ཐ་སྙད་ཀྱི་ཟླ་མཆོད།

ཚེ་ཤིས་ལྷ་དོན།(ཨ་མཆོག) 琼迈文学网 2024-09-25
ཟླ་བ་གོར་གོར་དེ་མཁའ་ནས་འཛུམ་ཅིང་།།
གདོང་བ་སྒོར་སྒོར་དེ་ཡིད་ལ་བཅགས་ནས།།
གོ་རེ་གོར་གོར་ཞིག་མདུན་དུ་བཞག་ན།།
དྲན་པ་སྒོར་སྒོར་ཞིག་སེམས་ལ་འཇགས་སོ།།

མཁའ་ཡི་ཉི་མ་དེ་སྤྲིན་ལ་མ་གཞའ།།
སེམས་ཀྱི་དྲན་པ་དེ་བག་ལ་མ་འཁུམ།།
ཁ་ཚིག་མགུར་མ་དེ་རོགས་ལ་མ་འཛེམས།།
འཚོ་བའི་ཁ་སྟབས་དེ་གཡེང་ལ་མ་བསྐུར།།

མིག་གི་ཕྱོགས་ས་རུ་པདྨོ་བཞད་པ།།
སྣང་བྱེད་གཞོན་ནུ་ཡི་རྫུ་འཕྲུལ་ཡིན་ན།།
ཞེན་པ་ཤོར་ས་ཡི་ཀུ་མུད་སྨད་པ།།
བློ་ཡི་ཟླ་བ་ལས་མི་སྟོན་མཛེས་པ།།

ཁ་བ་བ་མོ་བཞིན་འབབ་ལ་བྲེལ་བའི།།
སྟོན་ཟླ་འབྲིང་བ་ཡི་ཕུན་ཚོགས་ར་བ།།
རི་བོང་འཛིན་པ་དེའི་སྒེག་པས་བཀུག་ན།།
ཕྱོགས་ཀྱི་མ་བོས་མགྲོན་དལ་ཙམ་གནོངས་དང་།།

གོམ་ཁ་ཡར་འཁོར་ཞིག་གངས་ལ་གཏད་ན།།
གངས་ཀྱི་རྒྱལ་མོ་དེ་རྨ་ཆེན་སྦོམ་རས།།
ཆོ་འཕྲུལ་མིག་ནང་གི་ཁྲ་ཁྲ་རིག་རིག།།
བདག་མིན་རིང་ཐུང་གི་ལྟད་མོར་བྲིས་སོང་།།

རྩི་ཏོག་ཁྲི་སྟོང་གི་མགོ་བོ་དུད་དེ།།
ནོར་ལུག་བརྒྱ་སྟོང་གི་ཤེད་མོང་བརྟས་དུས།།
འབྲོག་མི་ས་ཡ་ཡི་ཕོ་རོག་རྒྱགས་འགྲོས།།
ཡ་གའི་གར་སྟེགས་སུ་ཤོམ་གྱིས་དྲེགས་པ།།

རྟ་བོ་སྟོང་ཕྲག་གི་རྨིག་རྗེས་གསལ་པོར།།
སྟག་ཤར་བརྒྱ་སྟོང་གི་འཇོན་ཐང་བྲིས་ན།།
མ་སྲུ་ཁྲི་འབུམ་གྱི་ལག་པའི་སོར་མོ།།
འབྲི་མོའི་ནུ་རྩེ་ན་འཁྱུག་ཅིང་རྩེན་པ།།

འབྲོག་དང་རིང་གྱེས་ཀྱི་འཚོ་བ་རྫིག་པོ།།
མར་ཆུར་འཇུངས་པ་ཡི་ཕྱག་ལག་འདར་དུས།།
ཁང་ཁྱིམ་རྒྱས་ཤོམ་གྱི་འཕྲུལ་བའི་ཡོལ་གོར།།
བདེ་བའི་སྙིང་བོ་ཞིག་སེམས་སུ་ཆགས་སམ།།

མྱི་རྗེས་འུད་ཟུག་གི་ཁྱིའུ་ཆུང་མགོ་འཐོམས།།
གཞོན་མའི་པང་ཁུགས་ན་བདེ་བས་བཟི་ཡང་།།
སང་ཉིན་རྒྱང་འཕེན་གྱི་བར་དོ་མྱོང་དུས།།
སྦྲ་འདབས་སོར་ཆགས་ཀྱི་ལོངས་སྤྱོད་དྲན་ནམ།།

སྙིགས་མ་ལྔ་བདོ་ཡི་མིག་འཕྲུལ་རྫོགས་མེད།།
ལྟ་བ་རྟེན་འབྱུང་གི་གཙུག་ནས་འཕགས་དུས།།
མཐར་ཆགས་སྙིང་རྗེ་ཡི་ངེས་འབྱུང་སྤུ་སུད།།
ཟླ་བའི་གདོང་བ་ནས་མག་མོག་འཇུར་བྱུང་།།

ཁ་ལག་ཞལ་ཟས་ཡི་སྦྱོར་བ་ཕྱུག་པོ།།
ཕལ་བའི་ཐབ་ཚང་ན་བྱུར་ཏུ་གཏམས་ཀྱང་།།
སེམས་པ་གཡའ་དག་གི་ཡ་ཐོག་ལོ་ཟླ།།
སོ་སོའི་ཡིད་ངོགས་ནས་རྒྱང་ལ་བྱེར་འདུག།

སྨུག་པ་ལང་ལོང་ཞིག་བློ་ནས་འཕྱུར་ཏེ།།
ཡིད་བྱུང་ལྡབ་ལྡིབ་ཅིག་ངག་ལས་ཐལ་དུས།།
བདག་ཡིད་ཉ་གང་གི་རི་བོང་ཆུང་ཆུང་།།
མ་དག་མཁའ་ངོགས་ནས་བྲོས་སུ་ཤོར་རམ།།

ཟླ་བ་མཆོད་ཚུལ་ཞིག་ཡིད་ཀྱིས་སྤྲུལ་ལ།།
མཆོད་པ་ཡང་དག་ཅིག་རང་ལ་བཤམས་ཏེ།།
པར་ཆུང་མིག་མཛེས་དག་ག་སར་སྤུར་སྐབས།།
ཐ་སྙད་འདི་དག་ཀྱང་དེ་བཞིན་འཕུར་སོང་།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཐ་སྙད་ཀྱི་ཟླ་མཆོད།

2024-09-25 ཚེ་ཤིས་ལྷ་དོན།(ཨ་མཆོག) ཀློག་གྲངས། མཆན ཡོད།
ཟླ་བ་གོར་གོར་དེ་མཁའ་ནས་འཛུམ་ཅིང་།།
གདོང་བ་སྒོར་སྒོར་དེ་ཡིད་ལ་བཅགས་ནས།།
གོ་རེ་གོར་གོར་ཞིག་མདུན་དུ་བཞག་ན།།
དྲན་པ་སྒོར་སྒོར་ཞིག་སེམས་ལ་འཇགས་སོ།།

མཁའ་ཡི་ཉི་མ་དེ་སྤྲིན་ལ་མ་གཞའ།།
སེམས་ཀྱི་དྲན་པ་དེ་བག་ལ་མ་འཁུམ།།
ཁ་ཚིག་མགུར་མ་དེ་རོགས་ལ་མ་འཛེམས།།
འཚོ་བའི་ཁ་སྟབས་དེ་གཡེང་ལ་མ་བསྐུར།།

མིག་གི་ཕྱོགས་ས་རུ་པདྨོ་བཞད་པ།།
སྣང་བྱེད་གཞོན་ནུ་ཡི་རྫུ་འཕྲུལ་ཡིན་ན།།
ཞེན་པ་ཤོར་ས་ཡི་ཀུ་མུད་སྨད་པ།།
བློ་ཡི་ཟླ་བ་ལས་མི་སྟོན་མཛེས་པ།།

ཁ་བ་བ་མོ་བཞིན་འབབ་ལ་བྲེལ་བའི།།
སྟོན་ཟླ་འབྲིང་བ་ཡི་ཕུན་ཚོགས་ར་བ།།
རི་བོང་འཛིན་པ་དེའི་སྒེག་པས་བཀུག་ན།།
ཕྱོགས་ཀྱི་མ་བོས་མགྲོན་དལ་ཙམ་གནོངས་དང་།།

གོམ་ཁ་ཡར་འཁོར་ཞིག་གངས་ལ་གཏད་ན།།
གངས་ཀྱི་རྒྱལ་མོ་དེ་རྨ་ཆེན་སྦོམ་རས།།
ཆོ་འཕྲུལ་མིག་ནང་གི་ཁྲ་ཁྲ་རིག་རིག།།
བདག་མིན་རིང་ཐུང་གི་ལྟད་མོར་བྲིས་སོང་།།

རྩི་ཏོག་ཁྲི་སྟོང་གི་མགོ་བོ་དུད་དེ།།
ནོར་ལུག་བརྒྱ་སྟོང་གི་ཤེད་མོང་བརྟས་དུས།།
འབྲོག་མི་ས་ཡ་ཡི་ཕོ་རོག་རྒྱགས་འགྲོས།།
ཡ་གའི་གར་སྟེགས་སུ་ཤོམ་གྱིས་དྲེགས་པ།།

རྟ་བོ་སྟོང་ཕྲག་གི་རྨིག་རྗེས་གསལ་པོར།།
སྟག་ཤར་བརྒྱ་སྟོང་གི་འཇོན་ཐང་བྲིས་ན།།
མ་སྲུ་ཁྲི་འབུམ་གྱི་ལག་པའི་སོར་མོ།།
འབྲི་མོའི་ནུ་རྩེ་ན་འཁྱུག་ཅིང་རྩེན་པ།།

འབྲོག་དང་རིང་གྱེས་ཀྱི་འཚོ་བ་རྫིག་པོ།།
མར་ཆུར་འཇུངས་པ་ཡི་ཕྱག་ལག་འདར་དུས།།
ཁང་ཁྱིམ་རྒྱས་ཤོམ་གྱི་འཕྲུལ་བའི་ཡོལ་གོར།།
བདེ་བའི་སྙིང་བོ་ཞིག་སེམས་སུ་ཆགས་སམ།།

མྱི་རྗེས་འུད་ཟུག་གི་ཁྱིའུ་ཆུང་མགོ་འཐོམས།།
གཞོན་མའི་པང་ཁུགས་ན་བདེ་བས་བཟི་ཡང་།།
སང་ཉིན་རྒྱང་འཕེན་གྱི་བར་དོ་མྱོང་དུས།།
སྦྲ་འདབས་སོར་ཆགས་ཀྱི་ལོངས་སྤྱོད་དྲན་ནམ།།

སྙིགས་མ་ལྔ་བདོ་ཡི་མིག་འཕྲུལ་རྫོགས་མེད།།
ལྟ་བ་རྟེན་འབྱུང་གི་གཙུག་ནས་འཕགས་དུས།།
མཐར་ཆགས་སྙིང་རྗེ་ཡི་ངེས་འབྱུང་སྤུ་སུད།།
ཟླ་བའི་གདོང་བ་ནས་མག་མོག་འཇུར་བྱུང་།།

ཁ་ལག་ཞལ་ཟས་ཡི་སྦྱོར་བ་ཕྱུག་པོ།།
ཕལ་བའི་ཐབ་ཚང་ན་བྱུར་ཏུ་གཏམས་ཀྱང་།།
སེམས་པ་གཡའ་དག་གི་ཡ་ཐོག་ལོ་ཟླ།།
སོ་སོའི་ཡིད་ངོགས་ནས་རྒྱང་ལ་བྱེར་འདུག།

སྨུག་པ་ལང་ལོང་ཞིག་བློ་ནས་འཕྱུར་ཏེ།།
ཡིད་བྱུང་ལྡབ་ལྡིབ་ཅིག་ངག་ལས་ཐལ་དུས།།
བདག་ཡིད་ཉ་གང་གི་རི་བོང་ཆུང་ཆུང་།།
མ་དག་མཁའ་ངོགས་ནས་བྲོས་སུ་ཤོར་རམ།།

ཟླ་བ་མཆོད་ཚུལ་ཞིག་ཡིད་ཀྱིས་སྤྲུལ་ལ།།
མཆོད་པ་ཡང་དག་ཅིག་རང་ལ་བཤམས་ཏེ།།
པར་ཆུང་མིག་མཛེས་དག་ག་སར་སྤུར་སྐབས།།
ཐ་སྙད་འདི་དག་ཀྱང་དེ་བཞིན་འཕུར་སོང་།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།