གངས་འདབས་ཀྱི་དིང་རི་བ།(ཞར་བཀོད་གཅིག་ཡོད)
ནམ་འོང་འདི་འོང་གི་ཚོད་དཔག་དཀའ་བའི། །
གཡོ་འགུལ་ཤིག་ཤིག་གི་འབྱུང་བཞིའི་འཁྲུགས་པ། །
མི་འདོད་མགོ་ཐོག་ཏུ་ལན་གཅིག་ལྷུང་བས། །
ཚེ་སྲོག་གྲངས་མེད་ཀྱི་རྒྱུ་བ་བཅད་སོང་། །
མིག་ཆུ་ཁྲི་ཕྲག་གི་སྐྱེལ་མ་དགོས་ཤིང་། །
གདུང་བ་བརྒྱ་ཕྲག་གི་སྐྱོ་བ་བཞུས་ཤིང་། །
ངུ་འབོད་སྟོང་ཕྲག་གི་སྨྲེ་ངག་ཁྲོད་ནས། །
དིང་རིའི་ཡུལ་ཕྱོགས་ལ་སྨོན་ཚིག་འཁོར་ཡོད། །
ཚེ་ཡི་ལས་སྐལ་གྱིས་རང་དབང་མེད་པས། །
རྡོ་ཁང་གྲུ་བཞི་ལ་གས་ཆག་ཐེབས་ཏེ། །
བརྟན་མེད་གཡར་རྫས་ཀྱི་ཟས་གོས་འཛོམས་པོ། །
ཆ་མེད་རྡུལ་ཕྲན་དུ་ཡང་ཡང་གཏོར་སོང་། །
མི་ལུས་རིན་ཆེན་གྱི་དང་རྩེ་མཆོག་ཀྱང་། །
ཤི་མ་གསོན་མ་ཡི་ཕྱོགས་སུ་བསྒྱུར་ཞིང་། །
མིག་ཆུ་གྲངས་མེད་ཀྱིས་མིད་པ་བརྣང་ནས། །
སྐྱོ་བ་ཟབ་མེད་ཀྱི་རྨ་ཁ་ལྕི་འདུག །
དྲན་ན་ཚད་མེད་ཀྱི་གདུང་བ་འཕེལ་བྱེད། །
བཤད་ན་མི་འདོད་ཀྱི་ན་ཟུག་འཁྲུགས་བྱེད། །
ས་ཡོམ་འབྱུང་འཁྲུགས་ཀྱི་གནོད་པ་གོ་བས། །
མ་ཎི་བརྒྱ་ཕྲག་གིས་སྐྱེལ་མ་བྱས་ཡོད། །
དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་ཤིང་། །
དུས་གསུམ་སངས་རྒྱས་ཀྱི་རང་གཟུགས་བྱོན་པའི། །
འཕགས་མཆོག་སྤྱན་གཟིགས་ཀྱིས་ལམ་སྣ་འདྲེན་ནས། །
བདེ་ཆེན་ཞིང་ས་རུ་དྲངས་བར་སྨོན་ནོ། །
འབྱོར་ཕྱུག་འཛོམས་པོ་མིན་རུང་ཁང་ཁྱིམ་དུ། །
བཟའ་མིའི་འཛུམ་ཆུང་རི་མོ་ཤར་དུས་ཤིག །
མི་འདོད་འཕྲལ་དུ་བྱུང་བའི་ས་ཡོམ་གྱིས། །
སྐྱོ་གདུང་ཁྲི་མ་འབུམ་གྱི་དིང་རི་བ། །
ལས་ཀྱི་རླུང་དམར་དྲག་པོ་གང་ནས་ལྡང་། །
ཚེ་སྔོན་སྤྲིན་པ་ཐོར་བུ་གང་ནས་རྒྱུ། །
མི་དབང་ས་ཡོམ་ཐོག་གིས་བསྣུན་པ་ལས། །
དིང་རིའི་གནམ་ས་གཉིས་ལ་འགྲེ་ལྡོག་རྒྱག །
འཆི་བ་གང་ནས་འོང་བ་སུ་ཡིས་ཤེས། །
ངེས་མེད་འཇིགས་པའི་འཕྲང་ལམ་དོགས་ས་ཆེ། །
རྣམ་ཤེས་རླུང་གིས་སྤུར་བའི་ཤོག་བྱ་བཞིན། །
གར་སོང་འདི་འདུག་མེད་པའི་དིང་རི་བ། །
ཤུལ་ནས་ངུ་ངག་སྟོང་གི་མིག་ཆུ་བརླན། །
ཕྱག་གཉིས་འཕྲེང་དང་འཁོར་ལོའི་སྐྱེལ་མ་ཞུས། །
མིད་པ་བརྣང་ཞིང་སྡུག་གིས་འཚོ་བའི་ཁྲོད། །
བཟའ་ཚང་ཚོང་འདུས་མགྲོན་པོར་བསྔོ་སྨོན་ཞུས། །
ཤ་དང་རུས་པ་གཅིག་ཡིན་རིགས་ཀྱི་སྤུན། །
གདུང་སེམས་མཉམ་དུ་བསྐྱེད་ཡོད་ཁ་བའི་གྲོགས། །
སྙིང་རུས་སྡུག་གིས་མ་ཞན་སྤུན་ཟླ་ཚོ། །
མ་འོངས་བདེ་བར་སྨོན་ཡོད་གངས་ཀྱི་སྤུན། །
རྩོམ་སྒྲིག་པ། དབང་མོ།
གཡོ་འགུལ་ཤིག་ཤིག་གི་འབྱུང་བཞིའི་འཁྲུགས་པ། །
མི་འདོད་མགོ་ཐོག་ཏུ་ལན་གཅིག་ལྷུང་བས། །
ཚེ་སྲོག་གྲངས་མེད་ཀྱི་རྒྱུ་བ་བཅད་སོང་། །
མིག་ཆུ་ཁྲི་ཕྲག་གི་སྐྱེལ་མ་དགོས་ཤིང་། །
གདུང་བ་བརྒྱ་ཕྲག་གི་སྐྱོ་བ་བཞུས་ཤིང་། །
ངུ་འབོད་སྟོང་ཕྲག་གི་སྨྲེ་ངག་ཁྲོད་ནས། །
དིང་རིའི་ཡུལ་ཕྱོགས་ལ་སྨོན་ཚིག་འཁོར་ཡོད། །
ཚེ་ཡི་ལས་སྐལ་གྱིས་རང་དབང་མེད་པས། །
རྡོ་ཁང་གྲུ་བཞི་ལ་གས་ཆག་ཐེབས་ཏེ། །
བརྟན་མེད་གཡར་རྫས་ཀྱི་ཟས་གོས་འཛོམས་པོ། །
ཆ་མེད་རྡུལ་ཕྲན་དུ་ཡང་ཡང་གཏོར་སོང་། །
མི་ལུས་རིན་ཆེན་གྱི་དང་རྩེ་མཆོག་ཀྱང་། །
ཤི་མ་གསོན་མ་ཡི་ཕྱོགས་སུ་བསྒྱུར་ཞིང་། །
མིག་ཆུ་གྲངས་མེད་ཀྱིས་མིད་པ་བརྣང་ནས། །
སྐྱོ་བ་ཟབ་མེད་ཀྱི་རྨ་ཁ་ལྕི་འདུག །
དྲན་ན་ཚད་མེད་ཀྱི་གདུང་བ་འཕེལ་བྱེད། །
བཤད་ན་མི་འདོད་ཀྱི་ན་ཟུག་འཁྲུགས་བྱེད། །
ས་ཡོམ་འབྱུང་འཁྲུགས་ཀྱི་གནོད་པ་གོ་བས། །
མ་ཎི་བརྒྱ་ཕྲག་གིས་སྐྱེལ་མ་བྱས་ཡོད། །
དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་ཤིང་། །
དུས་གསུམ་སངས་རྒྱས་ཀྱི་རང་གཟུགས་བྱོན་པའི། །
འཕགས་མཆོག་སྤྱན་གཟིགས་ཀྱིས་ལམ་སྣ་འདྲེན་ནས། །
བདེ་ཆེན་ཞིང་ས་རུ་དྲངས་བར་སྨོན་ནོ། །
གངས་འདབས་ཀྱི་དིང་རི་བ།
འབྱོར་ཕྱུག་འཛོམས་པོ་མིན་རུང་ཁང་ཁྱིམ་དུ། །
བཟའ་མིའི་འཛུམ་ཆུང་རི་མོ་ཤར་དུས་ཤིག །
མི་འདོད་འཕྲལ་དུ་བྱུང་བའི་ས་ཡོམ་གྱིས། །
སྐྱོ་གདུང་ཁྲི་མ་འབུམ་གྱི་དིང་རི་བ། །
ལས་ཀྱི་རླུང་དམར་དྲག་པོ་གང་ནས་ལྡང་། །
ཚེ་སྔོན་སྤྲིན་པ་ཐོར་བུ་གང་ནས་རྒྱུ། །
མི་དབང་ས་ཡོམ་ཐོག་གིས་བསྣུན་པ་ལས། །
དིང་རིའི་གནམ་ས་གཉིས་ལ་འགྲེ་ལྡོག་རྒྱག །
འཆི་བ་གང་ནས་འོང་བ་སུ་ཡིས་ཤེས། །
ངེས་མེད་འཇིགས་པའི་འཕྲང་ལམ་དོགས་ས་ཆེ། །
རྣམ་ཤེས་རླུང་གིས་སྤུར་བའི་ཤོག་བྱ་བཞིན། །
གར་སོང་འདི་འདུག་མེད་པའི་དིང་རི་བ། །
ཤུལ་ནས་ངུ་ངག་སྟོང་གི་མིག་ཆུ་བརླན། །
ཕྱག་གཉིས་འཕྲེང་དང་འཁོར་ལོའི་སྐྱེལ་མ་ཞུས། །
མིད་པ་བརྣང་ཞིང་སྡུག་གིས་འཚོ་བའི་ཁྲོད། །
བཟའ་ཚང་ཚོང་འདུས་མགྲོན་པོར་བསྔོ་སྨོན་ཞུས། །
ཤ་དང་རུས་པ་གཅིག་ཡིན་རིགས་ཀྱི་སྤུན། །
གདུང་སེམས་མཉམ་དུ་བསྐྱེད་ཡོད་ཁ་བའི་གྲོགས། །
སྙིང་རུས་སྡུག་གིས་མ་ཞན་སྤུན་ཟླ་ཚོ། །
མ་འོངས་བདེ་བར་སྨོན་ཡོད་གངས་ཀྱི་སྤུན། །
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།