《ཁ་ཐུམ》གླེང་བ།

འཕགས་པ་འབྲོང་།(རྨ་ལྷོ་སོག་རྫོང) 琼迈文学网 2023-08-31

  «ཁ་ཐུམ»དུས་དེབ་ཏུ་མ་བཀོད་སྔོན་ཐེངས་འགར་བཀླགས་མྱོང་། རྩོམ་པ་པོའི་བརྩམས་ཆོས་གཞན་དག་དང་ཅུང་མི་འདྲ་བའི་ཚོར་བ་ཞིག་བྱིན། དེ་དུས་ནས་བཀླགས་ཚོར་ཞིག་འབྲི་འདོད་ཡོད་ཀྱང་སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་ཤོར་ནས་མ་འགྲུབ།གཞུག་ནས་དུས་དེབ་དང་དྲ་བའི་སྟེང་བཀོད་རྗེས་ཀྱང་ཐེངས་གཉིས་ལ་བཀླགས་མྱོང་། སྔར་བཞིན་ཡག་སྣང་དཔེ་མེད་ཅིག་བྱིན།དེ་ནི་ཕལ་ཆེར་ཀློག་མཁན་གཞན་པའི་ཤུགས་རྐྱེན་གྱིས་ཡིན་ཡང་སྲིད།

  དེང་སང་རྩོམ་རིག་གི་གར་སྟེགས་འདི་རུལ་སུངས་གཡམ་རྒྱུག་དང་ཨ་མ་ནང་སྐོར།དཔོན་ལུགས་ཀྱི་དྲི་མས་སྦགས་པ་ཚབས་ཆེ་བས་གཞན་པའི་བརྩམས་ཆོས་ལ་གདེང་འཇོག་བྱེད་པ་དང་སྐད་ཆ་བཤད་རྒྱུའང་ངོ་མ་དཀའ་མོ་རེད། སྟབས་ཅུང་མ་ལེགས་ན་ཕ་རོལ་པར་ཕོག་ཐུག་བཟོ་ངེས་རེད། སྔོན་ཆད་དང་མི་འདྲ་བར་དེང་སང་གི་རྩོམ་འབྲི་བ་ཕལ་ཆེ་བས་ནི་བསྟོད་པ་དང་དྲིལ་བསྒྲགས།ཁ་གཡང་དང"རྒྱབ་སྐྱོར"ལས་དགག་སྒྲུབ་དང་བདེན་གཏམ་དུ་འགྲོ་བའི་དཔྱད་བརྗོད་དང་ལེན་མི་བྱེད། རྩོམ་རིག་དཔྱད་བརྗོད་ཀྱི་མཁའ་དབུགས་དག་གཙང་ཞིག་ཆགས་མེད་པའི་སྟབས་ཀྱིས།ཀློག་པ་པོའི་སྡེ་ནའང་རྩོམ་རིག་རྩོམ་རིག་ཏུ་བརྩིས་ནས་དཔྱོད་ཤེས་ཀྱི་སྐད་ཆ་བཤད་མཁན་མེད་པར། ཕྱོགས་རིས་དང་ཆགས་ཞེན་ཁོ་ནའི་དབང་དུ་སོང་སྟེ།གཅིག་གི་འཕོངས་ལ་གཅིག་ལྡིང་བ་དང་གཅིག་གི་རྫུན་རྐུབ་གཅིག་གིས་བཀབ་ནས།བོང་བུར་རྟ་མིང་འདོགས་དང་རྟ་ལ་བོང་མཚང་འགེལ་བའི་སྣང་ཚུལ་མང་དུ་མཐོང་། མ་གཞི་རྩོམ་རིག་ནི་ཐབས་ལམ་དམིགས་བསལ་བ་ཞིག་ལ་བརྟེན་ནས་བདེན་པ་དང་གནས་ལུགས་སྲུང་བྱེད་ཅིག་ཡིན་མོད།ད་ལྟ་དེ་དག་གསོད་བྱེད་དུ་མི་འགྱུར་བའི་ངེས་པའང་མེད་པ་འདྲ། མདོར་ན། མི་ལ་བལྟས་ནས་སྐད་ཆ་བཤད་མཁན་ལས་རྩོམ་ལ་དཔྱད་ནས་གདེང་འཇོག་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་འགྲོ་བཞིན་པ་མངོན་གསལ་རེད། ང་ཡང་དེ་ལས་མ་འདས་སོ།།

  རྒན་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་ལ་ཀློག་མཁན་མང་ཞིང་གདེང་འཇོག་མཐོ་བར་རྒྱུ་མཚན་མང་དུ་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་དངོས་ཡོད་འཚོ་བའི་སྙིང་ཁ་ནས་ལངས་ཡོད་པ་མ་ཟད། རང་རང་གི་ཡིད་ལ་འབབ་པའི་བསམ་བློའི་བསྟན་དོན་རེ་གསལ་པོར་གྲུབ་ཡོད་པས་རེད་སྙམ།ཀློག་མཁན་ཕལ་ཆེ་བས་ནི་བསམ་བློ་རྡོག་རྡོག་ཅིག་བསྟན་མེད་པའི་བརྩམས་ཆོས་ལ་བསམ་གཞིག་དང་དབྱེ་ཞིབ་བྱེད་པར་ཚེགས་ཀ་བྱེད།

  གཤམ་ནས«ཁ་ཐུམ»བཀླགས་པའི་མྱོང་ཚོར་ཚིག་གསུམ་བརྗོད་པར་བྱ།

  ༡

  ཁ་ཐུམ་ཞེས་པའི་དངོས་པོ་ཆུང་ཆུང་ཞིག་རྩོམ་གྱི་ཁུངས་སྣེར་བཟུང་སྟེ་གཏམ་རྒྱུད་ཀྱི་སྐུད་པ་རིང་དུ་བསྲིངས་ཡོད། སྐུད་པ་དེ་མར་སྲིང་དུས་གཏམ་རྒྱུད་ཀྱི་དུས་ཚོད་མངོན་ཆུང་དང་མག་མོག་ཏུ་བཏང་སྟེ་གཙོ་བོར་གཏམ་སྦྱོར་གྱི་དུས་ཚོད་དང་བར་སྟོང་ཆེ་བར་བྱས་ཏེ་བྲིས་པས་རྩོམ་གྱི་ཀུན་རྟོག་གི་འཇིག་རྟེན་ཡངས་པར་བྱས་ཞིང་སྒྲིག་གཞི་རང་ངོས་ཀྱི་མཛེས་པ་ལྷག་པར་མངོན་ཡོད་སྙམ།

  གཏམ་རྒྱུད་དེའི་མདུད་པ་མར་འགྲོལ་དུས་གཏམ་རྒྱུད་རང་ངོས་སམ"ཁ་ཐུམ"ཙམ་གྱི་སྟེང་ནས་མ་བསྐྱུར་པར་མཚོན་དོན་ཅན་དང་རྟགས་མཚན་ཅན་གྱི་རིམ་པ་ཞིག་ལ་བསྐྱལ་ཡོད་པས་སྒྱུ་རྩལ་གྱི་འགུག་ཤུགས་དང་རྐྱོང་སྐུམ་ངེས་ཅན་ཞིག་ལྡན་སྙམ།འདི་ནི་ཁོང་གི་བརྩམས་ཆོས་སྔ་མ་མང་ཆེ་བ་དང་ཅུང་མི་འདྲ་བའི་ཆ་ཞིག་རེད་སྙམ། བརྩམས་ཆོས་སྔ་མ་ཕལ་ཆེ་བས་བསམ་བློའི་ནང་དོན་གནད་དུ་བཟུང་བས་ལྷུག་བརྗོད་ཀྱི་སྒྱུ་རྩལ་ལ་རྩལ་ཤུགས་བཏོན་པར་ཅུང་མི་འདང་བའི་ཆ་ཡོད་སྙམ། དཔེར་ན། «པ་པ་པའོ་མ»ལྟ་བུ་རེད།(བྱེ་བྲག་ཏུ་ཁོ་བོའི་བཀླགས་ཐོར་གསལ།)

  དེ་བས།བརྩམས་སྒྲུང་འདི་སྔར་བས་ཀྱང་རྩོམ་རིག་གི་རང་མདངས་གསལ་བའི་བརྩམས་ཆོས་ཤིག་ཏུ་བརྩིས་ཆོག་སྙམ། སྒྱུ་རྩལ་གྱི་ཐབས་རྩལ་དེ་བསམ་བློའི་ནང་དོན་གྱི་དགོས་མཁོ་ལྟར་བེད་སྤྱོད་བྱས་ཡོད་པས་དོ་མཉམ་པ་དང་ལྷུན་གྱིས་གྲུབ་པའི་མཛེས་ཚོར་ཞིག་དབང་མེད་སྟེར། སྒོས་སུ་ལྷུག་རྗོད་པ"ང"སྟེ་ངག་སྒོ་དང་པོའི་ལམ་ནས་མི་སྣའི་སེམས་ཁམས་དང་འབྲེལ་བའི་དྲན་སྣང་སྣ་ཚོགས་ལ་འཇུག་པར་བྱས་ཏེ་བྲིས་པས་བདེན་པ་དང་མཉམ་འུར་གྱི་རང་བཞིན་དམིགས་བསལ་བ་ཞིག་ལྡན་སྙམ།

  བརྩམས་སྒྲུང་འདིའི་མཛེས་པ་གྲུབ་བྱེད་གཙོ་བོ་ནི་ཁ་ཐུམ་རེད།ཁ་ཐུམ་གྱི་མཚོན་དོན་ནི་བར་ཐག་རེད། དོན་དུ་བར་ཐག་གིས་སྒྲུང་གི་མཛེས་པ་དང་འཇིག་རྟེན་དེ་གྲུབ་པར་བྱས་ཡོད་སྙམ། འཇིག་རྟེན་གྱི་མཛེས་པ་ཡོད་ཚད་བར་ཐག་དང་འབྲེལ་བ་དམ་པོ་ཡོད་དེ། རླབས་ཆེན་གྱི་བརྩེ་དུང་བར་ཐག་གིས་བསྐྲུན་ལ། བར་ཐག་མེད་ཚེ་བརྩེ་དུང་གིས་མི་ལ་སྡུག་བསྔལ་དང་སྐྱོ་བ་ལས། སྤྲོ་བ་དང་སྐྱིད་སྣང་སྦྱིན་མི་སྲིད།ཡིད་འོང་གི་མཛེས་ལྗོངས་བར་ཐག་གིས་བསྐྲུན་ལ། བར་ཐག་མེད་ཚེ་ཡུལ་ལྗོངས་དེའི་སྐྱོན་ཆ་དང་ཞན་ཆ་མང་དུ་མཐོང་སྟེ་སྤྲོ་སྐྱིད་ཀྱི་སྣང་བ་མི་སྐྱེ། འཚོ་བའི་ཁྲོད་ཚུ་རོལ་ལས་ཕ་རོལ་གྱི་ཁོར་ཡུག་མཛེས་པའི་སྣང་བ་སྟེར་བ་ལས་ཅུང་ཟད་ཤེས་ནུས་སོ།།

  བརྩམས་ཆོས་འདིའི་ནང་མི་སྣ"ངས"བུད་མེད་དེ་སུ་ཡིན་ཤེས་འདོད་པ་དང་འཕྲད་འདོད་པའི་ཚོར་བ་དེ་ཁ་ཐུམ་གྱིས་བསྐྱེད་པ་རེད། "ངས"ཁ་ཐུམ་མ་བརྒྱབ་པ་དང་བུད་མེད་དེས་བརྒྱབ་ཡོད་པས་ལྷག་པར་ཕ་རོལ་བ་ཤེས་འདོད་པ་དང་ཉེ་བར་གཅར་འདོད་པའི་བློ་དེ་སྐྱེས།གཏམ་རྒྱུད་ཀྱི་སྐུད་པ་ཧྲིལ་པོའང་ཁ་ཐུམ་ཕག་གི་ངོ་གདོང་དེ་འཚོལ་བའི་གོ་རིམ་ལ་བརྒྱུས་ཡོད། དེས་བརྩམས་སྒྲུང་གི་འཇིག་རྟེན་རྒྱ་ཆེ་ས་དང་གུ་ཡངས་ས་ཞིག་ཏུ་བསྐྱལ་ཡོད་སྙམ།བར་ཐག་དེ་ནི་རིང་དྲགས་པ་དང་ཐུང་དྲགས་པའི་མཐའ་གཉིས་སུ་མ་ལྷུང་བའི་འོས་འཚམས་ཀྱི་བར་ཐག་ཅིག་རེད།

  དཔེར་ན«རྒྱབ་གཟུགས»ནང་གི་ཨ་ཕའི་རྒྱབ་གཟུགས་དང་བུའི་འབྲེལ་བ་ལྟ་བུ་རེད། ཀྲུའུ་ཙི་ཆིང་གིས་ཨ་ཕའི་ངོ་གདོང་སོགས་མ་བྲིས་པར་རྒྱབ་གཟུགས་འབྲི་དོན་ཅི་རེད། རྒྱབ་གཟུགས་ཀྱི་མཚོན་དོན་ནི་གྱེས་བྲལ་དང་བར་ཐག་རེད།བར་ཐག་དེས་ད་གཟོད་ཀློག་པ་པོར་བརྗེད་མེད་ཀྱི་བག་ཆགས་བཞག་པ་མིན་ནམ། དེ་བཞིན་ཁ་ཐུམ་གྱིས་ཀྱང་ཆ་མེད་དང་སྦ་གསང་། ལྐོག་གྱུར་དང་བཅོས་མ་སོགས་ཀྱི་དོན་མཚོན་ཆོག་པས་དེས་མི་སྣ"ང"དང་ཀློག་མཁན་ལ་ཤེས་འདོད་དང་མཚར་དོགས་ཀྱི་བློ་ཁྱད་མཚར་བ་ཞིག་སྐྱེ་རུ་བཅུག་པ་མིན་ནམ་སྙམ། ཡུལ་དུས་ལས་བརྒལ་བའི་བརྩེ་དུང་(ཕོ་མོའི་བར་གྱི་བརྩེ་དུང་ཙམ་ལ་མི་གོ)གི་མཛེས་པ་དེ་ཏག་ཏག་ཁ་ཐུམ་གྱིས་བཅད་པའི་བར་ཐག་གིས་བསྐྲུན་པ་རེད། གལ་སྲིད་དང་པོ་ནས་བུད་མེད་དེས་ཁ་ཐུམ་བརྒྱབ་མེད་ཚེ། གཏམ་རྒྱུད་འདིའང་གཏམ་རྒྱུད་གཞན་ཞིག་ཏུ་འགྱུར་དགོས་འདུག་སྙམ།

  ༣

  བརྩམས་སྒྲུང་འདི་བཀླགས་མ་ཐག་བསྟན་དོན་རྡོག་རྡོག་ཅིག་ལྷང་ལ་འབུད་དཀའ་བའི་སྣང་བ་སྟེར་མོད། ཅུང་ཟད་ཞིབ་ཏུ་བསམས་ན་མི་དང་མིའི་བར་གྱི་འབྲེལ་འདྲིས་གོ་རིམ་ཁྲོད་གནས་པའི་སྤྱི་ཁྱབ་ཀྱི་སྣང་ཚུལ་ཞིག་ལ་བསམ་གཞིག་ནན་གྱིས་བཏང་ཡོད་སྙམ།

  ཀཱ་མོའུ་སི་ལགས་ཀྱི«འབྲེལ་མེད་ཀྱི་མི»ཞེས་པའི་ནང་མི་སྣ་གཙོ་བོས་ཨ་མ་ཤི་རྗེས་མིག་ཆུ་མ་བཏོན་པས་ཉེས་སྐྱོན་སྣ་ཚོགས་མགོར་ཡོང་བ་རེད།དེ་བཞིན་བརྩམས་སྒྲུང་འདིའི་ནང་མི་སྣ"ངས"ཁ་ཐུམ་མ་བརྒྱབ་པས་ཁེར་རྐྱང་དང་ལོག་བཀར་གྱི་སྡུག་བསྔལ་སྣ་ཚོགས་མགོར་ཡོང་བ་རེད།ཐ་ན་རང་ཉིད་འཕྲད་འདོད་པའི་བུད་མེད་དེ་ཡང་ཁ་ཐུམ་གྱི་དབང་གིས་ངོ་ཤེས་ཐབས་བྲལ་བ་རེད།

  ཧ་ཡེ་ཁུ་ཡི་དགོངས་པ་ལྟར་ན་མི་བུ་སྒེར་བའི་རང་དབང་ནི་མང་གཙོ་ལས་ཀྱང་མཆོག་ཏུ་བརྩི་དགོས།མི་ཚོགས་དང་ཤོག་ཁག་གི་དབང་ཤེད་ཇི་འདྲ་ཆེ་ན། མི་བུ་སྒེར་བའི་རང་དབང་དང་རྩིས་ཐང་ནི་དེ་ལྟར་ཉམ་ཆུང་དང་རྩིས་མེད་དུ་འགྱུར་སྲིད་པ་རེད།ཐ་ན་རང་ཉིད་ཀྱི་ཨ་མའི་འདས་མཆོད་སྟེང་མིག་ཆུ་འདོན་མིན་གྱི་རང་དབང་ཡོད་པ་མ་རེད།རང་ཉིད་ཀྱི་སེམས་སོང་བའི་བུད་མེད་དེའི་གདོང་གི་ཁ་ཐུམ་བླངས་ཏེ་ཞིབ་ཏུ་ཐེངས་གཅིག་བལྟ་བའི་རང་དབང་ཡང་མེད། རང་ཉིད་དགའ་སའི་སྐྱེས་པ་ཞིག་གི་ཆེད་དུ་གདོང་གི་ཁ་ཐུམ་བཤུས་ཏེ་འཛུམ་མདངས་ཧྲིལ་པོ་ཞིག་སྟོན་པའི་རང་དབང་ཡང་མེད།

  གོ་སླ་བའི་ཆེད་དཔེ་སླ་མོ་ཞིག་བཞག་ན།ས་ཆ་ཞིག་ན་མི་བརྒྱ་ཡོད་པའི་དབང་དུ་བཏང་ན། དེའི་ཁྲོད་མི་དགུ་བཅུ་གོ་དགུ་བཟི་བོ་ཡིན་ཚེ།ཁོ་ཚོའི་མིག་ལམ་དུ་མི་གཅིག་པོ་དེ་ད་གཟོད་བཟི་བོ་ངོ་མ་ཡིན་སྲིད།རིམ་བཞིན་མི་གཅིག་པོ་དེའང་བཟི་བོ་ཚོའི་གྲལ་དུ་མི་ཞུགས་རང་དབང་བྲལ། དེ་འདྲའི་ཁོར་ཡུག་གིས་མི་དང་མིའི་བར་གྱི་མི་འདྲ་ས་དང་ཁྱད་པར་སོགས་འབུར་འཇོམས་བྱས་ཏེ་ཡོད་ཚད་གཟུགས་འདྲ་དབྱིབས་མཚུངས་སུ་བསྒྱུར་བར་བྱེད་པ་རེད།

  བསམ་བློ་འདི་རྩོམ་ནང་དུ་མངོན་ཆུང་གིས་བསྟན་ཡོད་ཀྱང་། མཚོན་དོན་ནི་ཤུགས་ཆེ་བར་འདོད།ཁྱབ་བསྒྲགས་དང་དྲིལ་བསྒྲགས།འུར་ཟིང་དང་ཀུ་ཅོ་སོགས་ཀྱིས་མིའི་བསམ་བློ་དང་ཀླད་པ་རྩ་བ་ནས་བཀྲུས་པའི་ཁོར་ཡུག་ཏུ་དོན་དངོས་དང་ངོ་གདོང་ངོ་མ་ནི་ང་ཚོ་དང་རྒྱང་ཐག་ཧ་ཅང་རིང་བ་རེད།ཧ་ཡེ་ཁུ་ཡིས་གསུངས་པ་ལྟར།ང་ཚོ་མི་བུ་སྒེར་བ་ཞིག་ལ་མཚོན་ན། མི་ཚོགས་དང་ཤོག་ཁག་གི་ཁྲོད་དུ་ཁེར་ཚུགས་ཀྱི་རང་གཤིས་དང་རང་དབང་གི་བསམ་བློ་མངོན་པའི་གོ་སྐབས་ཧ་ཅང་ཕྲ།དེང་སྐབས་ཆ་འཕྲིན་དང་དྲ་བའི་དུས་རབས་སུ་མི་ཕལ་ཆེ་བ་ནི་འཐོམ་སྦྲིད་དང་རྨོངས་རྟུལ་དུ་གྱུར་ཏེ་རང་ཉིད་ལ་དབྱེ་གཅོད་ཀྱི་ནུས་པ་མེད་པ་ལྟ་བུར་འགྱུར་བཞིན་ཡོད།དད་པ་དང་ཕུགས་འདུན་མེད་ཅིང་། ངར་ཤུགས་དང་ཡིད་རྟོན་མེད་པར་ཆུ་སྣ་གར་ཁྲིད་ཀྱིས་སྟོང་བསམ་དང་སྐྱོ་སྡུག་འབའ་ཞིག་གི་དབང་དུ་འཚོ་བའི་སྐྱེ་བོ་མང་དུ་འཕེལ་བཞིན་ཡོད་པར་བཤད། གནད་དོན་འདི་དག་གི་འབྱུང་རྩ་ཡང་ཕར་དེད་ན་མི་བུ་སྒེར་བའི་ཚེ་སྲོག་གི་ཚོར་བ་ལ་བརྩི་འཇོག་མེད་པའི་མཁའ་དབུགས་དང་ཁོར་ཡུག་ལ་ཐུག་ཡོད་སྙམ།

  མདོར་ན།རྩོམ་མཁན་མའོ་ཡན་གྱིས་གསུངས་པ་ལྟར།མི་ཐམས་ཅད་སྐད་ཆེན་པོས་ངུ་བའི་དུས་སུ། མི་གཅིག་དང་གཉིས་མི་ངུ་བའི་རང་དབང་ལ་བརྩི་འཇོག་བྱེད་དགོས་ཞེས་པ་ནང་བཞིན། མི་བུ་སྒེར་བའི་ཚེ་སྲོག་ལ་གོང་བཀུར་བྱེད་མིན་ནི་སྤྱི་ཚོགས་དང་མི་རིགས་ཤིག་དར་རྒྱས་སུ་སོང་ཡོད་མེད་ཀྱི་རྟགས་གལ་ཆེན་ཞིག་རེད་སྙམ།

                            ཞེས་འཕགས་པ་འབྲོང་དུ་འབོད་པས་མི་ཁོམ་པའི་གནས་སུ་བྲིས་པ་དགེའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《ཁ་ཐུམ》གླེང་བ།

2023-08-31 འཕགས་པ་འབྲོང་།(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།