་ནས་མི་འདུག་སྙིང་ཉེ་ལགས།།
ཚེ་རབས་གཅིག་དང་དུས་ཐུང་གཅིག་གི་ནང་།།
སྐར་ཚོགས་བསིལ་ཟེར་བཞིན་དུ་འགྲོགས་གྱུར་ན།།
བླ་མའི་ཐུགས་རྗེའི་གནས་ནས་ཡལ་ཡོང་རུང་།།
གདུང་བ་གཞི་ནས་མེད་དོ་སྙིང་ཉེ་ལགས།།
འཕྲང་ལམ་ཀྱག་ཀྱོག་འདི་ཡི་བཞུད་ལམ་དུ།།
ལས་ཀྱིས་བསྐོས་པའི་མི་བཞིན་བགྲོད་གྱུར་ན།།
བན་དྷེའི་ཚུལ་ལུགས་འདི་ཉིད་འདོར་དགོས་ཀྱང་།།
ཡིད་ལ་ན་ཟུག་མི་འབྱུང་སྙིང་ཉེ་ལགས།།
སྤྱིར་བཏང་དམྱལ་བའི་ཁམས་ནས་ཐར་འདོད་དང་།།
བླ་མའི་ཐུགས་སྲས་བན་གཟུགས་དགེ་བའི་ལས།།
ཉི་མོའི་སྐར་མ་བཞིན་ལས་ས་སྟེང་མེད།།
ཡིན་ཡང་ཁྱོད་ལ་དུང་ཕྱིར་འབྲལ་ལོས་ཆོག།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།