《སྨན་པ་གྲྭ་ཚང》གི་བོད་འགྱུར་གླེང་བ།

རིག་རྒྱམ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-04-02

  གྲོགས་པོའི་འོས་སྦྱོར་ལྟར《སྨན་པ་གྲྭ་ཚང》གི་བོད་འགྱུར་ལ་མགོ་ནས་མཇུག་བར་ཐེངས་ཤིག་བལྟས་རྗེས། འདིར་བཀླགས་ཚོར་ཐུང་ངུ་ཞིག་སྤེལ་རྒྱུའི་འདུན་པ་སྐྱེས་ནའང་ཕལ་ཆེར་ཟླ་གཉིས་རིང་མ་བྲིས་པར་ལུས། རྒྱུ་མཚན་ནི་བརྩམས་སྒྲུང་འདི་སྐད་གྲགས་ཅན་ཞིག་ཡིན་པས། རྒྱ་ཡིག་དང་དབྱིན་ཇིའི་ལམ་ནས་དཔྱད་བརྗོད་མང་པོ་སྤེལ་ཡོད་པ་སྨོས་མ་དགོས་ལ། བདག་འདྲའི་དཔྱད་པ་ཐུང་ངུས་བརྩམས་སྒྲུང་འདིའི་དགེ་མཚན་གྱི་ཟུར་ཙམ་ཡང་མི་ཤོད་པར་སྣང་། དེ་ནས་ཟླ་གཉིས་ཙམ་གྱི་རིང་ལ《སྨན་པ་གྲྭ་ཚང》ཡིད་ངོར་ཤར་ཐེངས་རེར་དེའི་མི་སྣ་མང་པོ་ཞིག་ཆ་ཡོད་རྒྱུས་ཡོད་ཀྱི་ཡུལ་མི་དཀྱུས་མ་འགའ་དང་འདྲ་བར་ངའི་མིག་ལམ་ལ་ཡང་ཡང་མངོན། དེར་མ་ཟད་བརྩམས་སྒྲུང་གི་མི་སྣ་ཁ་ཤས་ཤིག་ད་དུང་ངའི་ཉེ་ཁོར་དུ་གསོན་འདུག་སྙམ་པའི་འདུ་ཤེས་སྐྱེས་ལ། དེ་དག་གི་ལུས་ཀྱི་དྲི་མའང་སྣ་ལམ་དུ་ཚོར་ཐུབ་པ་དང་འདྲ། ཚོར་བ་འདི་དག་ནི་བོད་ཡིག་ལ་བསྒྱུར་ཟིན་པའི་བརྩམས་སྒྲུང་མང་ཆེ་བར་ཡོད་མ་མྱོང་བ་ཞིག་རེད།

  བདག་གིས《སྨན་པ་གྲྭ་ཚང》བོད་འགྱུར་བྱུང་བ་ནི་དོན་སྙིང་ཆེན་པོ་ལྡན་ཞེས་བརྗོད་འདོད་སྐྱེས། རྒྱུ་མཚན་ནི། སོག་པོ་དང་བོད་མིའི་འཚོ་བ་བར་ཐག་ཧ་ཅང་ཉེ་བས། ཀློག་པ་པོས་བརྩམས་སྒྲུང་འདིའི་ཁྲོད་ནས་རང་གི་དགའ་སྡང་ཆགས་ཞེན་མང་པོ་རྙེད་ཐུབ་ཀྱི་འདུག དོན་ངོ་མར་བོད་མིའི་འཚོ་བ་དང་སོག་པོའི་འཚོ་བ་གཉིས་ལག་པ་ཞིག་གི་ཕྱི་ནང་དང་འདྲ་ཞིང་། རི་བོ་ཞིག་གི་ཉིན་སྲིབ་དང་ཡང་མཚུངས། ཉིན་ངོས་སུ་ཡོད་པ་སྲིབ་ངོས་སུ་ཡོད་ལ། ནང་ངོས་སུ་འདུག་པ་ཕྱི་ངོས་སུ་ཡང་འདུག་པས། སོག་པོའི་འཚོ་བ་ལས་བྱུང་བ་འགའ་ཞིག་བོད་མིའི་འཚོ་བའི་ཁྲོད་དུའང་གནས་པ་རེད། དེ་ནི་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་མི་རིགས་ཀྱི་འདྲ་ས་ཡིན་ཡང་རུང་། ཆོས་ལུགས་དད་མོས་གཅིག་འདྲའི་སྟེང་གི་མིའི་སེམས་ཁམས་ཀྱི་སྙི་ས་ཞིག་ཡིན་ཡང་ཆོག་སྟེ། གང་ལྟར་བདག་གིས《སྨན་པ་གྲྭ་ཚང》ལས་དེ་འདྲའི་ཚོར་བ་ཞིག་ཡང་ཡང་ཕྱིར་དྲན་བྱེད་ཐུབ།

  འདི་ནི《སྨན་པ་གྲྭ་ཚང》བོད་འགྱུར་བྱུང་བའི་དོན་སྙིང་ཆེན་པོ་ཞིག་རེད། དེར་མ་ཟད་ད་དུང་དོན་སྙིང་གྲངས་མེད་ཡོད་པ་སྨོས་མ་དགོས་མོད། འོན་ཀྱང་བདག་གིས་རང་ངོས་ནས་བཤད་འདོད་པ་རེ་ཟུང་བརྩིས་ན། དོན་སྙིང་གཉིས་པ་ནི། སྒྱུར་པ་པོའི་ཕྱོགས་ལ་སྐད་ཆ་རེ་གཉིས་སྨྲ་འདོད་བྱུང་། རྩོམ་ཡིག་བསྒྱུར་མཁན་ཞིག་ལ་མཚོན་ན། མ་ཕྱི་ལེགས་པོ་རེ་རྙེད་རྒྱུ་གལ་ཆེ། མ་ཕྱི་ལེགས་པོ་རྙེད་པའི་ཆ་ནས་ད་གཟོད་རང་སྐད་དུ་བསྒྱུར་ན་ཀུན་ལ་ཕན་ཐོགས་རྨ་མེད་པ་ཡོད། མ་ཕྱི་ལེགས་པོ་ནི་བརྡ་འཕྲིན་ལེགས་པོ་ཞིག་རེད། བརྡ་འཕྲིན་ལ་དོ་སྣང་ཆུང་བའི་བོད་མིར་མཚོན་ན། 《སྨན་པ་གྲྭ་ཚང》ནི་ཁོང་ཚོའི་བསམ་བློ་དང་འཚོ་བར་རང་རྐྱ་ཐུབ་རྒྱུའི་ཕན་ཐོགས་ལྡན། བརྩམས་སྒྲུང་འདིའི་མགོ་ནས་མཇུག་བར་དུ་བལྟས་ན། མི་སྣ་གཉིས་ཀྱིས་འགྱིག་དེད་ནས་མཐའ་མའི་རྒྱལ་ཁར་བརྩོན་པ་ནི་སོག་པོ་མི་རིགས་ཀྱི་བློ་ཁོག་སྟོན་བྱེད་ཅིག་རེད། བོད་མི་རིགས་ལ་མཚོན་ན། འགྱིག་འདེད་པའི་སྲོལ་རྒྱུན་དེ་གནའ་བོའི་ལྡེའུ་འཕེན་པའི་ཐབས་ཇུས་ཤིག་ཏུ་འདུས་མོད། ད་ལྟ་ནི་དེའི་ངོ་བོ་འགྱུར་ནས་རྩེད་མོར་གྱུར་ཡོད། གཏམ་རྒྱུད་འདི་ནི་ཆིན་གོང་མའི་དུས་སྐབས་ཀྱི་གནས་ཚུལ་ཡིན་ཡང་། དེང་རབས་ཀྱི་རྩོམ་པ་པོ་ཞིག་གིས་འགྱིག་འདེད་པ་དེ་གཡུལ་འཁྲུག་ཆེན་མོ་ཞིག་གི་ཐབས་ཇུས་ཡིན་པ་དང་། དངོས་ཡོད་སྤྱི་ཚོགས་ནང་བེད་སྤྱོད་བྱ་རུང་བའི་འདུ་ཤེས་རྙེད་པ་ནི། བོད་སོག་མི་རིགས་ཟུང་གི་འདྲ་སའི་ནང་གི་མི་འདྲ་ས་ཞིག་རེད། འདི་བོད་སོག་མི་རིགས་གཉིས་ལ་ཐུན་མོང་དུ་ལྡན་པའི་སྲོལ་རྒྱུན་ཞིག་ཡིན་པ་དང་ཉིན་ངོས་སུ་ཡོད་པ་སྲིབ་ངོས་སུ་ཡང་ཡོད་མོད། འོན་ཀྱང་ཡུན་རིང་ཉི་འོད་མ་འཕོག་པའི་སྲིབ་ཀྱི་སྐྱེ་དངོས་ལ་རྣམ་པའི་སྟེང་ནས་འཕོ་འགྱུར་འབྱུང་སྲིད་པ་ཆོས་ཉིད་ཡིན་ཏེ། དེ་ལྟར་དུ། འགྱིག་འདེད་སྲོལ་ནི་བོད་མིའི་སྲོལ་རྒྱུན་ཁྲོད་ཉམ་ཞན་ཆགས་ནས་རྩེད་མོར་གྱུར་པ་དང་། རྒུད་པའི་དུས་ཙ་ན། སྲིབ་ཀྱི་སྐྱེ་དངོས་དེ་ཉིན་ལ་འཛུགས་མཁན་ནི་ཡིག་བསྒྱུར་བ་ཁོང་རང་རེད། ཁོང་གིས་རིན་ཐང་ལྡན་པའི་འགྱིག་འདེད་སྲོལ་གྱི་དངོས་ཡོད་ཐབས་ཇུས་དེ་བོད་མིའི་ཀློག་པ་པོའི་སེམས་སུའང་གསོན་དུ་བཅུག་པ་རེད།

  ཡང་དོན་སྙིང་གཞན་ཞིག་ནི་བརྩམས་སྒྲུང་དང་བརྩམས་སྒྲུང་བསྡུར་བའི་ཚོར་བ་ཞིག་བརྗོད་རྒྱུ་ཡིན། དེ་ཡང་སྒྱུར་པ་པོའི་དགེ་མཚན་ལས་སོག་པོ་དང་བོད་ཀྱི་བརྩམས་སྒྲུང་ཕན་ཚུན་བསྡུར་བའི་གོ་སྐབས་ཤིག་རྙེད་པ་ཕུགས་སུ་རྟོགས་པར་བྱ་ལ། ཡར་བརྩིས་ན་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བར་བོད་ཀྱི་རྩོམ་པ་པོ་མང་པོས་ཀྱང《སྨན་པ་གྲྭ་ཚང》ལྟ་བུའི་བརྩམས་སྒྲུང་འབྲི་བར་ཤུགས་བརྒྱབ་པ་རེད། དཔེར་ན《གཙུག་གཡུ》ལྟ་བུ་ཡིན། དུས་སྐབས་དེར་དངོས་ཡོད་རིང་ལུགས་དར་རྒྱས་བྱུང་བའི་སྐབས་རེད། དངོས་ཡོད་རིང་ལུགས་དར་ཚེ་རྩོམ་རིག་གི་ཁ་ཕྱོགས་མིའི་རང་གཤིས་སྟེང་དུ་བབས་པ་རེད། དེ་ནི་མིའི་བསམ་བློ་ཚད་མཐོན་པོར་བསྙེགས་པའི་འཇུག་སྒོ་ཞིག་ཡིན་ཞིང་། རང་བྱུང་ཆོས་ཉིད་ལས་འདས་པ་དང་། སྒྱུ་འཕྲུལ། གསང་བ་ཡང་གསང་ཟེར་བ་རྣམས་རེ་ཞིག་རྩོམ་རིག་གིས་གཞལ་བྱ་ལས་འདས་ཏེ། དེའི་སྐོར་ལ་དགག་རྒྱག་གི་འདོད་ཚུལ་བཏོན་ནས་ཟུར་འབུད་གཏོང་བ་མ་གཏོགས། མི་དཀྱུས་མ་དང་བྱ་བ་དཀྱུས་མ་སོགས་མིག་མཐོང་ལག་ཟིན་ཚང་མ་རྩོམ་རིག་གི་བརྗོད་བྱར་རུང་བ་རེད། བོད་མི་རིགས་ཀྱི་དེང་རབས་རྩོམ་རིག་གི་མགོ་འཛིན་ས་དེ་ལྟ་བུ་ཆགས། ཡིན་ཡང་། མུ་མཐུད་དུ་རྩོམ་རིག་འཕེལ་རྒྱས་སུ་འགྲོ་ན་རྩོམ་པ་པོའི་བསམ་བློ་འཕེལ་རྒྱས་སུ་འགྲོ་རྒྱུར་རེག་ལས་ཤིང་། བསམ་བློའི་འཕེལ་རྒྱས་ནི་ལྟོས་ས་ལྟོས་འཇོག་གི་བསྡུར་བའི་ལམ་ནས་མཐོར་འདེགས་བྱ་དགོས་པ་ཆགས་ཡོད།

  གསལ་བོར་བཤད་ན། དུས་སྐབས་དེའི་བོད་མི་རྩོམ་པ་པོ་རྣམས་ཞིང་པ་དང་འབྲོག་པའི་ཁྱིམ་ནས་མཚར་ལོངས་བྱུང་ལ། དེ་ནས་སློབ་གྲྭ་འགྲིམས་ཏེ་དེང་རབས་རྩོམ་རིག་སྦྱངས་པ་རེད། ཁོང་ཚོའི་བསམ་བློ་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་དུ། སྲོལ་རྒྱུན་རིག་གནས་ཀྱི་ལྟ་ཚུལ་དང་འདོད་ཚུལ། གོམས་གཤིས་མང་པོར་ཐད་ཀར་གདོང་ཐུག་ཤོར་ཞིང་། གདོང་ཐུག་རེ་རེ་ལས་རང་ལ་ལྟ་ཚུལ་གསར་པ་རེ་བྱུང་བར་གྱུར། དེ་འདྲའི་ལྟ་ཚུལ་མང་དུ་བསགས་པས་གཞི་ནས་ད་ལྟའི“བོད་ཀྱི་དེང་རབས་རྩོམ་རིག”བྱུང་བ་རེད། ད་ལྟ“བོད་ཀྱི་དེང་རབས་རྩོམ་རིག”དང་འཛམ་གླིང་གི་དེང་རབས་རྩོམ་རིག་བསྡུར་ཚེ། རང་ལ་ཆད་ལྷག་མང་པོ་བྱུང་བ་ཚོར། དེའི་རྒྱུ་རྐྱེན་ལ་གཞིགས་ན། བོད་མི་རྩོམ་པ་པོ་རྒན་པ་ཕལ་ཆེ་བ་ས་གནས་གཅིག་ཏུ་སྡོད་ཡུན་རིང་དྲག་པས། ངང་ངམ་ཤུགས་ཀྱིས་ས་གནས་རང་གི་ཞིང་འབྲོག་གི་ཤེས་ཚད་ཅིག་ཡིད་ངོར་འཇགས་ཡོད་ལ། ས་གནས་དེའི་སྲོལ་ལུགས་དང་མིག་དབང་། དྲན་ཚུལ་སྤྱད་ནས་རྩོམ་རིག་ལ་འཇུག་པས། རྩོམ་པ་པོའི་དྭངས་གཙང་གི་བསམ་བློ་ཉམས་དམས་སུ་སོང་བར་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་བསྡུར་བའི་བློ་གྲོས་ཀྱང་རབ་བེ་རིབ་བེར་གྱུར། དེ་བས། བརྩམས་སྒྲུང་ཕལ་མོ་ཆེའི་ཁྲོད་ཀྱི་མི་སྣར་གསོན་ཤུགས་ཆུང་ཞིང་དམིགས་བསལ་གྱི་ཁྱད་གཤིས་མེད་པར་གྱུར་པ་རེད། དེ་ནི་དཔེར་ན། ཞིང་པ་ཞིག་གིས་ཁོའི་གམ་གྱི་ཞིང་པ་གཞན་ཞིག་གི་མི་འདྲ་བའི་ཁྱད་ཆོས་རྟོགས་མི་ཐུབ་ལ། འབྲོག་པ་ཞིག་གིས་ཀྱང་འབྲོག་པ་གཞན་ཞིག་གི་ཁྱད་ཆོས་ཚོར་མི་ཐུབ། ཁོང་ཚོའི་མིག་ལམ་ནས་ཕན་ཚུན་གཅིག་འདྲ་ཡིན་པས། དེའི་ཁྱད་ཆོས་བརྗོད་མི་ཤེས་ལ། གལ་སྲིད་ཤེས་པའི་དབང་དུ་བཏང་ཡང་གྱོན་གོས་གསར་པ་ཞིག་བརྗེས་པའམ། སྐད་ཆ་གསར་པ་ཞིག་ངག་ལས་ཐོན་པ་གོ་བ་ལས། མི་སོ་སོའི་སེམས་ཁམས་ཀྱི་མི་འདྲ་སའི་གནད་ཅི་ཡང་མཐོང་མི་ཐུབ། དེ་ཡང་གསལ་བོར་བཤད་ན། སྤྲང་པོ་ཞིག་གིས་སྤྲང་པོ་གཞན་ཞིག་གིས་རང་ཟས་ཞིམ་པོ་ཉེ་འགྲམ་གྱི་ཁྱི་གུར་སྟེར་བ་མཐོང་ན། དེ་གླེན་རྟགས་ཤིག་ཏུ་སྙམ་པ་ལས། སྤྲང་པོ་ཁོའི་སེམས་ཀྱི་བྱམས་བརྩེ་མཐོང་བ་ཧ་ཅང་དཀོན། རང་སེམས་ཀྱི་དྭངས་གཙང་མ་རྙེད་ཚེ། མིག་མདུན་གྱི་མི་སྣ་ཚང་མ་གཅིག་མཚུངས་སུ་སྣང་བ་རེད། དེ་བས་བོད་ཀྱི་རྩོམ་རིག་གི་མི་འདང་ས་ནི་རྩོམ་པ་པོའི་མི་འདང་ས་ཡིན་པ་ལས་རྩོམ་རིག་རང་སྟེང་དུ་མི་འདུག་སྙམ་ཞིང་། 《སྨན་པ་གྲྭ་ཚང》གིས་ང་ཚོར་དུས་སྐབས་འདྲ་མཚུངས་ནང་གི་སོག་པོ་རྩོམ་པ་པོའི་མི་འདྲ་ས་ཞིག་ངོས་ཟིན་དུ་བཅུག་ལ། མི་རིགས་གཞན་གྱི་རྩོམ་རིག་གི་རྨང་གཞི་འདིང་སྟངས་མི་འདྲ་བ་ཡང་ཚོར་དུ་བཅུག་བྱུང་།

  འདིར་གསལ་བཤད་བྱ་རྒྱུ་ཞིག་ནི། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་བྱུང་བའི་བོད་ཀྱི་རྩོམ་པ་པོ་མཆོག་གྱུར་འགས་རྩོམ་རིག་བརྩམས་ཆོས་ཀྱི་དཔྱད་བསྡུར་བར་ནས་རང་གི་བློ་སྦྱོང་མཐོར་འདེགས་བཏང་སྟེ། ཐུན་མོང་མ་ཡིན་པའི་བརྩམས་ཆོས་བསྐྲུན་པ་གཞིར་བཞག་ཡིན་མོད། འོན་ཀྱང་། མིག་སྔར་རྩོམ་རིག་ནི་ས་གནས་རིང་ལུགས་ལས་ཐོད་བརྒལ་བྱ་རྒྱུ་གལ་ཆེན་པོར་སྣང་། དངོས་གནས། རྩོམ་པ་པོས་དྭངས་གཙང་གི་བསམ་བློ་སྤྱད་ཚེ་ད་གཟོད་འབྲི་བྱའི་མི་སྣ་ཡི་བསམ་བློའི་དྭངས་མ་མཐོང་ཐུབ་ལ། དེ་ནི་ཞིང་པ་དང་འབྲོག་པ། བཟོ་བ། དམག་མི། དགེ་རྒན། སྨན་པ། ལས་བྱེད། ཚོང་པ། མཐའ་ན་སྤྲང་པོ་སོགས་མི་ཚང་མར་འདྲ་མཉམ་དུ་ལྡན་ཡོད། གལ་སྲིད་ཕ་རོལ་བོའི་བསམ་བློའི་དྭངས་མ་མཐོང་དགོས་ཚེ། ཐོག་མར་རང་ཉིད་ཀྱི་རྩོམ་རིག་གི་བློ་སྦྱོང་མཐོར་འདེགས་སུ་གཏོང་དགོས་པ་སྨོས་མེད་རེད། 《སྨན་པ་གྲྭ་ཚང》བོད་འགྱུར་བཀླགས་པས། མི་རིགས་གཞན་གྱི་དགེ་མཚན་ནི་རྩོམ་རིག་བརྩམས་ཆོས་ཀྱི་ངོ་གདོང་ཁོ་ནའི་སྟེང་ན་མེད་པར། དེ་གའི་རྩོམ་པ་པོའི་བསམ་བློའི་སྟེང་ན་ཡོད་པ་དང་། རྩོམ་པ་པོའི་དྲན་ཤེས་བསྔོགས་འདོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་ཚོར་བྱུང་།

  མཇུག་མཐར་དམིགས་བསལ་ཞུ་རྒྱུ་ཞིག་ནི། 《སྨན་པ་གྲྭ་ཚང》གི་བོད་འགྱུར་འདིའི་བརྡ་སྤྲོད་ཚིག་སྦྱོར་ཡང་གཏམ་རྒྱུད་བྱུང་བའི་དུས་བབས་ཀྱི་ཁྱད་ཆོས་དང་མཐུན་པར་སྦྱར་ཏེ། བོད་མི་རིགས་ཀྱི་ཉེ་རབས་རྩོམ་རིག་གི་ཚིག་སྦྱོར་དང་ཡོངས་སུ་བསྟུན་པས། ས་ཁུལ་ངེས་ཅན་གྱི་ལུང་སྐད་དང་། གཞན་སྐད་ཀྱི་ཤན་ཤུགས། ད་དུང་གནའ་བོའི་བརྡ་རྙིང་ཁ་དམ་པོ་རྣམས་ཀྱི་དྲ་བ་ལས་ཐར་འདུག་ལ། མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་སུས་བཀླགས་ཀྱང་བརྗོད་དོན་གོ་བདེ་ཞིང་ཡིད་ངོར་འཇགས་སླ་བ་ཞིག་རེད། འདི་འདྲའི་ཚིག་གི་ཕྲེང་བ་སྤེལ་བ་ནི་མིག་སྔའི་བོད་ཀྱི་རྩོམ་རིག་གི་སྡེར་སྐད་བརྡ་སྲུང་འཛིན་གྱི་མཛེས་ཉམས་རབ་ཏུ་མངོན་པའི་མེ་ཏོག་ཚོམ་བུ་ཞིག་གསར་དུ་བསྣན་པ་དང་ཅིས་མི་མཚུངས་ཨང་ཞེས་ཀྱང་བརྗོད་པར་འདོད་དོ། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《སྨན་པ་གྲྭ་ཚང》གི་བོད་འགྱུར་གླེང་བ།

2021-04-02 རིག་རྒྱམ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།