གཟའ་མིག་དམར་ཐོག་གི་གསང་བ་འཚོལ་བ།

        ངོ་མཚར་ཤེས་བྱེད་མར་རེ་སྒུག
  ཉེ་ཆར་༢༠༡༡་ལོའི་ཟླ་༡༡་ཚེས་༢༦་ཉིན་ཨ་རིའི་མཁའ་དབྱིངས་བརྟག་དཔྱད་ལས་ཁང་གིས་ཨ་རིའི་ཤར་མཐའ་ནས་འཕུར་མདའ་ཞིག་གཟའ་མིག་དམར་གཟས་ཏེ་འཕངས་སོང་། འཕུར་མདའ་དེའི་སྣེ་ན་ཡོད་པའི་འཕུར་གྲུའི་ཁོག་ཏུ་ཡོད་པའི་ཆེ་ཆུང་ན་རླངས་འཁོར་ཆུང་ཆུང་ཞིག་དང་འདྲ་བའི་བརྟག་བྱེད་འཕྲུལ་ཆས་ཏེ་ངོ་མཚར་ཤེས་བྱེད་(Curiosity)་མས་ཟླ་༨་ལྷག་གི་རྗེས་སུ་གཟའ་མིག་ཐོག་ལ་བསླེབ་ནས་ལྐོག་གྱུར་གྱི་གནས་ཚུལ་མང་པོ་ཞིག་དཔར་བརྒྱབས་སྟེ་ས་གོ་ལའི་ཐོག་ལ་བསྐུར་ཐུབ་ཟེར།   ངོ་མཚར་ཤེས་བྱེད་མ་མིག་དམར་ཐོག་ཏུ་མངགས་པ་ལ་དམིགས་ཡུལ་༤་ཡོད་པར་བཤད།
༡ ཚེ་སྲོག་དང་ཚེ་སྲོག་ལ་ཕན་པའི་རྫས་རྙེད་ཆེད་དང་།
༢  མིག་དམར་གྱི་གནམ་གཤིས་ལ་བརྟག་ཆེད།
 ༣ མིག་དམར་གྱི་ས་གཤིས་ལ་བརྟག་ཆེད།
 ༤  མ་འོངས་པར་མི་དངོས་སུ་མིག་དམར་ཐོག་འགྲོ་བའི་ཚོད་ལྟའི་ཆེད་ཡིན་ཟེར།
  ཁོ་བོ་ཚུད་པའི་ས་གོ་ལའི་ཐོག་གི་མི་མི་ཉུང་བ་ཞིག་གིས་ངོ་མཚར་ཤེས་བྱེད་མ་བར་ཆད་མེད་པར་བདེ་ལེགས་ངང་གཟའ་མིག་དམར་ཐོག་ལ་འབྱོར་ནས་ངོ་མཚར་བའི་གསར་འཕྲིན་མང་པོ་སྐུར་ཐུབ་པའི་སྨོན་འདུན་དང་རེ་སྒུག་བྱས་ཡོད།
        ལོ་རྒྱུས་ཁྲོད་ཀྱི་གཟའ་མིག་དམར།
  ནུབ་གླིང་གི་གཟའ་མིག་དམར་ལ་བརྟག་པའི་རིག་པ་འདི་ཡང་བློ་བུར་ཏུ་བྱུང་བ་ཞིག་མ་ཡིན་པར་བྷ་བྷེ་ལོང་དང་ཨེ་ཇེབ།  གྷི་རིག་གི་གནམ་རིག་པ་རྣམས་ནས་བཟུང་མྱི་རབ་ནས་མྱི་རབ་བརྒྱུད་དེ་རིག་པ་བསགས་སྟེ་ཡོང་བ་ཞིག་རེད།   གནའ་བོའི་གྷི་རིག་དང་རོ་མན་གྱི་གནམ་རིག་པ་ཚོས་གཟའ་འདི་ནི་དམར་པོ་ཁྲག་གི་རྫུས་བའི་དམག་འཁྲིག་གི་ལྷ་ཡིན་པར་ཡིད་ཆེས་གནང་འདུག                
  བོད་པས་ཡང་ལོ་དགུ་བརྒྱའི་སྔོན་ནས་གཟའ་འདི་ལ་བརྟག་དཔྱད་བྱེད་མགོ་བརྩམས།      ལྷག་པར་༡༢༠༥་ལོར་བོད་ཀྱི་ས་སྐྱའི་མཁས་པ་གྲགས་པ་རྒྱལ་མཚན་གྱིས་གཟའ་འདིའི་ཁ་མདོག་དམར་པོ་ཡིན་པ་དང་དམག་དཔོན་གྱི་བླ་གཟའ་ཡིན་པར་བཤད་འདུག   དེ་ལས་ཀྱང་ཧ་ལས་པ་ནི་བོད་ཀྱི་གནམ་རིག་པ་གྲགས་ཆེན་བུ་སྟོན་རིན་ཆེན་གྲུབ་ཀྱིས་༡༣༢༦་ལོར་བརྩམས་པའི་རྩིས་གཞུང་མཁས་པ་དགའ་སྐྱིད་ནང་འདི་ལྟར་གསུངས།    དེ་ལ་མིག་དམར་གྱི་དཀྱིལ་འཁོར་ཉིན་ཞག་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱིས་རྒྱུ་སྐར་གྱི་ཆུ་ཚོད(༡༦༢༠)་ལ་བགོས་པས།   ཆུ་ཚོད་གཉིས་དང་ཆུ་སྲང་ཉེར་གཅིག་དང་།  དབུགས་གཉིས་དང་དབུགས་ཀྱི་བཅུ་གསུམ་ཆ་བཅུ་གཅིག་དང་།     དེའི་ལྷག་མ་ཉིས་བརྒྱ་ཉི་ཤུ་རྩ་དགུས་བསྒྱུར་ཏེ་བགོས་པས།   བརྒྱ་་བརྒྱད་ཅུ་རྩ་ལྔ་ལ་ནི།  དབུགས་ཀྱི་བཅུ་གསུམ་ཆ་གཅིག་གི་ཉིས་བརྒྱ་ཉི་ཤུ་རྩ་དགུའི་ཆ་སྟེ།     དེ་རྣམས་མིག་དམར་གྱི་ཉིན་ཞག་རེའི་རྟག་པའི་ལོངས་སྤྱོད་ཡིན་ནོ། ཞེས་མིག་དམར་གྱིས་དཀྱིལ་འཁོར་ལ་སྐོར་ར་གཅིག་རྒྱག་པ་ལ་ཉིན་ཞག་687་ཡིན་པ་དང་།     ཉིན་རེ་ལ་ཡུལ་གྱི་ཆུ་ཚོད་2་དང་ཆུ་སྲང་21་།     དབུགས་2་དང་དབུགས་ཀྱི་བཅུ་གསུམ་ཆ་གཅིག་གི་ཉིས་བརྒྱ་ཉི་ཤུ་རྩ་དགུའི་ཆ་185་ལོངས་སུ་སྤྱོད་བཞིན་ཡོད་པར་བཤད་འདུག   དབུགས་གཅིག་ལ་དེང་དུས་ཀྱི་སྐར་ཆ་བཞི་རེད།   དབུགས་སྐར་ཆ་བཞི་དེ་ཉིད་ཆ་བཅུ་གསུམ་ལ་བགོས་པའི་ཆ་གཅིག་ཉིས་བརྒྱ་ཉི་ཤུ་རྩ་དགུར་བགོས་འདུག   ཡང་ན་དབུགས་གཅིག་ཆ་ཤས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བགོས་འདུག
  འདི་ལྟ་བུ་ལོ་དྲུག་བརྒྱ་གྱ་ལྔའི་གོང་ལ་བོད་ཀྱི་རྩིས་རིག་ནུབ་གླིང་དང་སྡུར་ན་ཧ་ཅང་ཞིབ་ཚགས་པོ་རེད།    ཡིན་ཡང་དེང་སྐབས་ནུབ་གླིང་པས་སྐར་ཆ་གཅིག་ཆ་ཤས་འབུམ་གསུམ་ལ་བགོས་གི་འདུག    དེ་བཞིན་དུ་མཁས་པ་བུ་སོགས་ཀྱིས་མིག་དམར་གྱི་དཀྱིལ་འཁོར་ཉིན་ཞག་687་ཡིན་པར་བཤད་པ་བཞིན་དེང་གི་ཚན་རིག་པ་མང་ཆེ་བས་མིག་དམར་གྱིས་ཉི་མར་སྐོར་ར་གཅིག་རྒྱག་པར་ཉིན་ཞག་687་དགོས་པར་ཁ་མཐུན་ན་ཡང་ཨ་རིའི་མཁའ་དབྱིངས་བརྟག་དཔྱད་(NASA)ཁང་སོགས་ཀྱིས་ཉིན་ཞག་686.98་ཡིན་པར་འདོད། འདི་གཉིས་ཀྱི་བར་ལ་དེང་དུས་ཀྱི་སྐར་མ་ཉི་ཤུ་ལྷག་གི་ཁྱད་པར་འདུག    
  ༡༨༧༧་ལོར་ཨི་ཊ་ལེ་ཡི་གནམ་རིག་པ་་(Giovanni-Schiaparelli)་ཞིག་གིས་རྒྱང་ཤེལ་ལ་རྟེན་ནས་མིག་དམར་ཐོག་གི་ས་ཁྲ་དུས་རབས་༡༧་ནང་བྲིས་བ་ལས་ཞིབ་ཚགས་པོར་བྲིས།  ཡིན་ན་ཡང་ཁོས་མིག་དམར་ཐོག་ན་མིས་བཟོས་གཙང་བོ་འདུག་ཟེར་ནས་ས་ཁྲ་བྲིས་པ་དེས་མི་མང་པོ་ལ་གཟའ་དེའི་ཐོག་གི་འགྲོ་བ་དེ་དག་གི་སྐོར་ལ་ཤེས་འདོད་ཆེན་པོ་སྐྱེས་བས།  ཡོ་རུབ་ཀྱི་གནམ་རིག་པ་ཚོས་བརྟག་དཔྱད་དང་བགྲོ་གླེང་མང་པོ་བྱས་ནས་རྩོམ་ཡིག་སྤེལ། དེང་གི་ནུབ་ཀྱི་ཚན་རིག་པ་ཚོས་བཤད་ན་མིག་དམར་གྱི་ལོ་ཚད་ནི་ཉི་མའི་ཁྱིམ་རྒྱུད་གྲུབ་དུས་སྟེ་ལོ་ཐེར་འབུམ་6.57་གི་གོང་ནས་གྲུབ་པར་བཤད།       
  བོད་ཀྱི་གནམ་རིག་པས་མིག་དམར་གྱི་ལོ་ཚད་བཤད་མེད་ན་ཡང་།  ཉི་མ་གྲུབ་རྗེས་སུ་སེང་གེ་ཁྱིམ་ལ་གཏོགས་པའི་སྐར་མ་མཆུ(Regulus)འི་ཐོག་ནས་མིག་དམར་སྐྱེས་བ་དང་སྐར་མ་དམར་བོ་འོད་དམར་གསལ་ལེ་བ་ཞིག་ཡིན་པར་བཤད་འདུག   བོད་ཀྱི་གནམ་རིག་པ་མཁས་གྲུབ་ནོར་བཟང་རྒྱ་མཚོས་གཟའ་མིག་དམར་འགྲོ་ལམ་འདི་ལ་ཞུགས་ནས་སྤྱི་ལོ་༡༤༨༦་ལོར་བར་ལོ་115242364427་འགོར་ཡོད་པར་བཤད་ཡོད་ལ།     ལོ་དེ་ནས་མ་འོངས་ལོ་1453251་འགོར་མཚམས་སུ་མིག་དམར་སྟོང་པར་ཞུགས་རྗེས་ལམ་མགོ་གསར་བ་ཞིག་ལ་འཇུག་པར་བཤད། ཕྱི་ལོ་༡༩༦༠་ལོ་ནས་༢༠༠༧་ལོའི་བར་ས་གོ་ལའི་ཐོག་ནས་གཟའ་མིག་དམར་དམིགས་་འབེན་ལ་བཟུང་སྟེ་པར་ལེན་འཕྲུལ་ཆས་ཨ་རིའི་ཐེངས་མ་19་དང་། ཨུ་རུ་སུའི་ཐེངས་མ་18་། འཇར་པན་གྱི་1་དང་ཡོ་རུབ་ཀྱི་1་ཅེས་ཁྱོན་སྡོམ་39་བཏང་བའི་ཁྲོད་ཨ་རིའི་འཕྲུལ་ཆས་13་དང་ཨུ་རུ་སུའི་3་ལེགས་འགྲུབ་བྱུང་།  འཕྲུལ་ཆས་དེ་དག་གིས་མིག་དམར་ངོས་སུ་པར་བརྒྱབས་ཏེ་སྐུར་ཡོང་བས་གཟའ་དེའི་ཐོག་གི་ཉི་འོད་དང་གྲིབ་མ་སོགས་གནམ་གཤིས་སྐོར་དང་།  ས་རྡོ་དང་རི་ཐང་སོགས་ས་གཤིས་སྐོར་ལ་སྔར་ལས་གནས་ཚུལ་མང་བ་ཤེས། དཔེར་ན།     བོད་ཀྱི་རི་བོ་ཇོ་མོ་གླིང་མའི་ལྡབ་གསུམ་གྱི་མཐོ་བའི་ཉི་མའི་ཁྱིམ་རྒྱུད་ནང་གི་རི་བོ་མཐོ་ཤོས་ཨོ་ལེམ་ཕི་སུ་མན་སུ(Olympus Mons)་གསར་རྙེད་བྱུང་བ་ལྟ་བུ་རེད།གནམ་རིག་པའི་བརྟག་འབྲས་ལྟར་ན་ཕྱི་ལོ་༢༠༠༣་ལོའི་ཟླ་༨་ཚེས་༢༧་ཉིན་སའི་གོ་ལ་དང་མིག་དམར་གྱི་བར་ཐག་ན་སྤྱི་ལེ་55,758,006km་ཡོད་པ་དང་། དེ་ནི་ལོ་ངོ་59,619་ནང་་མིག་དམར་སའི་གོ་ལའི་ཐག་ཉེ་ཤོས་ལ་བསླེབ་པ་ཡིན་པར་བཤད། ཕྱི་ལོའི་སྔོན་གྱི་༥༧༦༡༧་ལོའི་ཟླ་༩་ཚེས་༢༤་ཉིན་སའི་གོ་ལ་དང་མིག་དམར་གྱི་བར་ཐག་ན་སྤྱི་ལེ་55,718,000km་རེད། མ་འོང་ཕྱི་ལོ་༢༩༤༨༥༡་ལོའི་ཟླ་༩་ཚེས་༢༠་ཉིན་སའི་གོ་ལ་དང་མིག་དམར་གྱི་བར་ཐག་ན་སྤྱི་ལེ་53.637,000km་ཡིན་པར་བཤད། མི་ལོ་སུམ་འབུམ་ལྔ་ཁྲི་བཞི་སྟོང་(354470)ལྷག་གི་སྔོན་གྱི་ལོ་དང་སྡུར་ན་སའི་གོ་ལ་དང་མིག་དམར་བར་ཐག་སྤྱི་ལེ་ས་ཡ་གཉིས་(2121006)ལྷག་གིས་ཇེ་ཉེ་ལ་བསླེབས།
  བོད་ཀྱི་གནམ་རིག་ལོ་རྒྱུས་ལ་ཕྱི་དྲན་རེ་བྱས་ནས་སྐབས་ཐོག་སྐབས་ཐོག་གི་གཞན་གྱི་གནམ་རིག་ཚན་རིག་དང་སྡུར་ན་བོད་ཀྱི་མེས་པོ་རྣམས་གཞན་ལ་ངོ་གནོང་མི་དགོས་པ་ཞིག་ཡོད་ན་ཡང་།        དེང་སྐབས་བོད་པ་རྣམས་ཤེས་རྨོངས་ཀྱི་གནས་སུ་གྱུར་ཡོད་པ་ཅི་བྱུང་བ་ཡིན་ནམ་ཞེས་དྲི་བ་ཐོན་ཡོང་གིན་འདུག     ཡང་བསམ་བློ་གཞན་ཞིག་ནས་བཏང་ན་གཅིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་ཨ་རིས་ནམ་མཁར་འཕུར་གྲུ་བཏང་བར་མ་ཟད་མིས་དངོས་སུ་ཟླ་བའི་ཐོག་ལ་གོམ་པ་སྤོས་བ་རེད།    སྐབས་དེ་དུས་རྒྱ་ནག་སྐམ་ས་ཆེན་པོ་ན་མུག་གེ་ཡོང་ནས་མི་ས་ཡ་མང་པོ་ལྟོགས་ཤི་འགྲོ་བཞིན་ཡོད་པས་ཕོ་བའི་ནང་ཟས་ཁམ་གང་རེ་ཐོབ་པར་འབད་བརྩོན་བྱེད་ཀིན་ཡོད་པས་འཇིག་རྟེན་འཕུར་གྲུ་ལ་བསམ་བློ་གཏོང་མཁན་ཞིག་མེད་པའི་ཚོད་རེད།   ཡིན་ཡང་ལོ་བཞི་བཅུའི་རྗེས་སྟོང་ལོ་གསར་བའི་ནང་རྒྱ་ནག་གི་འཕུར་གྲུ་མཁའ་དབྱིངས་ལ་སྐོར་བསྐྱོད་བྱས་བར་མ་ཟད་ལོ་རྗེས་མ་ཟླ་ཐོག་ལ་འཕུར་གྲུ་གཏོང་གིན་ཡིན་ཟེར།   ང་ཚོ་རི་མཐོ་ས་གཙང་གི་གདོང་དམར་བ་བོད་པ་ཚོས་ཡང་ནམ་ཞིག་ན་རང་གི་རིག་པ་དང་རྒྱུ་ནོར་སྤྱད་དེ་གཟའ་ལྷག་པའི་(བོད་པ་རྣམས་གཟའ་འདི་ལ་དགའ)ཐོག་བསྐྱོད་ཐུབ་པའི་རྨི་ལམ་མངོན་གྱུར་ཡོང་སྲིད་པ་ཞིག་རེད།       གཟའ་ལྷག་པ་ནི་ཟོག་རྫི་ཚོས་སྐར་མ་མཛོ་འདོགས་ཟེར་བ་དེ་ཡིན།
             ངོ་མཚར་ཤེས་བྱེད་མའི་དགའ་བསུ་དང་གསར་འཕྲིན།
  ཨ་སྒོར་ཐེར་འབུམ་གཉིས་དང་ཕྱེད་ཀའི་འགྲོ་སྒོ་བཏང་བའི་བརྟག་བྱེད་འཕྲུལ་ཆས་ངོ་མཚར་ཤེས་བྱེད་མ་ཟླ་ངོ་བརྒྱད་ཀྱི་རིང་ལ་ས་གོ་ལའི་ངོས་ནས་མིག་དམར་ཐོག་ལ་སྤྱི་ལེ་ས་ཡ་567་ལ་བསྐྱོད།  ༢༠༡༢་ལོའི་ཟླ་༨་ཚེས་༥་མཚན་མོའི་ཨ་རིའི་ཤར་ངོགས་ཆུ་ཚོད་༡་དང་སྐར་མ་༣༡་ཐོག་ངོ་མཚར་ཤེས་བྱེད་མ་གཟའ་མིག་དམར་ཐོག་འབབ་པར་འཛམ་གླིང་གི་མི་མང་པོས་ས་ཕྱོགས་ག་ས་གང་ནས་རེ་སྒུག་བྱས།  ཁོ་བོས་ཡང་དུས་ཚོད་གཉིས་ཀྱི་སྔོན་ནས་ཨ་རིའི་མཁའ་དབྱིངས་བརྟག་དཔྱད་ཁང་གི་དྲ་བའི་ཐད་གཏོང་ལ་བལྟས་པ་ཡིན།  འབྲེལ་འཐུད་དང་ཚོད་ལྟ་ཁང་ནང་ཚན་རིག་པ་རྣམས་མཐོང་གི་འདུག  རྣམ་འགྱུར་ལ་བལྟས་ན་ཚན་རིག་པ་རྣམས་ཀྱིས་སེམས་ཁྲེལ་དང་རེ་བའི་ཚོར་བ་མ་ནོན་པར་ཡོད་པ་ཤེས་ཐུབ་ཀིན་འདུག  དགོད་བྲོ་བ་(ལྷ་མེད་བའི་བསམ་ཚུལ་ལྟར་ན་)ཞིག་ལ་ཚན་རིག་པ་ཚོས་མཚམས་ཞིག་ལ་སྣུམ་ལྡན་སྲན་མ་(བ་བཏུམ་ཡང་ཟེར)འགའ་རེ་ཟས་སོང་།  དེ་ནི་ཁོ་ཚོའི་སྲོལ་རྒྱུན་ཞིག་ཡིན།     དེ་སྔོན་༡༩༦༠་ལོར་ཟླ་བའི་ཐོག་འཕུར་གྲུ་གཏོང་སྐབས་སྣུམ་ལྡན་སྲན་མ་ཟས་ནས་ངལ་གསོ་རྒྱབ་རྗེས་འཕུར་གྲུ་དེ་བདེ་ལེགས་ངང་བདེ་འབྱོར་བྱུང་བས།     སྲོལ་རྒྱུན་དེ་བརྒྱུད་འཛིན་བྱས་ནས་འཕུར་གྲུ་འདི་ཡང་བདེ་འབྱོར་ཡོང་བའི་རྟེན་འབྲེལ་སྒྲིག་པ་ཡིན་ཟེར།      ཆུ་ཚོད་༡་དང་སྐར་མ་༢༠་ལ་ཐོན།   སྔར་བཞིན་་ངོ་མཚར་ཤེས་བྱེད་མའི་བརྡ་རྟགས་རྒྱུན་ལྡན་ཡིན་པར་བསྒྲགས།     ཆུ་ཚོད་༡་དང་སྐར་མ་༢༤་ལ་ཐོན།   འདི་ནི་མཐའ་མཇུག་གི་ཛ་དྲག་ཆེ་བའི་སྐར་མ་བདུན་པོའི་སྐབས་ཡིན་པར་བསྒྲགས།    ཚན་རིག་པ་རྣམས་སྔར་ལས་འདུག་མི་བཟོད་པར་གྱུར།  ཁ་ཤས་ཀྱིས་ལག་གཉིས་ཐད་མོ་སྦྱར་ནས་གསོལ་བ་འདེབས་ཀིན་འདུག    ལ་ལ་བསྡོད་མ་ཐུབ་པར་ལང་ནས་ཕར་འགྲོ་ཚུར་འགྲོ་བྱེད་ཀིན་འདུག      དེ་ནས་ཆུ་ཚོད་༡་དང་སྐར་མ་༣༢་ཐོག(སྐར་མ་གཅིག་རྗེས་སུ་ལུས་)་ངོ་མཚར་ཤེས་བྱེད་མ་བདེ་བར་མིག་དམར་ས་ཐོག་ལ་བབས་པའི་བརྡ་རྟགས་འབྱོར་བ་གསར་བསྒྲགས་བྱས།  ཚན་རིག་པ་རྣམས་དགའ་ནས་སྐད་བརྒྱབས།  ས་ལྡིང་གནམ་ལྡིང་བྱས།    ཕན་ཚུན་ལ་སྐེ་འཇུས་བྱས།   འགའ་ཤས་དགའ་བས་མིག་ཆུ་ཤོར།  དེ་མ་དག་ངོ་མཚར་ཤེས་བྱེད་མ་ལས་མིག་དམར་ས་ཐོག་གི་དཔར་གཉིས་རིམ་བཞིན་འབྱོར།   ཚན་རིག་པ་རྣམས་སྔར་ལས་དགའ་བས་ཁེངས།    ཚན་རིག་པ་ཁོ་ཚོ་གཅིག་པོ་ག་ལ་ཡིན།       སྐབས་དེར་འཛམ་གླིང་གི་ས་ཆ་མང་པོ་ནས་བལྟ་མཁན་ཁྲི་སྟོང་མང་པོ་དགའ་བས་མྱོས།   དེ་རྗེས་ཉིན་ཤས་ལ་ངོ་མཚར་ཤེས་བྱེད་མའི་ལུས་ཁམས་བདེ་ཐང་བརྟག་དཔྱད་བྱས།
  ཟླ་༨་ཚེས་༩་ཉིན་མཚོན་ལྡན་གྱི་དཔར་ཐོག་མར་འབྱོར། དེ་ནི་ས་སོབ་སོབ་དང་མེ་འབར་ཤུལ་འདྲ་བོ་རེད།    ཚེས་༡༡་ཉིན་སྔར་ལས་གསལ་བོའི་མཚོན་ལྡན་གྱི་དཔར་དང་བརྙན་དཔར་འབྱོར།  དེ་ནི་གྷེལ་གཤོང་འཁྱིལ་གྱི་ཐག་ཉེ་རིང་གི་རི་དང་ཐང་རེད།    
  ཚེས་༡༣་ཉིན་སྲིད་འཛིན་ཨོ་བྷ་མས་གནམ་རིག་པ་རྣམས་ལ་ཁ་པར་བཏང་ནས་་་ཁྱེད་ཚོས་ང་ཚོ་ཚང་མ་བློ་སྟོབས་སྤྲད་སོང་། ངོ་མཚར་ཤེས་བྱེད་མ་གཟའ་དམར་ཐོག་བབས་པ་འདིས་ང་ཚོའི་ཤེས་རིག་དང་། ཚན་རིག  འཕྲུལ་རིག  རྩིས་རིག་གི་གནས་ཚུལ་ཚད་མཐོ་པོར་ཐོན་་ཡོད་པ་ཤེས་ཐུབ།   དེང་སྐབས་ཀྱི་ང་ཚོའི་བྱིས་པ་ཚོས་རྗེས་མ་ཁོ་ཚོའི་བྱིས་པ་ཚོར་ང་ཚོས་ངོ་མཚར་ཤེས་བྱེད་མ་གཟའ་མིག་དམར་ཐོག་ལ་འབྱོར་བ་མཐོང་མྱོང་ཟེར་གི་རེད། དེ་དུས་མིའི་རིགས་ཀྱིས་དངོས་སུ་མིག་དམར་ཐོག་ལ་གོམ་པ་སྤོ་སྲིད། ཞེས་བཤད།
  ཚེས་༡༧་ཉིན་ངོ་མཚར་ཤེས་བྱེད་མ་གཏོང་མགོ་བཙུགས། གོམ་པ་གསུམ་ཙམ་ལ་སྐོར་ནས་ཚོད་ལྟ་བྱས།   ཚེས་༡༩་ཉིན་ཀློག་གི་སྐོར་འབུགས་ཀྱིས་རྡོ་ཞིག་ངོས་ཀྱི་ཁུང་བུ་བཏོད་དེ་ཚོད་ལྟ་བྱས།
  ཚེས་༢༧་ཉིན་ཨ་རིའི་མཁའ་དབྱིངས་བརྟག་དཔྱད་ཁང་གི་དབུ་འཛིན་མཆོག་གི་གསུང་བཤད་མདོར་བསྡུས་ཤིག་ངོ་མཚར་ཤེས་བྱེད་མ་ལས་བསྒྲགས།  
དེ་ནི་མིག་དམར་ལས་མི་སྐད་གྲགས་པ་ཐོག་མ་རེད།   ཉིན་དེར་རི་བོ་ཞཱར་ཕུའི་འདབ་ཀྱི་ལུང་ཤུར་འགའི་དཔར་ངོ་མཚར་བ་ཞིག་འབྱོར།    རི་བོ་ཞཱར་ཕུ་ནི་གྷོ་ལཱ་གཤོང་འཁྱིལ་གྱི་དཀྱིལ་སྙིང་ལྟ་བུ་རེད།   རི་བོ་དེའི་མཐོ་ཚད་ལ་སྤྱི་ཁྲུ་༡༨༠༠༠་ལྷག་ཡོད།  གངས་དཀར་ཏི་སེ་ལས་ཅུང་དམའ་བ་ཡོད།               
  ཚེས་༢༨་ཉིན་གླུ་བ་ཝེལ་ཨ་ཡེམ་གྱི་གླུ་གཞས་ངོ་མཚར་ཤེས་བྱེད་མ་ལས་བཏང་།  སྤྱི་ལེ་ས་ཡ་༥༥་སར་ཡོད་པའི་གཟའ་མིག་དམར་ཐོག་གི་གླུ་སྐད་ཐོག་མ་འཛམ་གླིང་གི་མྱི་མང་པོས་ཉན་ནས་ངོ་མཚར།  
མཚམས་འདི་ནས་ཞོར་ལ་སྤྱི་ཚོགས་ཚན་རིག་སྐོར་ལ་བསམ་བློ་རེ་བཏང་ན་།    ཨ་རིའི་སྲིད་མི་རིགས་ནག་པོ་རེད།  ཨ་རིའི་མཁའ་དབྱིངས་བརྟག་དཔྱད་ཁང་གི་དབུ་འཛིན་ཡང་མི་རིགས་ནག་པོ་རེད།   དེ་མ་ཟད་མིག་དམར་ནང་ནས་གླུ་སྐད་བསྒྲོགས་མཁན་ཡང་མི་ནག་རེད།  མི་ལོ་ལྔ་བཅུའི་སྔོན་མི་ནག་མི་ལ་མི་བརྩི་བའི་རྒྱལ་ཁབ་འདིར་དེང་སྐབས་མི་ནག་གིས་བརྒྱ་ཆའི་༡༢་ལས་མི་ཟིན་ན་ཡང་རྒྱལ་ཁབ་འདིའི་གནད་ཆེ་ས་དང་རྫོང་མཐུ་ས་མི་ནག་གིས་བཟུང་ཡོད་པ་འདི་ནི་མི་སེར་གྱི་རང་དབང་གི་འཐབ་རྩོད་པ་ཆེན་མོ་མཱ་ཊིན་ལོ་རྡེར་ཁེན་གྱི་རྨི་ལམ་ཞིག་་ཡོད་ཞེས་བ་མངོན་འགྱུར་བྱུང་བ་ཡིན་པ་འདྲ།   འདི་ལ་བསམ་ན་ང་ཚོར་ཡང་དགུན་འཁྱགས་དེའི་རྗེས་སུ་དྲོད་འཇམ་གྱི་དཔྱད་ཀ་ཞིག་བསླེབ་ངེས་རེད།
  ཟླ་༩་ཚེས་༡༨་ཉིན་བར་ལྷུ་ལག་སོགས་ལ་ཚོད་ལྟ་བྱས་ནས་ངོ་མཚར་ཤེས་བྱེད་མའི་བདེ་ཐང་ལ་བརྟག་དཔྱད་བྱས།       
  ཚེས་༡༩་ཉིན་ངོ་མཚར་ཤེས་བྱེད་མས་གཟའ་མིག་དམར་གྱི་ཟླ་བ་ཞིག་མིག་དམར་དང་ཉི་མའི་བར་ལ་འཁོར་བཞིན་པ་དཔར་བརྒྱབས།       མིག་དམར་ལ་འཁོར་ཟླ་བ་གཉིས་ཡོད་པ་སྤྱི་ལོ་༡༨༧༧་ལོར་ཨ་རིའི་སྐར་རྩིས་རིག་པ་བ་ཧེལ་(Asaph.Hall)་གྱིས་གསར་རྙེད་བྱུང་།   རོ་མེན་གྱི་དམག་འཁྲིག་གི་ལྷ་སྟེ་མིག་དམར་གྱི་བུ་མཚེ་མ་གཉིས་ཀྱི་མིང་བཏགས།   གཅིག་གི་མིང་ལ་ཧྥོ་བྷོ་སི་(Phobos-སྔངས་)་དང་། གཅིག་གི་མིང་ལ་སྒྲ་མ་ཡེ་སི་(Deimos-སྐྲག)་་་ཟེར།      བོད་སྐད་ལ་སྔངས་བྱེད་དང་སྐྲག་བྱེད་ཞེས་བསྒྱུར་ན་འོས་སྙམ།    
  ཚེས་༢༧་ཉིན་ཤེས་བྱེད་མས་གད་པ་ཆུང་ཆུང་ཞིག་རྙེད།     གད་པ་དེ་ས་དང་རྡེའུ་ཟེགས་འདྲེས་མ་ཞིག་རེད།      གད་པ་དེའི་ཆགས་ཚུལ་བརྟག་ན་ཡུན་རིང་བའི་སྔོན་ལ་ས་དེ་ན་ཆུ་ཡོད་པ་ར་སྤྲོད་ཐུབ་ཟེར།   ངོ་མཚར་ཤེས་བྱེད་མས་ཚེས་༡༠་ནས་ཚེས་༣༠་བར་ས་ཆ་མི་འདྲ་བ་ནས་རྡོ་མ་འདྲེས་བའི་ས་བླངས་ཏེ་སྐམ་རློན་དང་ལྕི་ཡང་སོགས་ལ་བརྟག་དཔྱད་གནང་།
  ཟླ་བ་༡༡་ནང་རླུང་ཁམས་བརྟག་དཔྱད་བྱེད་རྒྱུ་རེད།  བརྟག་འབྲས་ཞིབ་ཚགས་པོ་རྗེས་སུ་རིམས་བཞིན་སྤེལ་རྒྱུ་རེད།  ངོ་མཚར་ཤེས་བྱེད་མ་མིག་དམར་ཐོག་ལ་འབྱོར་ནས་ཟླ་གསུམ་དང་ཉི་མ་དྲུག་རེད།  ངོ་མཚར་ཤེས་བྱེད་མ་ལོ་གཉིས་ཀྱི་རིང་ལ་མིག་དམར་ཐོག་འཁོར་བསྐྱོད་གནང་རྒྱུ་རེད་ཟེར།
  ངོ་མཚར་ཤེས་བྱེད་མ་མིག་དམར་ཐོག་ལ་འབབ་བཞིན་པའི་བརྙན་འཕྲིན་འདི་ནས་ལྟོས་་་་http://www.nasa.gov/multimedia/videogallery/index.html?media_id=150507221 མིག་དམར་ཐོག་གི་གླུ་སྐད་འདི་ནས་ཉོན་http://www.nasa.gov/multimedia/videogallery/index.html?media_id=151313901

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་མིག་དམར་ཐོག་གི་གསང་བ་འཚོལ་བ།

2012-12-05 ཨ་རིའི་བོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།