ཐོས་པ་དགའ་བ།

རུས་རྐང་དྭངས་མ།(ཁྲི་འདུ) 琼迈文学网 2024-10-07
གནམ་གྱི་སྐར་མདར་ཕྱག་གིས་རེག་ཅིང་། །
འཁོར་བའི་སྣང་བ་ཞབས་ཀྱིས་བསྣུན་ནས། །
བདེ་སྟོང་མཁའ་ལམ་དབྱིངས་སུ་བགྲོད་པའི། །
སྲས་ཀྱི་མཆོག་གྱུར་ཐོས་པ་དགའ་བ། །

ལས་དབང་དར་རྒུད་གཉིས་ཀྱིས་འབྲེལ་ཏེ། །
སྐྱོ་ཤས་རི་ལ་མགུར་གླུ་ལེན་ཞིང་། །  
སྣ་ཚོགས་སྒྱུ་མར་གྱེས་བྲལ་འཇོག་པའི། །
ངེས་འབྱུང་རྩིས་ཟིན་ཐོས་པ་དགའ་བ། །

སྙིང་སྟོབས་སྲོག་གི་མདའ་གཞུ་མ་ཆགས། །
སྙིང་རུས་ཁམས་ཀྱི་རྩལ་དྲུག་མ་ཉམས། །
མ་དང་མཁའ་འགྲོས་དཔུང་ཆེན་བཏེགས་པའི། །
ལྷ་ཡི་སྲས་པོ་ཐོས་པ་དགའ་བ། །

གངས་དང་གངས་རི་གཉིས་ཀྱིས་སྦྲེལ་བའི། །
གངས་ཅན་སཱ་ལའི་སྨན་ལྗོངས་དབུས་སུ། །
གངས་སེང་གཡུ་ཡི་རལ་བ་གསིག་འདྲའི། །
གངས་ལྗོངས་གྲུབ་ཐོབ་ཐོས་པ་དགའ་བ། །

བྱ་དང་བྱེའུས་སྐད་སྙན་སྒྲོག་པའི། །
མེ་ཏོག་ནེའུ་གསིང་དགའ་བའི་ཚལ་དུ། །
ལས་འབྲས་དགེ་བའི་གཤིས་ལམ་གཏོད་པའི། །
ཁེར་རྐྱང་བཞུད་པོ་ཐོས་པ་དགའ་བ། །  

ཐང་དཀར་རྒོད་པོས་འཕུར་རྩལ་ངོམ་པའི། །
མི་མེད་ལུང་པའི་བྲག་རྫོང་མཁར་དུ། །
ཉམས་རྟོགས་དགེ་བའི་གཤོག་རྩལ་རྒྱས་པའི། །
གོས་དཀར་འཁྱམ་པོ་ཐོས་པ་དགའ་བ། །

དགུན་དུས་ཁ་བའི་གྲང་དང་འགྲོགས་ཤིང་་། །
དབྱར་དུས་ཆར་ཆུར་མཉམ་དུ་རོལ་བའི། །
དུས་བཞིའི་དུས་ཀྱི་འགྲོས་དང་སྡེབ་པའི། །  
ཕྱོགས་བཞིའི་མགྲོན་པོ་ཐོས་པ་དགའ་བ། །

གཉེན་དང་ཉེ་མིས་སེམས་པར་མེད་ཅིང་། །
གྲོགས་དང་མཛའ་བོས་ཞེན་པར་མེད་ཀྱང་། །
མྱང་ཚའི་སྙིང་གི་མུ་ཏིག་འོད་ཆེན། །
ཨ་མའི་གཅེས་ཕྲུག་ཐོས་པ་དགའ་བ། །  

གསང་ཆེན་མན་ངག་བསྟར་བའི་རྒྱལ་པོ། །
ལྷོ་བྲག་མར་པ་ལོ་ཙྭའི་དྲུང་ནས། །
ཉམས་རྟོགས་ཆོས་ཉིད་རྦ་རླབས་འཕྱུར་བའི། །  
ཐུགས་ཡིད་གཉིས་འདྲེས་ཐོས་པ་དགའ་བ། །  

འཁོར་བའི་འདུ་འཛི་ཆུ་ལ་བསྐྱུར་ཞིང་། །
སྣང་བའི་མཛའ་བ་རླུང་ལ་བསྐུར་ནས། །
དབེན་ཁྲོད་རི་གསུམ་འགྲིམས་པའི་རྣལ་འབྱོར། །
རི་ལ་སྒོམ་ཆེན་ཐོས་པ་དགའ་བ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཐོས་པ་དགའ་བ།

2024-10-07 རུས་རྐང་དྭངས་མ།(ཁྲི་འདུ) ཀློག་གྲངས། མཆན ཡོད།
གནམ་གྱི་སྐར་མདར་ཕྱག་གིས་རེག་ཅིང་། །
འཁོར་བའི་སྣང་བ་ཞབས་ཀྱིས་བསྣུན་ནས། །
བདེ་སྟོང་མཁའ་ལམ་དབྱིངས་སུ་བགྲོད་པའི། །
སྲས་ཀྱི་མཆོག་གྱུར་ཐོས་པ་དགའ་བ། །

ལས་དབང་དར་རྒུད་གཉིས་ཀྱིས་འབྲེལ་ཏེ། །
སྐྱོ་ཤས་རི་ལ་མགུར་གླུ་ལེན་ཞིང་། །  
སྣ་ཚོགས་སྒྱུ་མར་གྱེས་བྲལ་འཇོག་པའི། །
ངེས་འབྱུང་རྩིས་ཟིན་ཐོས་པ་དགའ་བ། །

སྙིང་སྟོབས་སྲོག་གི་མདའ་གཞུ་མ་ཆགས། །
སྙིང་རུས་ཁམས་ཀྱི་རྩལ་དྲུག་མ་ཉམས། །
མ་དང་མཁའ་འགྲོས་དཔུང་ཆེན་བཏེགས་པའི། །
ལྷ་ཡི་སྲས་པོ་ཐོས་པ་དགའ་བ། །

གངས་དང་གངས་རི་གཉིས་ཀྱིས་སྦྲེལ་བའི། །
གངས་ཅན་སཱ་ལའི་སྨན་ལྗོངས་དབུས་སུ། །
གངས་སེང་གཡུ་ཡི་རལ་བ་གསིག་འདྲའི། །
གངས་ལྗོངས་གྲུབ་ཐོབ་ཐོས་པ་དགའ་བ། །

བྱ་དང་བྱེའུས་སྐད་སྙན་སྒྲོག་པའི། །
མེ་ཏོག་ནེའུ་གསིང་དགའ་བའི་ཚལ་དུ། །
ལས་འབྲས་དགེ་བའི་གཤིས་ལམ་གཏོད་པའི། །
ཁེར་རྐྱང་བཞུད་པོ་ཐོས་པ་དགའ་བ། །  

ཐང་དཀར་རྒོད་པོས་འཕུར་རྩལ་ངོམ་པའི། །
མི་མེད་ལུང་པའི་བྲག་རྫོང་མཁར་དུ། །
ཉམས་རྟོགས་དགེ་བའི་གཤོག་རྩལ་རྒྱས་པའི། །
གོས་དཀར་འཁྱམ་པོ་ཐོས་པ་དགའ་བ། །

དགུན་དུས་ཁ་བའི་གྲང་དང་འགྲོགས་ཤིང་་། །
དབྱར་དུས་ཆར་ཆུར་མཉམ་དུ་རོལ་བའི། །
དུས་བཞིའི་དུས་ཀྱི་འགྲོས་དང་སྡེབ་པའི། །  
ཕྱོགས་བཞིའི་མགྲོན་པོ་ཐོས་པ་དགའ་བ། །

གཉེན་དང་ཉེ་མིས་སེམས་པར་མེད་ཅིང་། །
གྲོགས་དང་མཛའ་བོས་ཞེན་པར་མེད་ཀྱང་། །
མྱང་ཚའི་སྙིང་གི་མུ་ཏིག་འོད་ཆེན། །
ཨ་མའི་གཅེས་ཕྲུག་ཐོས་པ་དགའ་བ། །  

གསང་ཆེན་མན་ངག་བསྟར་བའི་རྒྱལ་པོ། །
ལྷོ་བྲག་མར་པ་ལོ་ཙྭའི་དྲུང་ནས། །
ཉམས་རྟོགས་ཆོས་ཉིད་རྦ་རླབས་འཕྱུར་བའི། །  
ཐུགས་ཡིད་གཉིས་འདྲེས་ཐོས་པ་དགའ་བ། །  

འཁོར་བའི་འདུ་འཛི་ཆུ་ལ་བསྐྱུར་ཞིང་། །
སྣང་བའི་མཛའ་བ་རླུང་ལ་བསྐུར་ནས། །
དབེན་ཁྲོད་རི་གསུམ་འགྲིམས་པའི་རྣལ་འབྱོར། །
རི་ལ་སྒོམ་ཆེན་ཐོས་པ་དགའ་བ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།