ངེད་དྲ་བས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་གཅན་མེ་སྟག་ལ་བཅར་འདྲི་བྱས་པ།

ངེད་དྲ་བ། 琼迈文学网 2008-11-25

༢༠༠༦ལོའི་ཟླ་དང་བོའི་ཚེས༡༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་ངེད་དྲ་བའི་གསར་འགོད་པ་སྐྱ་བོས་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་ཤིང་ཁོང་གིས་ངེད་དྲ་བའི་ཀློག་མཁན་གྱིས་བཏོན་པའི་དྲི་བར་ལན་བཏབ་སྟེ་ཁོང་གི་གསར་རྩོམ་གྱི་མྱོང་བ་དང་དམིགས་ཡུལ་སོགས་ངོ་གསལ་པོར་སྤྲད། གཤམ་དུ་གསལ་བ་ནི་བཅར་འདྲིའི་ནང་དོན་དངོས་ཡིན་ནོ།།

སྐྱ་བོ། ཁྱེད་རང“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”འི་བཅར་འདྲིའི་ལེ་ཚན་གྱི་སྐུ་མགྲོན་དང་པོར་ཕེབས་པར་ཐུགས་རྗེ་ཆེ་ཞུ།  ཐོག་མར་ཁྱེད་ཀྱིས་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ཙམ་ངོ་སྤྲོད་བྱེད་པར་ཞུ། གཅན་མེ་སྟག  ཆོག་གི  ང་རང་སྤྱི་ལོ༡༩༨༦ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་ཡིན་ལ་དེའི་ཡར་སྔོན་དུ་སློབ་གྲྭ་ན་ཡོད་དུས་སྙན་ངག་<<མེ་ལོང་མ>>སྦྱང་མགོ་བརྩམས་ཤིང་དེ་ལ་དཔེ་བརྗོད་འཇོག་པ་ནས་གསར་རྩོམ་གྱི་མགོ་བརྩམས་པ་ཡིན། དེའི་རྗེས་ཀྱི་རང་མོས་སྙན་ངག་གི་གསར་རྩོམ་ལ་སྐུ་ཞབས་རང་གྲོལ་གྱི<<ལང་ཚོའི་རྦབ་ཆུ>>དང༌། འཇུ་སྐལ་བཟང༌། ལྗང་བུ་སོགས་ཀྱི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཡོད། དེའང་སྤྱི་ལོ༡༩༨༦ལོ་ནས༡༩༩༦ལོའི་བར་དུ་བརྩམས་པའི་སྙན་ངག་ནི་སྦྱངས་རྩོམ་དུ་བརྩི་ཆོག་སྟེ་སྐབས་དེ་ནི་སྙན་ངག་གསར་བའི་ཕྱོགས་ལ་འཚོལ་ཞིབ་དང་རེ་སྙེག་བྱེད་པའི་དུས་སྐབས་ཡིན། དེ་དག་མང་ཤོས་ཤིག་ལ་ཚིག་སྦྱོར་གྱི་ཆ་དང་བསམ་བློའི་ཆ། མཚོན་ཐབས་ཀྱི་ཆ། སྙན་ངག་གི་རང་གཤིས་ཁྱད་པར་བ་ཞིག་ཏུ་གྲུབ་པའི་ཐབས་ཀྱི་ཆ་སོགས་གང་ཐད་ནས་ཞན་ཆ་མང་བོ་ཞིག་ཡོད་གི  འདི་དག་ནི་བདག་གི་སྔོན་ཆད་ཀྱི་སྙན་ངག་རེད། ངས་ན་ནིང་པར་དུ་བསྐྲུན་པའི་སྙན་ངག་དེབ<<ལྷོ་བཞུད་ཀྱི་ཆུ་འཛིན>>ནི་དེའི་རིང་གི་སྙན་ངག་དག་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན། འདིའི་ནང་རྒྱུ་སྤུས་ཀྱི་ཆ་ནས་ཞན་པ་དག་བསྡུས་མེད། དེའི་རྗེས་ཀྱི་སྙན་ངག་སྟེ༡༩༩༦ལོ་ནས་ད་ལྟའི་བར་གྱི་སྙན་ངག་དག་ལ་སྔོན་ཆད་དང་མི་འདྲ་བར་ཚིག་སྦྱོར་དང་བརྗོད་བྱ་སོགས་གང་ཐད་ནས་ཁྱད་ཆོས་ཁྱད་པར་བ་ཞིག་ཡོད་པས་རྣམ་པ་གསར་བ་ཞིག་ཏུ་གྲུབ་ཡོད། དེ་དག་ཕྱོགས་བསྒྲིགས་བྱས་ནས་པར་དུ་བསྐྲུན་འདོད་ཡོད།   སྐྱ་བོ། དེས་ན་ཁྱེད་ཀྱིས་ད་བར་དུ་བྲིས་པའི་སྙན་ངག་གི་ཁྲོད་ན་ཁྱོད་རང་གི་ལྟ་བ་དང་བསམ་བློ། མཚོན་ཐབས་སོགས་ཀྱི་ཚབ་བྱེད་དུ་རུང་བའི་སྙན་ངག་གང་དག་ཡོད། གཅན་མེ་སྟག  ༡༩༩༦ལོ་ནས་བཟུང་ཕལ་ཆེར་ལོ་ངོ་བརྒྱད་ལ་བྲིས་པའི་སྙན་ངག་རིང་པོ<<བདག་མེད>>ཅེས་པ་ཞིག་ཡོད། ད་དུང་དཔེ་སྐྲུན་བྱས་མེད། དུས་དེབ་ཁང་སོགས་ལའང་སྦྱིན་མེད། སྙན་ངག་དེ་ནི་ང་རང་གི་བསམ་བློ་དང་མཚོན་ཐབས་སོགས་ཕྱོགས་བསྡུས་ཀྱི་ཚུལ་དུ་མཚོན་པའི་སྙན་ངག་ཅིག་ཡིན་སྙམ། དེའི་ཡར་སྔོན་ཏེ༡༩༩༥དང་༡༩༩༦ལོར་བྲིས་པའི་སྙན་ངག་ནང་ན<<ཁྱི་ཁ་ཚུམས>>ཀྱི་སྐོར་དེ་ཅུང་རྩོམ་གཤིས་ཡོད་པ་ཞིག་ཡིན།  སྐབས་དེར་ངེད་གྲོགས་པོ་འགས་དུས་དེབ་ཅིག་བསྒྲུབ་རྩིས་བྱས་ཤིང་མིང་ལ<<ཁྱི་ཁ་ཚུམས>>སུ་བཏགས་པ་ཡིན། དེ་མིན་ད་སྔ་བར་ཚབ་མཚོན་བརྩམས་ཆོས་སུ་རུང་བ་འདིའོ་ཞེས་སྟོན་རྒྱུ་མེད།

སྐྱ་བོ། གཤམ་ནས་ངེད་དྲ་བའི་ཀློག་མཁན་གྱིས་བཏོན་པའི་དྲི་བར་ལན་གདབ་པར་ཞུ། མིང་ལ“རས་པ”རུ་འབོད་པའི་ཀློག་མཁན་ཞིག་གིས་དྲི་བ་བཏོན་པ་འདི་ལྟར། “གཅན་མེ་སྟག་ལགས། སྙན་ངག་པས་སྙན་ངག་འབྲི་སྐབས་རང་གི་རང་དབང་གི་བསམ་བཀོད་དེ་འབྲིའམ་ཀློག་པ་པོ་དང་ཐག་ཉེ་བ་ཞིག་བྲིས་ན་བཟང༌། སྐུ་ཉིད་ནས་འདི་གཉིས་ལས་གང་ཞིག་གཙོ་བོར་བྱས་པ་ཡིན་ལགས།” གཅན་མེ་སྟག སྙན་ངག་ཅིག་འབྲི་བར་རྒྱུ་རྐྱེན་ཧ་ཅང་མང་བོ་ཞིག་ཡོད། དེ་དག་ལས་ཆེས་གལ་ཆེ་ཤོས་ནི་རང་གཤིས་རེད་ཅེས་བཤད་ཆོག ང་རང་ལ་མཚོན་ན་འཚོ་བར་ཁ་ཕྱོགས་པ་ཟེར་ནའང་འདྲ། འཚོ་བའི་ཁྲོད་ནས་རྙེད་པའི་བསམ་བློ་ཟེར་ནའང་འདྲ། ཡང་ན་ལྟ་བ་ཞིག་དང་ལྟ་བ་དེ་དང་མཐུན་པའི་རང་གཤིས་ཤིག་ལ་བསྟུན་ཏེ་སྙན་ངག་འབྲི་བཞིན་ཡོད། དེ་ལས་ལྡོག་སྟེ་ཀློག་མཁན་རྐྱང་རྐྱང་ངམ་ཡང་ན་རང་ཉིད་ཁོ་ནའི་ཆེད་དུ་འབྲི་རྒྱུ་ཡིན་ན་ཕྱོགས་གཅིག་ནས་མ་གཏོགས་ཆ་ཡོངས་སུ་ཚང་བའི་སྒོ་ནས་བྲིས་པ་ཞིག་མ་རེད་སྙམ།

སྐྱ་བོ། ཀློག་མཁན་ཚེ་རིང་ཟེར་བ་ཞིག་ན་རེ། “རྩོམ་པ་པོ་གཅན་མེ་སྟག་ལགས། སྙན་ངག་འབྲི་བའི་ལས་དེས་ཁྱེད་ཀྱི་མི་ཚེའི་ནང་ཁྱེར་ཡོང་བ་ལས་མང་ཤོས་བདེ་སྐྱིད་རེད་དམ་སྡུག་བསྔལ་རེད།” གཅན་མེ་སྟག  (དགོད་པ) འདྲི་ཚིག་འདི་འདྲ་ད་སྔ་ཡན་ཆད་མི་གཅིག་གིས་ཀྱང་བཏོན་མ་མྱོང༌། སྙན་ངག་འབྲི་བ་དེ་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་སྙམ། འབྲི་རྒྱུའི་བསམ་བློའམ་ལྟ་བ་དེ་དང་འབྲི་བྱེད་ཀྱི་སྐད་ཆ་དེའང་འཚོ་བ་ལས་བྱུང་བའི་སྟབས་ཀྱིས་དེ་ཕྱོགས་ཡོངས་ནས་མཚོན་ཕྱིར་ང་རང་ལ་མཚོན་ན་བྱེད་ཐབས་ཀྱི་ཆ་ནས་མང་བོ་ཞིག་ཡོད། སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་ནི་རང་གི་ཚེ་སྲོག་དང་ཟུངས་ཁྲག་ལས་གྲུབ་པ་ཞིག་ཡིན། ང་ལ་མཚོན་ན་སྙན་ངག་ནི་རང་གི་འཚོ་བའི་ཉམས་མྱོང་ལས་བྱུང་བའི་བསམ་བློའི་ཆ་ཤས་ཤིག་ཡིན་པའི་སྟབས་ཀྱིས་དེ་ནི་ངེས་པར་དུ་འབྲི་དགོས་པ་ཞིག་དང་མ་བྲིས་ན་ཚོར་བ་དེ་གནོན་ཐབས་མེད་པ་ཞིག་ཡིན་པས་ངས་དེ་སྡུག་བསྔལ་ཞིག་ཏུ་མི་འདོད།   སྐྱ་བོ། རྒན་གྱའི་ཤ་བོ་ཚེ་རིང་གིས་ཁྱེད་ལ་བཏོན་པའི་དྲི་བ་ནི་འདི་ལྟར། “ཁྱེད་རང་གིས་བལྟས་ན་ཁྱེད་རང་ཉིད་ཀྱི་བརྩམས་ཆོས་ཆེས་བཟང་བ་དེ་གང་ཡིན། བརྩམས་ཆོས་དེ་ཉིད་དུས་ནམ་ཞིག་ལ་ཆ་རྐྱེན་གང་འདྲ་ཞིག་གི་གནས་ཚུལ་འོག་བརྩམས་པ་ཡིན། ལན་ཁ་གསལ་ཞིག་ལ་གུས་པས་ཐག་རིང་ཐག་རིང་ཞིག་ན་ཧ་ཅང་གཟབ་ནན་གྱིས་ཉན་ཡོད་ལགས།” གཅན་མེ་སྟག གོང་དུ་བཤད་པ་ལྟར་དེ་ནི་ང་རང་ཉིད་ཆེས་དགའ་ཞིང་བསམ་བློ་དང་ནུས་པ་ཤུགས་ཆེར་བཀོལ་ཏེ་བྲིས་པའི་སྙན་ངག་རིང་བོ<<བདག་མེད>>ཅེས་པ་དེ་ཡིན། སྙན་ངག་དེ་ངས༡༩༩༦ལོར་ཐོག་མར་འབྲི་སྐབས་བརྗོད་བྱ་དང་བསམ་བློའི་ཕྱོགས་ནས་དེའི་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་ཆ་མང་བོ་འདུ་ཐུབ་པ་དང་བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་མང་བོ་ཤོང་ཐུབ་པ་སོགས་ཀྱི་བསམ་པ་བཅངས་པ་ཡིན་ལ་དེའང་ལོ་རྒྱུས་རྐྱང་རྐྱང་གི་ཆ་འདུས་པ་ཙམ་ཡང་མ་ཡིན།

སྐྱ་བོ། ཡང་ཀློག་མཁན་ཞིག་གིས“ཁྱེད་ཀྱིས་སྙན་ངག་ཅིག་གི་ཁ་བྱང་ཆུང་ངུར་ཁྱི་ཁ་ཚུམས་ཞེས་བཀོད་འདུག ཁྱེད་ཀྱིས་སུ་ཞིག་གི་ཁྱི་ཁ་བཙུམ་དུ་འཇུག་འདོད་པ་ཡིན”ཞེས་དྲི་བ་བཏོན་འདུག གཅན་མེ་སྟག  (དགོད་པ)སྙན་ངག་ཅིག་འབྲི་བར་ལ་ལས་ཁ་གཏད་ས་ཞིག་དགོས་ཟེར། ལ་ལས་དེ་ལྟར་མི་འདོད། རྩོམ་པ་པོའི་ནང་སེམས་ཀྱི་མི་སྡུག་པའི་ཆ་ཞིག་མཚོན་པའི་ཕྱོགས་ནས་བཤད་ན་དེ་ལ་ཁ་གཏད་ས་མེད། དེའི་ཕྱིར"ཁྱི་ཁ་ཚུམས"ཞེས་པ་དེས་ཀྱང་མི་ཆེ་གེ་མོ་ཞིག་ལ“ཅི་ཡང་བཤད་མི་དགོས། ཁྱོད་ཀྱིས་ཁ་ཚུམས་ནས་སྡོད”ཟེར་བ་མིན། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧེ་མིན་ཝི་ཡིས“ཁྱོད་ཀྱིས་ཁ་ཚུམས་ཏེ་སྨྱུ་གུར་སྐད་ཆ་བཤད་དུ་ཆུགས”ཞེས་ཟེར་མྱོང༌། དེ་ལྟ་བུའི་བསམ་བློ་ཞིག་མཚོན་ཕྱིར་ངེད་ཅག་གིས"ཁྱི་ཁ་ཚུམས"ཟེར་བ་ཡིན། ཡང་ན་སྤྱི་ཚོགས་འདིའི་ཁྲོད་ཀྱི་སྣང་ཚུལ་ངན་པ་དང་མི་རང་གི་ནང་སེམས་ཀྱི་མི་སྡུག་པའི་ཆ་ཐེར་འདོན་བྱ་ཕྱིར་དེ་ལྟར་ཟེར་བ་ཡིན།

སྐྱ་བོ། ཀློག་པ་པོ་བླ་ནག་པ་ཟེར་བ་ཞིག་གིས་དྲི་བ་གསུམ་བཏོན་འདུག  ཁོའི་དྲི་བ་དང་བོ་ནི“ཁྱེད་ལ་གྱི་ལིང་བྱ་དགའ་ཐོབ་རྗེས་བསམ་ཚུལ་ག་འདྲ་འདུག”ཅེས་པ་དེ་རེད། གཅན་མེ་སྟག ཐེངས་འདིར་ངའི་སྙན་ངག་གཅེས་བསྡུས་ཀྱི་དེབ<<ལྷོ་བཞུད་ཀྱི་ཆུ་འཛིན>>ཞེས་པར་རྒྱལ་ཡོངས་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ཞིག་ཐོབ་པ་རེད། བྱ་དགའ་དེའི་མིང་ལ་གྱི་ལིང་བྱ་དགའ་ཟེར། དེ་ནི་ང་རང་གི་ཡིད་ལ་མ་ཤར་བ་ཞིག་ཡིན། རྒྱུ་མཚན་ནི་ང་རང་གི་རྩོམ་རིག་གི་ཆུ་ཚད་དང་དེབ་དེའི་སྤུས་ཀ་སོགས་དེང་གི་བོད་ཀྱི་རྩོམ་སྟེགས་ལ་མཚོན་ནས་བཤད་ན་ཚད་དམའ་ཤོས་སུ་ཡོད་པས་བྱ་དགའ་དེ་ཐོབ་པར་སྤྲོ་སྣང་ཆེན་པོ་བྱུང་མ་སོང༌། ཡིན་ནའང་དེ་ཡིས་ང་ལ་སྐུལ་ལྕག་ངེས་ཅན་ཞིག་ཐེབས། དེང་གི་རྩོམ་སྟེགས་སུ་སྙན་ངག་པ་འཇུ་སྐལ་བཟང་དང་ལྗང་བུ་ལྟ་བུས་བསམ་བློ་དང་འབྲི་ཐབས་གང་གི་ཆ་ནས་བོད་ཀྱི་སྙན་ངག་པའི་ཆེས་མཐོ་བའི་ཆུ་ཚད་མཚོན་ནའང་ངོ་སྤྲོད་ཀྱིས་མ་འདང་བ་རེད། ངའི་དཔེ་ཆ་ནི་ངོ་སྤྲོད་བྱས་པས་བྱ་དགའ་ཐོབ་པ་དེའོ།། ད་ལོ་བོད་ཀྱི་དཔེ་ཆ་ངོ་སྤྲོད་བྱས་པ་མང་བོ་མི་འདུག་ཅེས་བྱ་དགའ་སྟེར་ས་ནས་གླེང་གིན་འདུག དེ་བས་ངོ་སྤྲོད་བྱས་པའི་དཔེ་ཆ་མང་བོ་མེད་པས་ངའི་དཔེ་ཆ་ནི་དེའི་ནང་ནས་བདམས་པའོ། །

སྐྱ་བོ། བླ་ནག་པའི་དྲི་བ་གཉིས་པ་ནི་འདི་ལྟ་སྟེ།“ཁྱེད་ཀྱིས་སྙན་ངག་འབྲི་དོན་ཅི་ཡིན།” གཅན་མེ་སྟག  ཐོག་མར་སྙན་ངག་འབྲི་དུས<<མེ་ལོང་མ>>ལ་དཔེར་བརྗོད་བཞག་པ་དང་དེ་ནས་དགེ་རྒན་གྱི་བསྟོད་བསྔགས་ཐོབ་ཅིང་རིམ་གྱིས་སེམས་དེ་ཕྱོགས་སུ་ཁུགས་པར་གྱུར། རང་མོས་སྙན་ངག་འབྲི་མགོ་བརྩམས་པ་དང་སྙན་ངག་ཅེས་པ་ནི་འདི་འདྲ་དང་དེ་འདྲའོ་ཞེས་རང་གི་སེམས་ནས་དགའ་ཕྱོགས་ཤིག་ཏུ་གྱུར། ད་ལྟར་མཚོན་ན་སྙན་ངག་ནི་ངའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སྤྱིར་ན་ང་རང་གིས་སྙན་ངག་དེ་འབྲི་ཤེས་ཀྱིན་མེད་ཀྱང་དེར་འཚོལ་སྙེག་བྱེད་པའི་བསམ་པ་དེ་བློས་མི་ཐོངས།

སྐྱ་བོ། ཁོའི་དྲི་བ་གསུམ་པ་ནི། “ཁྱེད་ཀྱིས་བལྟས་ན་བོད་ཀྱི་སྙན་ངག་གི་སྤྱིའི་འཕེལ་རྒྱས་ཀྱི་ཚད་ག་འདྲ་ཞིག་ལ་སླེབས་འདུག”ཅེས་པ་དེ་རེད། གཅན་མེ་སྟག སྤྱིར་ན་ང་ལྟ་བུ་ཞིག་གིས་བོད་ཀྱི་དེང་རབས་ཀྱི་སྙན་ངག་གི་ཚད་འདི་འདྲ་ཞིག་ལ་སླེབས་འདུག་ཅེས་ཁ་ཚོད་གཅོད་མི་ཐུབ། འོན་ཀྱང་ང་རང་གི་སྣང་ངོར་བོད་ཀྱི་དེང་གི་སྙན་ངག་པ་ཚོའི་སྙན་ངག་གི་ཆུ་ཚད་ཕལ་ཆེར་འཛམ་གླིང་སྤྱི་དང་རྒྱ་མི་རིགས་གི་སྙན་ངག་པ་ཚོའི་ཆུ་ཚད་དང་ཕལ་ཆེར་མཉམ་འདུག མ་འོངས་པའི་བོད་ཡིག་གི་སྙན་ངག་གི་ལས་དབང་དེ་གཙོ་བོ་རྩོམ་པ་པོའི་ཆུ་ཚད་དང་བསམ་བློ་ལ་ཐུག་འདུག བསམ་བློའི་ཆུ་ཚད་མཐོན་པོར་སླེབས་པ་ཡིན་ན་སྙན་ངག་གི་མདུན་ལྗོངས་ཀྱང་རྒྱ་ཆེན་པོར་འགྱུར་རྒྱུ་རེད།

སྐྱ་བོ། ཀློག་པ་པོ་འབར་ཞེས་པ་ཞིག་གིས་འདི་ལྟར་དྲི་བ་བཏོན་འདུག “སྙན་ངག་ལ་མཚོན་ཐབས་གཙོ་འམ་བསམ་བློ་གཙོ། ཁྱེད་ཀྱིས་བལྟས་ན་བོད་ཀྱི་སྙན་ངག་ལ་མི་རིགས་གཞན་དང་རྒྱལ་ཁབ་གཞན་དང་མི་མཐུན་པའི་ཁྱད་ཆོས་གཙོ་བོ་ཅི་ཞིག་མཆིས།” གཅན་མེ་སྟག ངས་བལྟས་ན་སྙན་ངག་ལ་བསམ་བློ་དགོས་ལ་མཚོན་ཐབས་ཀྱང་དགོས། དེ་གཉིས་ཀ་ཆ་ཤས་རེ་རེ་རེད། བསམ་བློ་མེད་པའི་སྙན་ངག་ཅིག་ཡོད་པ་མ་རེད། འོན་ཀྱང་རྣམ་པ་རྐྱང་རྐྱང་གི་སྒོ་ནས་་སྙན་ངག་ཅིག་བྲི་དགོས་ན་གཙོ་གལ་ཆེ་ཤོས་ནི་མཚོན་ཐབས་རེད། དེ་ལ་རྒྱས 纯诗ཞེས་འབོད་ཀྱི་ཡོད། དེ་མིན་ཆབ་སྲིད་ཀྱི་སྙན་ངག་དང་ཡང་ན་ལེགས་བཤད་སྙན་ངག་འབྲི་རྒྱུ་ཡིན་ན་བསམ་བློ་གཙོ་ཆེ། སྤྱིར་ན་བསམ་བློ་དང་མཚོན་ཐབས་ནི་གཅིག་ལ་གཅིག་བརྟེན་དང༌། ཤ་དང་ཁྲག་གི་འབྲེལ་བ་ཡོད་པ་ཞིག་རེད། བོད་ཀྱི་སྙན་ངག་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་མི་རིགས་རིག་གནས་ཀྱི་བསམ་བློ་འམ་མི་རིགས་རིག་གནས་ཀྱི་གཤིས་ཀ་འབུར་དུ་ཐོན་ཡོད་པ་དེ་རེད། གཉིས་སུ་མཐའ་འཁོབ་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་དེ་རེད། མཐའ་འཁོབ་ཅེས་པ་དེ་འདིར་རྗེས་ལུས་ལ་ཟེར་བ་མིན། གཙོ་བོ་ཡུལ་དབུས་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་དེ་ལ་ཟེར་བ་ཡིན།

སྐྱ་བོ། ཆེས་མཇུག་མཐའི་དྲི་བ་ནི་ཀློག་མཁན་རྣོ་སྦྲེང་ཟེར་བ་ཞིག་གིས་བཏོན་པ་སྟེ། “སྙན་ངག་ལ་བསམ་བློ་གཙོའམ་ཐ་སྙད་གཙོ"ཞེས་པ་དེ་རེད། གོང་གི་དྲི་བ་ཞིག་དང་ཧ་ཅང་འདྲ་བོ་འདུག” གཅན་མེ་སྟག གོང་དུ་བཤད་པ་ལྟར་བསམ་བློ་དང་མཚོན་ཐབས་ཞེས་པའི་མཚོན་ཐབས་དེའང་གཙོ་བོ་ཐ་སྙད་ཀྱི་སྟེང་ནས་བཤད་ཀྱི་ཡོད། ལ་ལས་སྙན་ངག་ནི་ཐ་སྙད་ཀྱི་སྒྱུ་རྩལ་ཞིག་ཡིན་ཟེར། ཆ་ཤས་གཅིག་གི་སྟེང་ནས་བཤད་ན་དེ་འདྲ་རེད། འོན་ཀྱང་བསམ་བློ་དང་ཐ་སྙད་གཉིས་ཕན་ཚུན་འབྲེལ་འདུག ཐ་སྙད་ལ་བརྟེན་ནས་བསམ་བློ་མཚོན་དགོས་པ་རེད།

སྐྱ་བོ། ཁྱེད་ཀྱིས་ངེད་དྲ་བའི་བཅར་འདྲི་དང་དུ་བླངས་པར་བཀའ་དྲིན་ཆེ་ཞུ། རྗེས་མར་མཇལ་ཡོང༌། བདེ་མོ་བྱོས།
གཅན་མེ་སྟག  སླར་མཇལ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངེད་དྲ་བས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་གཅན་མེ་སྟག་ལ་བཅར་འདྲི་བྱས་པ།

2008-11-25 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།