《ཝ་ནག་ལུང་བ》དབྱིན་འགྱུར་བྱས་རྗེས་ཀྱི་བསམ་ཚུལ་འགའ།

Christpher Peacock 琼迈文学网 2022-05-26

  Christpher Peacock ཡིས་བརྩམས།
       ཚེ་རིང་བསམ་གྲུབ་ཀྱིས་དབྱིན་ཡིག་ལས་བསྒྱུར།

  ངས《ཝ་ནག་ལུང་བ》བཀླགས་ཚར་མ་ཐག་ཏུ་དབྱིན་ཇིར་ལོ་ཙཱ་བྱེད་འདོད་སྐྱེས། ཡང་ན་འདི་འདྲ་ཟེར་དགོས་པ་འདྲ་སྟེ། ངས་སྒྲུང་དེ་ལོ་ཙཱ་བྱེད་པའི་དགོས་པ་ཆེན་པོ་འདུག་བསམས་བྱུང་། བརྩམས་སྒྲུང་དེས་ནང་སེམས་ཀྱི་རྟོག་འགྱུ་མང་པོ་འཕེལ་བར་བྱེད་དེ། དགོད་བྲོ་བ་དང་ངུ་སྙིང་འདོད་པ། བསམ་གཞིགས་གཏིང་ཟབ་གཏོང་བར་བྱེད་ཅིང་།སེམས་འགུལ་ཐེབས་པར་བྱེད་པ་སོགས་སེམས་བྱུང་མང་པོ་ལྷན་དུ་འདུས་པར་བྱེད་པ་ཞིག་རེད། དེ་ནི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་སྒྲུང་ཞིག་རེད་འདུག་ཅིང་སྒྲུང་དེ་བརྒྱུད་གླེང་གཞི་མ་འདྲ་བ་མང་པོ་སྟེ། ཁོར་ཡུག་གི་གནད་དོན་ཛ་དྲག་ཅན་དང་འབྲོག་པའི་འཚོ་བའི་འགྱུར་ལྡོག དེང་གི་བོད་ཡུལ་གྱི་སྐད་ཡིག་གི་གནད་དོན་སོགས་མང་པོ་ཞིག་ལ་གླེང་སློང་བྱས་ཆོག་པ་ཞིག་ཀྱང་རེད། ཡིན་ནའང་། འདིར་ཁོ་བོས་བརྩམས་སྒྲུང་འདི་ལོ་ཙཱ་བྱེད་སྐབས་འཕྲད་པའི་གནད་དོན་ཁག་ཅིག་ཁོ་ན་གླེང་རྩིས་ཡིན་ནོ།།

  ངས་2016ལོ་ནས་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་དབྱིན་འགྱུར་བྱེད་མགོ་ཚུགས་པ་ཡིན་ལ། སྐབས་དེར་ང་རང་གི་འབུམ་རམས་བསླབ་གནས་དཔྱད་རྩོམ་དུ《ར་ལོའི》སྐོར་འབྲི་བཞིན་ཡོད་པས་ན་ཐོག་མར་ཞིབ་འཇུག་གི་ཆེད་དུ་རྩོམ་དེ་བསྒྱུར་བར་ཐག་བཅད། ཕྱིས་སུ་ཁོང་གི་བརྩམས་ཆོས་མང་དུ་བཀླགས་པ་དང་བསྟུན་དེ་དག་དབྱིན་ཇིའི་སྐད་ཀྱི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་པའི་དགོས་པ་བླ་ལྷག་ཆེ་བ་མཐོང་ཞིང་། ཁྱད་པར་དུ་བོད་ཀྱི་དེང་རྩོམ་དབྱིན་འགྱུར་བྱས་པ་ཧ་ལས་པ་ཉུང་བས་ན་དེ་བས་ཀྱང་གལ་ཆེ་བར་མཐོང་། ཕྱིས་སུ་རྩོམ་པ་པོ་ཁོང་ནས་ཀྱང《ཝ་ནག་ལུང་བ》དབྱིན་འགྱུར་བྱེད་པར་འོས་སྦྱོར་བྱས་ཤིང་། ཁོ་བོས་རྩོམ་དེ་དང་གཞན་ཁ་ཤས་ཤིག་བསྒྱུར་གྲུབ་རྗེས2019ལོར་ཕྱོགས་བསྒྲིག་བྱས་ཏེ《བཙུན་ཡག་དང་བརྩམས་སྒྲུང་གཞན་དག》ཅེས་པའི་ཁ་བྱང་ཐོག་པར་དུ་བསྐྲུན་པ་ཡིན།

  ང་རང་ཆེས་ཐོག་མར་ལོ་རཱན་ཧར་ཐི་ལེ་ལགས་ཀྱི《དམངས་རབ་ཏུ་དགའ་བའི་ཟློས་གར》གྱི་འགྱུར་གྱིས་སྐུལ་སློང་ཐེབས་པ་ཡིན་ཏེ། ངས་འགྱུར་ཡིག་དེ་ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་དུ་བཀླགས་ཤིང་རྗེས་སུ་ང་རང་གི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས་སུའང་བདམས་ཡོད། སྒྲུང་དེར་ལྡེམ་མྱུར་ཆེ་ཞིང་གསར་བཏོད་ལྡན་པའི་འབྲི་ཐབས་སྤྱད་ཡོད་པ་ལས་གཞན་སྒྲུང་དེས་ང་རང་ཞེ་ཐག་པ་ནས་གད་མོ་ཤོར་དུ་བཅུག་སོང་། དགོད་བྲོ་བའི་ཆ་དེ་ལོ་ཙཱ་བྱེད་དུས་ཁག་ཤོས་ཡིན་པས་དེ་ནི་ལོ་ཙཱ་བའི་ཧ་ལས་པའི་གྲུབ་འབྲས་ཤིག་རེད། ལོ་རན་གྱི་འགྱུར་ཡིག་ནི་ང་ལ་མཚོན་ན་རང་གིས་བསྙེག་པའི་དཔེ་མཚོན་གྱི་ཚད་གཞི་ཞིག་སྟེ། ངས་རང་གི་འགྱུར་ཡིག་ཏུའང་རྩོམ་པ་པོའི་རྩོམ་ཉམས་ཏེ་བསྡུས་པའི་མཚོན་ཐབས་དང་ཟུར་ཟ་དམར་རྗེན་མ་དག་ཉར་འདོད། འདི་ནི་ངས《ཝ་ནག་ལུང་བ》སྒྱུར་སྐབས་ཀྱི་དམིགས་འབེན་ཡིན་ནའང་རྩོམ་འདི་ལོ་ཙཱ་བྱེད་སྐབས་གནད་དོན་དམིགས་བསལ་བ་གཞན་ཁ་ཤས་དང་ཡང་འཕྲད་སོང་།

  དཀའ་ཁག་ཐོག་མ་དེ་སྒྲུང་འདིའི་ཤོག་ངོས་དང་པོ་རུ་འཕྲད་བྱུང་། སྒྲུང་འཆད་མཁན་གྱིས་རྩེ་གཞུང་རྫོང་གི་རྩི་ཤིང་དང་མེ་ཏོག་མང་པོ་ཞིག་གླེང་ཞིང་ཞིབ་འབྲི་གང་དེ་ཏག་ཏག་སྒྲུང་འདིའི་སྤྱི་ཁོག་ལ་ཧ་ཅང་གནད་འགག་ཆེ་བ་རེད། མིང་འདི་དག་དབྱིན་ཡིག་གི་ལམ་དུ་འགོད་རྒྱུ་ནི་ལས་ཀ་ཧ་ལས་པའི་ཁག་པོ་ཞིག་རེད། ཐོག་མར་ཐ་སྙད་འདི་དག་ཚིག་མཛོད་དུ་རྙེད་དཀའ་བ་སྟེ། ཐ་ན་ཆེད་ལས་ཀྱི་ཚིག་མཛོད《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང》ལྟ་བུར་ཡང་འཁོད་མི་འདུག ཡང་སྐབས་ལན་རེར་ཚིག་མཛོད་དུ་ཐ་སྙད་རེ་ཟུང་གི་དབྱིན་འགྱུར་རྙེད་ནའང་དེ་ནི་དབྱིན་ཇི་མ་ཡིན་པར་ལ་ཏིང་སྐད་དམ་སྐྱེ་དངོས་དེ་དག་གི་ཚན་རིག་གི་བརྡ་ཆད་ཡིན་པ་རེད། ནུབ་ཕྱོགས་སུ་སྐྱེ་དངོས་དང་སྲོག་ཆགས་རིགས་མཐའ་དག་ལ་ལ་ཏིང་གི་མིང་རེ་ཡོད་མོད་དེ་ནི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་དུ་འཁོད་པ་བཞིན་སྐྱེ་དངོས་རིག་པ་བ་རྣམས་ཁོ་ནས་བཀོལ་བ་ཞིག་ཡིན། ལ་ཏིང་གི་ཐ་སྙད་འདི་དག་སྐྱེ་དངོས་རྣམས་ཇི་བཞིན་རང་ངོ་འཕྲོད་པ་དང་རིགས་རྣམ་དབྱེ་བ་དང་མཚན་ཉིད་འགོད་པའི་སྐབས་སུ་སྤྱོད་སྒོ་ཆེ་ནའང་རྩོམ་རིག་ལོ་ཙཱ་བ་ཞིག་ལ་བེད་སྤྱོད་ཆེར་མེད་དེ། ཐ་སྙད་རིང་པོ་རྙོག་དྲ་ཆེ་བ་དེ་རྣམས་ཁ་སྐད་ཁྲོད་ཧ་ཅང་གིས་བཅོས་མར་སྣང་།

  ཡིད་སྐྱོ་བ་ཞིག་ལ་ཧི་མ་ལ་ཡ་ས་ཆའི་གདོད་སྐྱེས་ཀྱི་རྩི་ཤིང་རྣམས་ནུབ་ཕྱོགས་ཀྱི་སྐྱེད་མོས་ཚལ་དང་གླིང་ཀ་སོགས་སུ་མཐོང་དཀོན་པས་ན་དེ་དག་ལ་ཡོངས་ཁྱབ་ཀྱི་བླ་དྭགས་ཀྱི་མིང་མེད་པ་རེད། སྐབས་རེར་གནད་དོན་སེལ་ཐབས་ཡག་ཤོས་སམ་ཐབས་ཉག་གཅིག་ཡོད་པ་ནི་དབྱིན་ཇིའི་སྤྱི་ཁྱབ་ཀྱི་མིང་ཡོད་པའི་མེ་ཏོག་དེ་དང་རིགས་འདྲ་ཤོས་ཀྱི་མེ་ཏོག་ཅིག་བཙལ་བ་དེ་རེད། (ཡང་སྐབས་རེར་ཐ་སྙད་དེ་དག་གི་མདུན་དུ“བོད་ཀྱི”ཞེས་པའི་ཞིབ་འབྲི་ཞིག་བསྣན་ནས་གསལ་བཤད་བྱེད་དགོས་ཐུག་གི་ཡོད་པ་རེད། དཔེར་ན། བོད་ཀྱི་ཁུར་མོང་ལྟ་བུའོ།།) སྒྲུང་གི་གླེང་སློང་བའི་ཚན་པ་འདི་ལོ་ཙཱ་ཡག་པོ་བྱེད་པ་ཁྱད་པར་དུ་གལ་ཆེ་བ་ཞིག་སྟེ། འདིས་སྒྲུང་གི་ཁོག་དབུབ་པ་ཙམ་མ་ཡིན་པར་སྐྱོ་ཤས་ཀྱི་རྩེ་མོ་གང་ཞིག་ལ་སྒྲུང་འདི་བརྟེན་ཡོད་པ་དེ་སྔོན་དཔག་ཀྱང་བྱེད་ཀྱིན་ཡོད་པ་རེད། བལྟས་མ་ཐག་ཏུ་རྩི་ཤིང་གི་ཐོ་འདི་ལྷག་མ་ཞིག་ཏུ་མཐོང་ནའང་འདི་ཡོད་པས་ཏག་ཏག་སྒྲུང་འདིའི་མཇུག་གི་ཚིག་དུམ་ལ་ལྡོག་ལན་ཡ་ང་བ་ཞིག་སྤྲད་ཡོད་དེ། མཐར་སྐྱེད་མོས་ཚལ་འདི་ལྟས་ངན་དང་ཉམས་རྒུད་ཀྱིས་ཁེངས་པའི་བཟོ་ལས་ཀྱི་ལྗོངས་བཀོད་ཅིག་ཏུ་འགྱུར་ཡོད་པ་རེད། ཉེ་བའི་ཆར་བསྡུས་པའི་རིག་གཞུང་ཚོགས་འདུ་ཞིག་ཏུ་ཁོ་བོའི་ལས་གྲོགས་ཡོན་ཏན་ཅན་ཞིག་གིས་ཏག་ཏག་སྒྲུང་འདིའི་ཚན་པ་འདིའི་སྒང་ནས་བོད་ཀྱི་རྩོམ་རིག་ལོ་ཙཱའི་སྐོར་བགྲོ་གླེང་གནང་ཞིང་། ང་རང་ཧ་ལས་པ་ཞིག་ལ་ཁོང་གིས་ངའི་རྩི་ཤིང་གི་མིང་རྣམས་ཀྱི་འགྱུར་ཡིག་དེ་ཧ་ཅང་ཞིབ་ཚགས་པོས《ཝ་ནག་ལུང་བའི》འགྱུར་གཞན་ཞིག་དང་བསྡུར་བ་གནང་ཞིང་། ང་རང་གི་འགྱུར་ཡིག་དེ་ཁོང་གི་ཞིབ་གཟིགས་ལས་ཐར་པ་མཐོང་བས་ཁོ་བོས་དབུགས་དབྱུང་ཅུང་ཟད་རྙེད།

  《ཝ་ནག་ལུང་བ》རུ་ཆེས་དགོད་བྲོ་བ་དང་རྣོ་ངར་ལྡན་པའི་ཆ་ཤས་དེ་ཏག་ཏག་ཚེ་རིང་དོན་གྲུབ་ལགས་ནས་རྒྱའི་སྐད་ཡིག་གིས་བོད་པའི་འཚོ་བར་ཤན་ཤུགས་ཐེབས་པའི་གནས་བབ་བྲིས་ཡོད་པ་དེར་འབྱུང་ཞིང་། རྒྱ་བོད་སྐད་གཉིས་ལ་མཉམ་དུ་ཞིབ་འཇུག་བྱས་ཏེ་འགྱུར་ལོག་གོ་ལོག་ལས་ཁ་མཚར་སློང་བ་ནི་ལོ་ཙཱའི་ལས་རིམ་ཁྲོད་ཆེས་སྤྲོ་སྣང་ལྡན་པའི་ཆ་ཤས་ཤིག་གོ། བརྩམས་སྒྲུང་འདིར་དེ་ལྟ་བུའི་གནས་སྐབས་ཁ་ཤས་གདའ། སྒྲུང་ལས་མི་སྣ་གཙོ་བོས་རང་ཁྱིམ་གསར་པར་འགྲོ་བའི་ལམ་རྒྱུས་འདྲི་དགོས་ཐུག་ཅིང་ཚང་མས་གྲོང་གསར་དེའི་རྒྱ་མིང་幸福生态移民村ཞེས་པ་ལས་བོད་མིང་ཤེས་ཀྱིན་མེད་ཅིང་། ཁོས་རྒྱ་སྐད་མི་ཤེས་པས་ན་་”ཞིན་ཧྥོའུ”་ཞེས་པ་”ཞིམ་པོ”་ཞེས་བཤད་པ་རེད། ངས་ཆུ་ཚོད་མང་པོའི་རིང་ཐ་སྙད་དགོད་བྲོ་བོ་གང་ཞིག་ལ་དབྱིན་འགྱུར་བྱས་པ་ཡིན་ན་ཀློག་པ་པོས་”ཞིན་ཧྥོའུ”ཞེས་པའི་སྒྲ་དེ་ལོག་པར་ཀློག་པར་བསམ་བློ་བཏང་བ་ཡིན། བརྩམས་སྒྲུང་འདིའི་ཧྥ་རན་སིའི་ཡི་གེའི་ལོ་ཙཱ་བས་chien fou”ཁྱི་སྨྱོན་”ཞེས་པར་བསྒྱུར་འདུག་ཅིང་བདག་གིས་དེ་ནི་འགྱུར་རྨད་དུ་བྱུང་བ་ཞིག་རེད་སྙམ། ངས་ཐ་སྙད་དེ་དབྱིན་སྐད་དུ་shampoo “སྐྲ་ལྡེ”ལ་བསྒྱུར་ཞིང་དགོད་བྲོ་བོ་ཡོད་པ་ཙམ་མ་ཟད་བོད་སྐད་ཀྱི་ཐ་སྙད་ “ཞིམ་པོ་” དང་ཡང་འདྲ་བའི་ཆ་ཞིག་འདུག་སྙམ།

  ངས་རང་གི་འགྱུར་ཡིག་ཏུ་འཛིན་འདོད་པའི་ཆ་ཤས་ཤིག་ནི་དེ་ལས་ཀྱང་རྙོག་དྲ་ཆེ་བ་ཞིག་སྟེ། མི་སྣ་རྣམས་ཀྱིས་རང་རང་གི་སྐད་ཆ་རུ་རྒྱ་སྐད་ཇི་ལྟར་སྤྱོད་བཞིན་པའི་སྐོར་དེ་རེད། དེ་ནི་སྒྲུང་དུ་མངོན་གསལ་དོད་པོས་བསྟན་ཡོད་པ་ཞིག་མིན་ནའང་གནས་བབ་དང་བསྟུན་པ་ཡིན་ན་མི་སྣ་སྐོར་ཞིག་གིས་རྒྱ་སྐད་གཞན་རྣམས་ལས་དག་མོ་བཤད་ཐུབ་པ་ཤེས་ཐུབ། དཔེར་ན་སངས་རྒྱས་དང་ཀླུ་སྒྲོན་གྱིས་རྒྱའི་སྤྱི་སྐད་ཀྱི་ཐ་སྙད་རྣམས་སྒྲ་དག་མོས་ཀློག་ཐུབ་ཀྱི་མེད་པར་ཆ་བཞག་ཆོག བསམ་ཚུལ་འདི་སྟོན་པའི་ཕྱིར་དུ་ཁོ་བོས་རྒྱ་ཡིག་ལ་སྒྲ་སྦྱོར་ཡི་གེ་མ་ཡིན་པའི་འགྱུར་མི་དག་པ་རིགས་ཤིག་བཀོལ་བར་ཐག་བཅད་ཅིང་། zichou “མ་དངུལ་བསྡུ་རུབ”དེ་zee-chowཞེས་པར་བསྒྱུར་ཞིང་ gongshangju“བཟོ་ཚོང་ཅུའུ” དེ gung-shang-joo རུ་བསྒྱུར། motuo “འཕྲུལ་རྟ”ཡང་ mow-tow ཞེས་པར་བསྒྱུར། དེ་དང་བསྡུར་ན་སྒྲུང་ལས་བྱུང་བའི་མི་སྣ་སྐོར་ཞིག་གིས་རྒྱ་སྐད་ཅུང་ཟད་དག་མོ་བཤད་ཐུབ་པ་མངོན་གསལ་ཡིན་པས་ན་དེ་དག་ནི་རྒྱ་ཡིག་གིས་སྒྲ་སྦྱོར་ཡི་གེ་དག་མོས་མཚོན་ཡོད། བུད་མེད་མགོ་དམར་མ་{“འདིས་མཱ་ཐོང(ཆབ་གཞོང)བཀོག་ནས་སྒོ་ལ་གཡུགས་འདུག ཨ་མ་མ…… ད་སང་ཉིན་ཧྲི་ཁྲ(གཟིགས་ཞིབ)ལ་ཡོང་རྒྱུ་རེད། ཨ་མ་མ…… ད་མ་འགྲིག ད་མ་འགྲིག ངོ་མ་མི་འདི་ཚོ་ལན་ཆགས་རེད”) ཚ་མོ་ལྷ་རིས་སྐྱིད་ནི་རྒྱའི་སློབ་གྲྭར་ཞུགས་ཡོད་ཅིང་(“ཞོ་ཀྲང་གིས་དེ་རིང་ཧྲང་ཁི་མེད་ཟེར། ”} ཨ་ལགས་འབྲོང་གིས་(“ང་སང་ཉིན་ཟི་ལིང་ལ་འགྲོ་གི་ཡོད། ཁྱོད་ལ་རླངས་འཁོར་མེད་ན་ངའི་ཆི་ཁྲེ་ནང་བུད་ཆོག”) ཝ་ནག་ལུང་བར་ཡིག་ནོར་གྱིས་ཁེངས་པའི་ཚོང་ཁང་གི་སྒོ་བྱང་ཐོག་གི་བོད་ཡིག་རྣམས་ཀྱང་ཁོ་བོས་དེ་བཞིན་དུ་འབྲི་དགོས་བྱུང་སོང་། འདི་ལ་བསྒྱུར་སྟངས་བགྲང་གིས་མི་ལངས་པ་ཡོད་སྲིད་ཅིང་། ལོ་ཙཱ་བ་རེ་རེས་འགྱུར་ཡིག་མི་འདྲ་བ་རེ་འདོན་སྲིད། ངས་ནི་དབྱིན་ཇིའི་གཏའ་འཇོག་ཚོང་ཁང་གི་འབོད་ཚིག་ཅིག་སྟེ། “we buy used goods” ང་ཚོས་ཅ་ལག་རྙིང་པ་ཉོ་ཞེས་པའི་ཐ་སྙད་ཐ་མ་ལས“o” ཞིག་ཆད་པ་ལས་ལྷ་རྙིང་པ་ཉོ “used gods”ཞེས་པ་ཞིག་བྱུང་མྱོང་བའི་སྒྲུང་དེ་ལས་ཀུན་སློང་དེ་རྙེད་པ་ཡིན།

  ལོ་ཙཱའི་ཟུར་མང་པོ་ཞིག་ནི་རྒྱ་སྐད་དང་བོད་སྐད་ལ་རྒྱུས་ཡོད་ཅིང་ཡིག་ནོར་ཡིན་མིན་གྱི་དབྱེ་བ་འབྱེད་ཤེས་པའི་དབྱིན་ཇིའི་ཀློག་པ་པོ་རྣམས་ལ་མ་གཏོགས་མངོན་གསལ་དོད་པོ་མིན་སྲིད་ནའང་། ངས་རྒྱ་ཡིག་གི་ཡིག་ནོར་རྣམས་གསལ་ཅི་ཐུབ་ཀྱིས་ཕབ་འབྲི་བྱས་ཡོད་ཅིང་། རྒྱ་བོད་ཡི་གེའི་གནས་སྟངས་ལ་རྒྱུས་མངའ་ཅི་ཡང་མེད་པ་རྣམས་ནས་ཀྱང་གནས་བབ་ཧ་གོ་ཐུབ་ཀྱི་རེད། ཆེས་ཐོག་མར་ངས་ཐ་སྙད་འདི་དག་གི་འགྱུར་ཡིག་ཞབས་མཆན་དུ་བཀོད་པ་ཡིན་མོད། འོན་ཀྱང་ཕྱིས་སུ་རྩོམ་སྒྲིག་པའི་བསམ་འཆར་ལྟར་དེ་དག་བླངས་པ་ཡིན། འགྱུར་ཡིག་རྣམས་ཞབས་མཆན་ལས་བླངས་རྗེས་ཀློག་པ་པོ་རྣམས་ལ་མགོ་འཐོམ་པར་བྱེད་ཅིང་གོ་བ་ལེན་པར་དཀའ་ཁག་ཡོད་པ་རེད། དེ་ནི་སྒྲུང་འདི་དབྱིན་ཇིའི་ལམ་ནས་ཀློག་པ་དང་མ་ཡིག་ཀློག་པའི་ཁྱད་པར་ཞིག་ཀྱང་ཡིན་ནོ།།

  འབྲེལ་གཏུག་བྱེད་སྐབས་གོ་ནོར་བྱུང་བས་ཁོ་བོའི་ལས་གྲོགས་ཤིག་ལའང《ཝ་ནག་ལུང་བའི》དབྱིན་འགྱུར་ཞིག་ཡོད་པ་དང་། ངེད་གཉིས་ཀས་ཕལ་ཆེར་དུས་མཉམ་ཙམ་ལ་པར་བསྐྲུན་བྱས་ཡོད། དེ་ནི་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་སྟེ་བོད་ཡིག་གི་དེང་རབས་རྩོམ་རིག་དབྱིན་འགྱུར་བྱས་པ་ཧ་ཅང་ཉུང་ནའང《ཝ་ནག་ལུང་བར》དབྱིན་འགྱུར་གཉིས་བྱུང་ཡོད་པ་རེད། ངས་བསམས་ན་དེ་ནི་ཏག་ཏག་བརྩམས་ཆོས་འདིའི་གཟི་བྱིན་གྱི་མཚོན་བྱེད་ཅིག་ཀྱང་རེད། བརྩམས་ཆོས་འདིར་འགྱུར་གཉིས་ཡོད་པ་དེས་ལོ་ཙཱའི་གོ་རིམ་ངོ་མཚར་བ་དེའང་སྟོན་ཐུབ་པ་ཡིན། ལས་གྲོགས་ཀྱི་འགྱུར་ཀློག་སྐབས་ཁོང་གི་འགྱུར་ཡིག་གི་མི་འདྲ་བའི་ཆ་དེས་ང་རང་ཧ་ལས་པར་བྱས་སོང་། ངེད་གཉིས་ཀྱིས་རྒྱ་ཡིག་གི་ཐ་སྙད་དག་ལོ་ཙཱ་བྱེད་སྟངས་ཀྱང་མི་འདྲ་སྟེ། ངས་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེར་བསྒྱུར་ཡོད་པ་དེ་དག་ངའི་ལས་གྲོགས་ཀྱིས་དབྱིན་ཡིག་ལ་བསྒྱུར་འདུག (དཔེར་ན། matong སྤྱོད་ཁང་། gongren བཟོ་བ། wuran འབག་བཙོག་སོགས།)

  ང་རང་ཡ་མཚན་པར་བྱེད་པའི་ཁྱད་པར་ཆེ་ཤོས་ནི་ཚིག་སྦྱོར་གྱི་ཆ་དེ་རེད། ངེད་གཉིས་ཀའི་ལོ་ཙཱའི་སྐད་ཆ་ནི་གཏན་ནས་མི་འདྲ་སྟེ། དེ་ནི་ང་ཚོ་རང་རང་གི་འབྲི་ཐབས་ཙམ་མ་ཟད་ལོ་ཙཱ་ཞེས་པ་དེ་ཀློག་འདོན་རིགས་ཤིག་ཡིན་པས་ན་གོ་བ་ལེན་སྟངས་ཡན་གར་བ་རེ་ཡོད་པས་ཀྱང་རེད། ངའི་ལས་གྲོགས་ཀྱི་ཚིག་སྦྱོར་ནི་ཞུན་ཐར་ཆོད་ཅིང་ཉམས་དང་ལྡན་པ་ཞིག་ཡིན་ལ། ངས་ནི་ཁ་སྐད་དང་བབ་ཆགས་པའི་ཉམས་ཞིག་འཚོལ་སྙེག་བྱས་ཤིང་ཁྱད་པར་དུ་མི་སྣའི་ཁ་བརྡ་དག་ལ་དེ་འདྲ་ཞིག་འབད་བརྩོན་བྱས་པ་ཡིན། ཁྱད་པར་དེ་ནི་ཐ་ན་བརྩམས་སྒྲུང་གི་ཁ་བྱང་གི་འགྱུར་ལས་ཀྱང་ཤེས་ཐུབ་པ་ཡིན། ཝ་ནག་ལུང་པ། ཐ་སྙད་སྤྱིར་བཏང་བ་འདི་གསུམ་ལ་མི་འདྲ་བ་ཅི་འདྲ་ཞིག་འབྱུང་སྲིད་དམ། ངས་“Black Fox Valley” ཞེས་བསྒྱུར་ཞིང་། ངའི་ལས་གྲོགས་ནས་“The Valley of the Black Foxes”ཞེས་པར་བསྒྱུར་འདུག མངོན་གསལ་དོད་པོ་མ་ཡིན་ནའང་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི་ཁོ་བོའི་འགྱུར་དེ་ཁ་སྐད་ཤུགས་ཆེ་ཞིང་བཀླགས་ན་དངོས་གནས་ཡོད་ཆོག་ཆོག་གི་ས་མིང་སྤྱིར་བཏང་བ་ཞིག་དང་འདྲ་ལ། འགྱུར་ཕྱི་མ་དེ་ནི་སྙན་ངག་གི་ཉམས་ལྡན་ཞིང་ས་མིང་དེར་ཕལ་ཆེར་རྩོམ་རིག་དང་ལྷ་སྒྲུང་གི་ཉམས་ཤིག་ཐོན་འདུག ངེད་གཉིས་ནས་ཁ་བྱང་མི་འདྲ་བ་འདི་གཉིས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་ཡིན་ལ། རང་རང་གིས་སྒྲུབ་བྱེད་བཀོལ་ཏེ་སོ་སོའི་གོ་བ་ལེན་སྟངས་དེ་གོ་བ་ལེན་སྟངས་ཡང་དག་ཤོས་དེ་ཡིན་པའི་ཡིད་ཆེས་རྙེད།

  རྩོམ་རིག་བརྩམས་ཆོས་གང་དེས་རང་གི་འགྱུར་ཡིག་ཏུ་ཚེ་སྲོག་གསར་པ་རྙེད་ངེས་ཏེ། དེ་དག་ནི་ཀློག་པ་པོ་རྣམས་ཀྱིས་རིག་གནས་གཞན་ཞིག་མཐོང་བའི་སྒེའུ་ཁུང་མ་ཡིན་ཞིང་། དེས་མ་ཡིག་གི་ཉམས་མྱོང་དེ་ཐད་ཀར་བརྒྱུད་སྤྲོད་ཀྱང་བྱེད་མི་ཐུབ། འགྱུར་ཡིག་ནི་རྩོམ་མཁན(རྩོམ་མཁན་གྱིས་ཐོག་མར་དམིགས་པའི་ཀློག་མཁན)དང་རིག་གནས་ཀྱི་རྒྱབ་ལྗོངས་གཏན་ནས་མི་འདྲ་བའི་མིས་ཀློག་གིན་ཡོད་པ་ནས་དེ་ནི་གླེང་གཞི་གསར་པ་ཞིག་ཏུ་ཞུགས་དགོས་ཤིང་། གོ་བ་ལེན་སྟངས་ཀྱང་གསར་པ་བཟང་ངན་ཅི་རིགས་འབྱུང་གི་རེད། འགྱུར་ཡིག་ནི་དུས་གཅིག་ཏུ་མ་ཡིག་གི་ཡང་སྲིད་དང་ཁྱོན་ཡོང་ནས་བལྟོས་པ་གང་ཡང་མེད་པའི་ཆོས་རེ་ཡིན་པ་རེད། ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་འདི་དང་གཞན་རྣམས་ལོ་ཙཱ་བྱེད་སྐབས་ཁོ་བོས་དབྱིན་ཡིག་གི་རྩོམ་རིག་གི་རྗོད་པ་དེས་ཟུར་ཟ་དང་ཞིབ་ཆ་ལྡན་ཞིང་། རྣོ་ངར་གྱིས་ཕྱུག་པའི་རྩོམ་མཁན་ཁོང་གི་སྐད་ཆ་དེ་འཛིན་ཅི་ཐུབ་བྱས་ཡོད་ཅིང་། ཀློག་པ་པོ་རྣམས་ཀྱིས་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གི་འཇིག་རྟེན་ཁྱད་པར་བ་དེའི་པར་གཞི་ཞིག་ཉམས་སུ་མྱོང་ཐུབ་པ་དང་། རྒྱུས་མངའ་མེད་པའི་བོད་ཀྱི་རྩོམ་རིག་ལ་ངེས་ཤེས་འདྲོང་རྒྱུ་དེ་ནི་ངའི་རེ་བ་ཡིན་པ་ནི་སྨོས་མ་དགོས་སོ།། ད་དུང་དེ་ལས་ལྷག་པ་ཞིག་ནི་ངའི་རེ་བ་ནི་ཁོང་གི་བརྩམས་ཆོས་དབྱིན་འགྱུར་བྱས་པ་དེས་བོད་ཀྱི་དེང་རབས་རྩོམ་རིག་ཀློག་མཁན་གསར་པ་མི་འདྲ་བའི་མིག་མདུན་དུ་ལྷགས་ཏེ་དེ་ཡང་བོད་ཀྱི་རྩོམ་རིག་དེ་ཡུན་རིང་པོར་ཟབ་ཞུགས་བྱེད་མ་ཐུབ་པའི་གོ་ལ་ཧྲིལ་པོའི་རྩོམ་རིག་གི་གླེང་གཞིའི་ཁྲོད་ཞུགས་པར་མཐུན་རྐྱེན་ཙམ་བསྐྲུན་རྒྱུ་དེའོ།།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《ཝ་ནག་ལུང་བ》དབྱིན་འགྱུར་བྱས་རྗེས་ཀྱི་བསམ་ཚུལ་འགའ།

2022-05-26 Christpher Peacock ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།