རྗེ་ཙོང་ཁ་པའི་རྗེས་དྲན་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་བྱ་བ།

ཁ་གྱའི་ཁྱུང་སྔོན།(གཙོས) 琼迈文学网 2024-10-28

སྐུ་ལ་མཚན་དཔེའི་དཔལ་གྱིས་རབ་མཛེས་ཤིང་།།
གསུང་ལ་དབྱངས་ལྡན་དྲུག་ཅུའི་སྙན་འཇེབས་སྒྲ།།
ཐུགས་ལ་མཁྱེན་རྟོགས་ཡེ་ཤེས་འབར་བའི་འོད།།
བཅོམ་ལྡན་ཐུབ་པའི་དབང་བོར་གུས་པས་འདུད།།
ཡེ་ཤེས་གསལ་རྫོགས་འཇམ་དཔལ་གཞོན་ནུའི་སྐུ།།
མ་རིག་མུན་པ་སེལ་ལ་ཉི་ཟླའི་ཟེར།།
ཤེས་རབ་མཆོག་སྩོལ་འཇིག་རྟེན་གསུམ་གྱི་མིག།
གཞོན་ནུའི་ཚུལ་འཛིན་འཇམ་པའི་དབྱངས་ལ་འདུད།།
སྟོན་མཚན་ཟླ་བ་རྒྱས་པའི་འཛུམ་ཞལ་ཅན།།
རབ་མཛེས་ཡིད་འཕྲོག་ལང་ཚོ་སྙེམས་པའི་གཏེར།།
གསུང་དབྱངས་འགག་མེད་དྲི་ཟའི་ཕང་འགྲོའི་སྒྲ།།
ཚངས་སྲས་ལྷ་མོས་ངག་གི་དངོས་གྲུབ་སྩོལ།།
རྨད་བྱུང་ཚོགས་གཉིས་གངས་ཀྱི་ལྷུན་པོ་ནས།།
ཟླ་མེད་མཁྱེན་དཔྱོད་གངྒཱའི་ཆུ་ཀློང་ལས།།
གཞུང་བཟང་སྟོང་གི་ཆབ་རྒྱུན་བབས་པའི་ཟིལ།།
གྲངས་མེད་བསྐལ་བའི་མཐར་ཡང་འཛད་པ་མེད།།
རིགས་རུས་ཕུན་ཚོགས་རིན་ཆེན་དང་བོའི་ཟླར།།
ཡབ་ནི་བྱང་སེམས་ཀླུ་འབུམ་དགེ་བ་དང་།།
ཡུམ་མཆོག་སྐྱོན་བྲལ་ཤིང་བཟའ་ཨ་ཅེ་ཡི།།
སྲས་སུ་འཁྲུངས་སྐབས་རྟགས་དང་རྟེན་འབྲེལ་གྱི།།
སྐྱེས་བུ་དམ་པའི་ཁྱད་ཆོས་མངོན་གསལ་ཞིང་།།
ཕལ་བའི་སྐྱེ་བོའི་བློ་ཡིས་བརྟག་དཀའ་བའི།།
བྱིས་བློའི་སྐྱོན་བྲལ་ཡོན་ཏན་ཀུན་ཚང་བ།།
ཡིད་འོང་ལྟ་ན་སྡུག་པའི་ཉ་རྒྱས་ཞལ།།
གངས་རིའི་ཁྲོད་འདིར་བསྟན་པའི་བདག་པོར་བྱོན།།
མཚན་མཆོག་སུམ་ཅུ་གཉིས་མངའ་ལྟས་བཟང་གིས།།
ཆོས་རྗེ་ཀརྨ་རོལ་པའི་རྡོ་རྗེ་ཡི།།
ཐུགས་ཡིད་བཀུག་སྟེ་སྔོན་གནས་རྗེས་དྲན་གྱིས།།
དགུང་ལོ་གསུམ་སྟེང་དགེ་བའི་བསྙེན་སྒྲུབ་མཛད།།
མཚན་ལ་ཀུན་དགའ་སྙིང་བོ་ཞེས་སུ་གསོལ།།
དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི།།
ཞབས་ཀྱི་པདྨོ་སྤྱི་བོའི་རྒྱན་དུ་བསྟེན།།
དགེ་ཚུལ་སྡོམ་པ་བཞེས་ཤིང་མཚན་ལྡན་བླས།།
མཚན་ལ་བློ་བཟང་གྲགས་པའི་དཔལ་ཞེས་གསོལ།།
གཞོན་ནུའི་སྐུ་ལ་མཚན་དཔེ་གསལ་རྫོགས་ཤིང་།།
རང་གཞན་དོན་གཉིས་སྒྲུབ་ལ་སྙིང་སྟོབས་ཀྱིས།།
ཡོངས་སུ་ཕྱུག་པའི་དཔའ་བོའི་གདན་ཐོབ་པ།།
དོན་ཀུན་གྲུབ་པ་གཉིས་པའི་མཚན་ལྡན་མཆོག།
ཨ་མདོ་ཙོང་ཁའི་སྐྱེས་རིའི་རི་འདབས་སུ།།
སྨྲ་བའི་ཟླ་བ་བློ་བཟང་གྲགས་པ་ཞེས།།
སྙན་པའི་གྲགས་པས་ས་གསུམ་ཟིལ་གནོན་པའི།།
འགྲན་ཟླ་མེད་པའི་མཁས་པའི་གཙུག་རྒྱན་མཆོག།
སྔོན་ཚེ་ཐུབ་པས་ལུང་གིས་རྗེས་བཟུང་ཞིང་།།
ཐུབ་བསྟན་སྐྱོང་ལ་སེམས་དཔའ་ཆེན་པོ་ཞེས།།
མཚན་གྱིས་གར་ཁྱབ་གང་འདུལ་གདུལ་བྱ་ཡིས།།
ཁྱབ་མཛད་གངས་ཅན་འགྲོ་བའི་གཉེན་གཅིག་པུ།།
ཆོས་རྗེ་དོན་གྲུབ་པ་ཡི་སྐུ་གམ་བཅར།།
བཏུད་ཅིང་བསྟེན་པས་ཐོས་བརྒྱའི་གཤོག་རྩལ་གྱིས།།
འགྲན་མེད་རྣམ་དཔྱོད་མཁའ་རུ་རྩེན་པས་ན།།
ཙོང་ཁའི་རི་བོ་དམའ་མོའི་གདན་དུ་བྱས།།
དམིགས་མེད་བརྩེ་ཆེན་ཉི་ཟླའི་འོད་སྣང་གིས།།
རྒྱལ་བསྟན་གངས་ཀྱི་ར་བ་གསལ་བར་མཛད།།
དྲི་མེད་ལུགས་བཟང་གྲུབ་མཐའི་ལྕགས་རི་ཡིས།།
ཐུབ་བསྟན་གླིང་བཞིའི་ལྷུན་པོ་ཀུན་ནས་བསྐོར།།
བཅུ་དྲུག་གཞོན་ནུའི་ལང་ཚོ་དཔལ་གྱིས་སྙེམ།།
མཁྱེན་རྟོགས་ཤེས་རབ་ཉི་ཟླའི་འོད་ཀྱིས་སྙེམ།།
ཐོས་སྒོམ་དཔྱད་སྟོབས་བློ་གྲོས་འབར་བས་སྙེམ།།
མཁ༷ས་རྩལ་ཁྱུང་ཆེན་དར་མའི་གཤོག་འགྱུར་ཅན།།
ཆོས་དང་རིག་པའི་གནས་ལ་སྔོན་གོམས་ཀྱིས།།
ཡང་དག་བག་ཆགས་སད་པའི་རྟགས་མཚན་གྲོལ།།
ཐུགས་རྒྱུད་ཞི་དུལ་བསླབ་ཁྲིམས་བག་ཡོད་ཀྱིས།།
བཙུན༷་པའི་ཡོན་ཏན་ཡོངས་སུ་རྫོགས་མཛད་པ།།
མདོ་སྔགས་གཞུང་བརྒྱའི་བཅུད་ཀྱི་ཉིང་ཁུ་ལས།།
ལེགས་གཏམས་སྙིང་བོའི་ཡང་སྙིང་བསྲུབས་པའི་ནོར།།
སྨན་དང་ཕན་པའི་བདུད་རྩིའི་ག་བུར་གྱི།།
བཟ༷ང་བོའི་ཡོན་ཏན་གཏེར་གྱི་འབྱུང་གནས་ཆེ།།
གནས་ལུགས་འབུམ་ལྡན་ལེགས་བཤད་གཏམ་གྱི་མཚོར།།
བྱིན་རླབས་ནོར་བུས་ལྕི་བའི་གཏན་ཚིགས་ཀྱི།།
བདེན་པ་བཞི་ལྡན་དྲང་སྲོང་མགུ་བའི་ཚིག།
དོན་ལྡན་ཡིད་རབ་འཕྲོག་ལ་འཆ༷ད་པའི་རླབས།།
སྲིད་གསུམ་འདར་བྱེད་ལུང་རིགས་གད་རྒྱངས་ཀྱིས།།
སྨྲ་ངན་གྲུབ་མཐའི་ཝ་ཚོགས་འཇོམས་བྱེད་ཅིང་།།
དབུ་ཚད་ལྟ་གྲུབ་སྨྲ་བའི་ཡང་རྩེ་རུ།།
རྩོད༷་ལ་ཟླ་མེད་སྨྲ་བའི་དབང་ཕྱུག་ཆེ།།
ཇི་སྙེད་ཤེས་བྱའི་གནས་ལ་ཐོགས་མེད་པའི།།
མཁྱེན་དང་རྟོགས་པའི་ཐུགས་རྗེའི་གཏེར་ཆེན་གྱིས།།
རྩོ༷མ་ལ་འགྲན་མེད་སྨྲ་བའི་སེང་ཆེན་ཆེ།།
བཤད་སྒྲུབ་བསྟན་ལ་ཕྱག་རྗེས་འཇོག་ཕྱིར་དང་།།
དགེ་ལྡན་བསྟན་པའི་སྲོལ་བཟང་སྤེལ་བའི་སླད།།
དབུས་འགྱུར་ལྷ་ལྡན་ཆོས་ཀྱི་དགའ་ཚལ་དུ།།
ངོམས་མེད་ཐོས་པའི་སྒྲོན་མེ་སྦར་བ་ལ།།
འབྲི་གུང་མཐིལ་དུ་བྱོན་ཏེ་སྤྱན་སྔའི་མདུན།།
ཐེག་ཆེན་སེམས་བསྐྱེད་གདམས་པར་ཤར་བ་མནོས།།
སྨན་དཔྱད་གསོ་རིག་ཡན་ལག་བརྒྱད་པ་སོགས།།
ཐུགས་འཛིན་མཛད་ཅིང་བསྲེགས་བཅད་བརྡར་གསུམ་གྱིས།།
སྦྱངས་ཤིང་ཕ་རོལ་ཕྱིན་ཅིང་ཡོན་ཏན་གྱི།།
མཁས་སྙན་རྒྱས་ཏེ་བདེ་བ་ཅན་ལ་སོགས།།
སྙེ་ཐང་གསང་ཕུ་ཆོས་གྲྭ་ཆེན་པོ་རུ།།
གྲྭ་སྐོར་དམ་བཅའ་མཛད་པའི་ལམ་སྲོལ་ཕྱེས།།
རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་གཙོ་བྱས་པའི།།
འཁོར་སློབ་དག་པ་རྣམ་བརྒྱད་དང་བཅས་པས།།
བསགས་སྦྱངས་མཛད་ཅིང་ཉམས་ལེན་ལ་གནས་སྐབས།།
འཁྲུལ་བྲལ་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས།།
དབུས་ཀྱི་གདན་ས་ཆེ་དང་རྩེ་གྲ་རུ།།
མཁས་པར་སྦྱངས་ཤིང་དབེན་པའི་གནས་ཆེན་དུ།།
སྒྲུབ་པ་སྙིང་བོར་མཛད་ཅིང་ཉམས་ལེན་བགྱིས།།
སེང་གེ་མཁའ་མཆོངས་གནམ་རྩེན་སྡིངས་ཆ་རུ།།
དབྱར་ལ་གནས་ཏེ་གཞི་གསུམ་དག་ཐེར་མཛད།།
བྱང་གི་རྭ་སྒྲེང་རྒྱལ་བའི་འབྱུང་གནས་སུ།།
གདན་ཐོག་གཅིག་ནས་ཉམས་སུ་ལེན་ནུས་པའི།།
བགྲོད་བྱ་ཆེ་འབྲིང་ཆུང་ངུའི་བསམ་བློའི་ཚད།།
ཚད་མའི་བློ་ཡིས་གཞལ་ཅིང་ཉམས་ལེན་གྱི།།
ལུང་རྟོགས་དམ་ཆོས་བདུད་རྩིའི་ཉིང་ཁུའི་བཅུད།།
མདོ་སྔགས་གཞུང་བརྒྱའི་གནད་ཀུན་འདུས་པའི་གཞི།།
བྱང་ཆུབ་ལམ་རིམ་བསྟན་པའི་རྒྱན་དུ་མཛད།།
སེ་ར་ཐེག་ཆེན་ཆོས་ཀྱི་ཆོས་སྡིངས་སུ།།
སྨིན་གྲོལ་ལམ་བཟང་རྒྱུད་ལ་སྐྱེས་པའི་དུས།།
མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བ་ཡིས།།
བླ་མར་བཀུར་ཅིང་སྲས་ཀྱི་ཐུ་བོར་གྱུར།།
མཁས་ཤིང་གྲུབ་བརྙེས་གྲགས་པའི་དབྱར་རྔ་ལྡིར།།
ཏཱ་མིང་མདོངས་མཐས་མ་བཟོད་སྤྱན་འདྲེན་གྱི།།
ཕོ་ཉ་བང་ཆེན་འཇའ་ས་གསེར་ཡིག་གི།
ཕྱག་རྟེན་རྩ་ཆེན་ཞུ་བའི་སྐྱེས་སུ་བརྫངས།།
ཐབས་ཤེས་རྩལ་དུ་སྤྲུགས་ཏེ་སྐུ་ཚབ་ཏུ།།
དངོས་སློབ་འདུལ་འཛིན་བྱམས་ཆེན་ཆོས་རྗེ་བརྫངས།།
གོང་མའི་བཀའ་ལྟར་དགོན་སྡེ་གསར་འདེབས་དང་།།
དགེ་འདུན་སྡེ་རྣམས་དབྱར་གྱི་ཆུ་གཏེར་བཞིན།།
མང་ཐོས་ཚུལ་ལྡན་འཕེལ་ཞིང་རྒྱས་པ་ལ།།
བསྟན་འཛིན་དམ་པའི་རྣམ་ཐར་རྨད་བྱུང་གི།
རྣམ་དཀར་ལས་ཀྱི་མཛད་པ་རྒྱ་ཆེར་སྤེལ།།
འོལ་ཁར་རྫིང་ཕྱིའི་བྱམས་སྐུར་ཞིག་གསོ་དང་།།
གཉལ་གྱི་གསེར་བྱེ་འབུམ་པར་མཆོད་འབུལ་གྱིས།།
ལེགས་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ།།
འཕྲིན་ལས་རྣམ་བཞིའི་མཛད་པ་བླ་མེད་རྒྱས།།
གདན་ས་གསུམ་གཙོས་དགོན་སྡེ་ཆེ་ཆུང་ཀུན།།
ཕྱོགས་སུ་བསྡུས་ཏེ་བསྙེན་བཀུར་ཚད་མེད་ཀྱིས།།
ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་བ་དང་།།
ཇོ་ཤཱཀ་རྣམ་གཉིས་དབུ་རྒྱན་གསོལ་བ་སོགས།།
བསྟན་འགྲོའི་དོན་ཆེན་རྣམ་དཀར་ལས་ཀྱིས་བསྐྱངས།།
འཁོར་སློབ་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་།།
ཐུགས་ཀྱི་སྲས་པོ་དར་མ་རིན་ཆེན་སོགས།།
འབྲོག་རིའི་མཐིལ་གྱི་བཙུན་མོ་སྡིངས་སུ་བྱོན།།
མཐོ་ཞིང་རྔམ་བརྗིད་ས་འཛིན་ལྷུན་པོའི་སྤོར།།
ཞྭ་སེར་བསྟན་པའི་གཞི་མ་དགེ་འདུན་སྡེའི།།
བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་འཛིན་པའི་གནས།།
དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་བཏབ།།
དེ་ཚེ་དགེ་ལྡན་བསྟན་པའི་འབྱུང་གནས་ཞེས།།
དབུས་འགྱུར་ཞིང་དང་སོག་ཡུལ་རྒྱ་དཀར་ནག།
འཛམ་གླིང་ཤར་ནུབ་ཀུན་ལ་གྲགས་སྙན་གྱི།།
བ་དན་རབ་གཡོ་དགེ་ལེགས་མཚན་མ་ཡིས།།
སྟོང་གསུམ་ཅིག་ཅར་ཁྱབ་པའི་འཕྲིན་ལས་དར།།
རིས་མེད་གྲུབ་མཐའི་ཅོད་པན་འཛིན་པའི་དཔལ།།
གངས་ཅན་ཆེ་རྒུ་ཡོངས་ཀྱི་གཙུག་རྒྱན་དུ།།
བསྟེན་ཅིང་བཀུར་བས་གསེར་མདོག་རིང་ལུགས་ཞེས།།
ཡོངས་སུ་དར་ཞིང་ཁྱབ་པར་མཛད་པས་དགེ།
དགེ་ལྡན་ལུགས་བཟང་མདོ་སྔགས་ལམ་གྱི་གཞུང་།།
གཞུང་ཆེན་བཀའ་པོད་འཆད་ཉན་འཆད་རྩོད་རྩོམ།།
རྩོམ་ལེགས་གཙང་བོའི་རྒྱུན་ལྟར་ཆད་མེད་རྒྱུ།།
མཁྱེན་སྟོབས་རྩལ་རྫོགས་བཤད་སྒྲུབ་ཉམས་ལེན་དང་།།
འོད་གསལ་སྒྱུ་ལུས་ཟུང་འཇུག་ཟ་མ་ཏོག།
མངོན་པར་འཕགས་པ་རྗེ་བཙུན་རེད་མདའ་བས།།
གངས་རིའི་ཁྲོད་འདིར་སངས་རྒྱས་གཉིས་པ་ཡི།།
མཛད་པ་ཚུལ་བཞིན་སྐྱོང་བའི་སེམས་དཔའ་ཆེ།།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པ་ཞེས་བྱའི་མཚན་འདི་གསོལ།།
ཟླ་མེད་རྣམ་དཔྱོད་ཆུ་འཛིན་ལང་ལོང་རྩེར།།
རྨད་བྱུང་ལེགས་བཤད་སྦྲང་རྩིའི་ཆར་རྒྱུན་གྱིས།།
གང་འདུལ་གདུལ་བྱ་སྨིན་ཅིང་གྲོལ་མཛད་པའི།།
ཐུབ་བསྟན་མཁའ་རུ་འདེགས་པའི་སྙིང་སྟོབས་ཅན།།
བརྩོན་པའི་གོ་ཆའི་མཚོན་ཆ་ལེགས་བགོས་ཤིང་།།
ཐར་འདོད་ཐར་བའི་ལམ་གཅིག་བསྒྲུབ་པའི་ཕྱིར།།
དམ་པའི་སྐྱེས་རྟགས་གངས་རིའི་གསེང་ལ་བཞག།
ཡུལ་དབུས་ཆོས་གྲྭ་ཆེན་པོའི་ཆོས་སྡིངས་སུ།།
སྔར་མེད་དབུ་ཚད་ཞིབ་མོའི་གནད་འདུས་པའི།།
གསུང་གི་ཟབ་གཏེར་རྩ་འཇུག་ལྗགས་རྩོམ་དང་།།
དྲང་ངེས་ལེགས་པར་བཤད་པའི་སྙིང་བོ་མཛད།།
ཡོན་ཏན་ཀུན་གྱི་གཞི་རྩ་བཤེས་གཉེན་དང་།།
ཡང་དག་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་།།
ཐུན་མིན་ཐེག་ཆེན་འཇུག་པར་སེམས་བསྐྱེད་ཀྱི།།
ལམ་སྟོན་མ་ནོར་མ་འཁྲུལ་ཟབ་མོའི་ལམ།།
མི་ཕམ་མགོན་གྱིས་ཡང་དག་དོན་མཛད་པའི།།
དངོས་བརྒྱད་བདུན་ཅུ་མངོན་རྟོགས་འཕགས་པའི་ལམ།།
ཞིབ་འགྲེལ་བསྟན་བཅོས་ལྕགས་གཞུ་ལྕགས་མདའ་ཞེས།།
ལེགས་བཤད་གསེར་གྱི་ཕྲེང་བ་བརྩམས་པ་ལ།།
དགེ་ལྡན་བསྟན་པ་སྲུང་བའི་ལྕགས་རི་ཞིག།
གངས་ཀྱི་ཁྲོད་ནས་ཉི་ཟླའི་ཀ་བར་འཁྲུངས།།
སྲིད་གསུམ་མཛེས་བྱེད་དབུ་ཚད་ཕར་ཕྱིན་གྱི།།
ལེགས་བཤད་རོལ་མོ་འབུམ་དུ་འགྱེད་པ་ལ།།
སྨྲ་ངན་མུ་སྟེགས་འབྱུང་བོའི་བྱ་ཚོགས་ཀྱི།།
སྙིང་ལ་མི་བཟོད་ཟུག་རྔུའི་ན་བ་སྟེར།།
མཐོན་མཐིང་ནམ་མཁའི་དབྱིངས་སུ་རྒྱུ་བ་ཡི།།
ཡོན་ཏན་ཀུན་རྫོགས་ཉ་རྒྱས་ཟླ་བ་སྟེ།།
བུ་སློབ་རྒྱུ་སྐར་གྲངས་ལ་འཁུ་བ་ཡིས།།
བསྟན་པའི་གསལ་བྱེད་གངས་རིའི་ཕྲེང་ལྟར་བརྗིད།།
འདི་ལྟར་འཇམ་མགོན་བླ་མའི་མཛད་བཟང་གི།
རྒྱ་མཚོའི་ཁམས་ལས་རྩྭ་རྩེའི་ཆུ་ཐིགས་ཙམ།།
བདག་བློའི་ཁབ་མིག་ནང་དུ་ཤོང་ཚོད་ཀྱིས།།
འགྲེམ་པར་བྱེད་ལ་མ་སྐྱེངས་མ་འཇིགས་པར།།
སྤོབས་པ་ཆེ་རུ་བསྐྱེད་དེ་རྗེས་དྲན་གྱི།།
ཚིག་གི་ཚོགས་ཙམ་བསགས་པའི་དགེ་བའི་མཐུས།།
ཇི་སྲིད་བསྐལ་བའི་བར་དུ་རྗེས་བཟུང་སྟེ།།
མངོན་མཐོ་ངེས་ལེགས་དཔལ་གྱི་གདན་འཐོབ་ཤོག།
བདག་སོགས་དེང་ནས་ཚེ་རབས་ཕྲེང་བ་རུ།།
འཇམ་མགོན་བླ་མའི་མདོ་སྔགས་བསྟན་པ་ལ།།
མཇལ་བའི་བསྐལ་བཟང་དུས་ཀྱིས་མི་སྣུབ་པར།།
ཐོས་བསམ་སྒོམ་པས་སེམས་རྒྱུད་འདུལ་བ་དང་།།
རྗེས་བཟུང་ཡང་དག་ལམ་ལ་ལེགས་འཁྲིད་དེ།།
བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་གྱུར་ཅིག།
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག། 
 
    ཅེས་འཇམ་མགོན་བླ་མ་༧ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཞེས་སྲིད་པ་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་མཚན་སྙན་གྱི་བ་དན་དཀར་བོ་ཡུག་གཅིག་གིས་ས་གསུམ་ལ་ཁྱབ་པར་མཛད་པ་གང་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ་ཁ་གྱའི་ཁྱུང་སྔོན་དུ་འབོད་པས་ཟླ་ཚེས་བཟང་བོ་ལ་གུས་པས་བཏེགས་པ་དགེའོ།།  །།  ༢༠༡༩ལོའི་ཟླ་༡༠ཚེས་༢༥ལ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྗེ་ཙོང་ཁ་པའི་རྗེས་དྲན་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་བྱ་བ།

2024-10-28 ཁ་གྱའི་ཁྱུང་སྔོན།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།