སྙིང་གི་ཐིག་ལེ།

རང་མདངས།(དཔལ་ཡུལ) 琼迈文学网 2024-07-24
ཆུང་ནས་མཐོང་ཞིང་མིག་ཏུ་མཛེས་ཀྱང་ལོ་ངོ་སྟོང་ལ་མི་སྨྲའི་བརྟུལ་ཞུགས་གནས་དགོས་གྲགས། །
ཞེ་ལ་འཐིམ་ཞིང་ཡིད་ན་ཉར་ཏེ་ངག་གི་སྨྲ་དང་མིག་ཟུང་གཡོ་བ་མ་ཕོད་རུང་། །
ཕྲ་ཆུང་དབུས་ནས་མེ་ཏོག་རྗེས་ལ་ཡང་ཡང་སྙེག་ཏེ་བུང་བའི་མིག་ཟུང་ཉིན་མཚན་ཤོར། །
ཚེ་རབས་ཤིག་དང་ལོ་ངོ་མང་པོའི་སེམས་སོང་ཁྱོད་ནི་ལོ་རྒྱུས་བརྩེགས་པའི་རྡོ་རིང་ཡིན། །

གནམ་སའི་བར་ནས་བུ་ཡུག་འཚུབ་ཅིང་གྲང་ངར་རླུང་གིས་ཡང་ཡང་བསིལ་བའི་དགུན་ཟླ་ཞིག །
ལ་ལུང་ཀུན་ཏུ་སྨུག་པས་རུབ་ཅིང་མཚན་མོའི་ནོར་བུ་སྤྲིན་གྱིས་སྒྲིབ་པའི་དགོང་མོ་དེར། །
ལས་སྨོན་རྟེན་འབྲེལ་ཡག་པ་ཞིག་གིས་རིང་ནས་གཅེས་པའི་མཛའ་མཐུན་ལྷ་མོ་ཁ་པར་དུ། །
ཚེ་སྔོན་སྨོན་དང་བག་ཆགས་སད་པས་འབྲེལ་འདྲིས་ཟབ་ཅིང་དགའ་བའི་མེ་ཏོག་ལྷན་དུ་འཐོར། །

མ་བཅོས་ངང་ནས་ལྷན་དུ་བདོ་བའི་བན་ཆུང་ཁོ་བོའི་ཚོགས་དྲུག་རྣམ་པ་ཤེས་པའི་ངོར། །
ཕར་ལ་བལྟས་ན་འཛུམ་གྱི་བརྒྱན་པས་སྤྱི་ཚོགས་ནང་གི་མི་ཡི་དབུས་ནས་ཁྱོད་འདྲ་མེད། །
ཚུར་ལ་བལྟས་ན་བྱམས་པའི་ཞལ་རས་ཟླ་གཞོན་གསལ་བས་འཛམ་གླིང་སྟེང་ན་ཁྱོད་འདྲ་དཀོན། །
ཕར་ཚུར་གཡོ་འགུལ་གང་ལ་རྒྱུས་ཀྱང་ཁྲ་ཆུང་མིག་གི་འཁོར་ས་གཅིག་པུ་ཁྱོད་མིན་སུ། །

མཉེན་ལྕུག་ལུས་ཀྱི་འཁྲིལ་ལྡེམ་ཡང་ཞིང་སྐྱེས་གཟུགས་མདའ་ལྟར་ཡོ་འཁྱོག་མེད་པའི་སྐེད་མེད་མ། །
ངག་རིགས་མགུར་མ་དབྱངས་ལ་རྒྱུས་ན་ཐོས་འཛིན་བུ་གར་དབང་མེད་ངང་ནས་གཅིག་ཆར་འཕྲོག །
དུང་སེམས་ཟླ་བ་དགུང་ན་ཤར་ཏེ་མི་འགྱུར་དམ་ཚིག་མདུད་པའི་བར་ནས་བདག་ལ་གཅེས། །
ཚེ་གྲོགས་ལྷ་མོ་ཁྱོད་དང་མཐུན་ཞིང་བརྩེ་སེམས་འོ་ཆུ་ཁྱོད་དང་འདྲེས་ན་བདག་གཅིག་སྐྱིད། །

འཆར་ཡན་ཤོག་བྱ་རླུང་གི་འདུ་བྱེད་རྣམ་རྟོག་སྣེ་མོའི་གཤོག་ཐོག་རེ་རེར་ཁྱོད་གཅིག་པུ། །
ཚིག་གསུམ་དུམ་བུའི་དབྱངས་ལ་རྒྱུས་པའི་ཤོག་དཀར་ངོས་ལ་ཁྱོད་ཀྱི་མཛེས་སྡུག་མངོན་དུ་གྲོལ། །
ངག་རིག་མགྲིན་པའི་རྒྱུད་སྐུད་རེ་ལ་སྙན་ངག་ལྷ་མོ་དངོས་སུ་བྱོན་ནས་རམ་འདེགས་ཆེ། །
རྩེ་གྲོགས་ཁྱོད་ནི་རྣམ་རྟོག་འདི་ཡི་རྟེན་ས་ཡིན་ཞིང་དབྱངས་གསལ་ཚིག་གི་འཕྲེང་བ་ཡིན། །

མཛེས་མཛེས་ལྷ་མོའི་ལུས་ཀྱི་ལྕུག་ཕྲན་ཡིད་དུ་འོང་ཞིང་ལྟ་ན་སྡུག་པས་མིག་ཟུང་ཁྱེར། །
སྙན་སྙན་མགྲིན་པ་དབྱངས་སུ་རྒྱུ་དུས་བདག་གི་ཐོས་འཛིན་མི་སྡོད་གློ་བུར་ངང་གིས་འཕྲོག །
དཀར་དཀར་དུང་སེམས་ཆུ་ལ་འདྲེས་ནས་བྱམས་བརྩེ་མེ་ཏོག་ཕྲ་ཆུང་སེམས་དང་ཡོངས་སུ་མཐུན། །
ལྡན་ལྡན་དཔལ་གྱིས་ཕུན་སུམ་ཚོགས་པའི་དུང་སེམས་ནང་གི་ཐིག་ལེ་ཁྱོད་ནི་མངོན་པར་བསྟོད། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙིང་གི་ཐིག་ལེ།

2024-07-24 རང་མདངས།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།