《རྟོགས་བརྗོད་མདུན་ལེགས་མ》བཀླགས་རྗེས་ཀྱི་མྱོང་བ་ཐོར་རེ་ལོང་ངེ་བ།

བློ་བཀྲ།(ནག་ཆུ) 琼迈文学网 2023-10-02

  གཅིག བཀླག་བྱའི་དཔེ་ཆ་མཚམས་སྦྱོར་བ།

  《རྟོགས་བརྗོད་མདུན་ལེགས་མ》འདིས་གང་གི་རྟོགས་པ་བརྗོད་སའི་སྐྱེས་བུ་དེ་ནི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་ནང་ཚན། རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ཡིན་པ་དང་། རྟོགས་བརྗོད་འདི་ནི་རྗེ་རང་གི་ཉམས་མྱོང་དངོས་དང་སྦྱར་ནས་བརྩམས་པའི་སྐུ་ཚེའི་བྱུང་བ་རྣམསསྒྲོ་སྐུར་འུད་བསྟོད་ཀྱིས་མ་གོས་པར་ཨ་ན་མ་ནར་ཡིག་ཐོག་ཏུ་བཀོད་པའི་བརྩམས་ཆོས་ཤིག་ཡིན།

  གཉིས། ཁ་ཡིག་གམ་ཁ་བྱང་གི་འགྲེལ།

  སྤྱིར་བཏང་མི་ཞིག་གི་མི་ཚེའི་བྱུང་རིམ་བྲིས་པའི་མིང་ལ་ལོ་རྒྱུས་དང་། རྣམ་ཐར། བྱུང་བ་བརྗོད་པ། རྟོགས་བརྗོད་སོགས་རིགས་དུ་མ་ཡོད། དེའི་ནང་ནས་རྟོགས་པ་བརྗོད་པ་ཞེས་པ་ནི་རིགས་རུས་ཆོ་འབྲང་དང་གང་དུ་འཁྲུངས་པའི་གནས་སོགས་མི་འབྲི་བ་ཅུང་ཉུང་ལ། གཙོ་བོ་ནང་སེམས་ཀྱི་བསམ་བློའི་འཕེམ་རིམ་སྟེ། ཤེས་བྱ་རིག་པའི་གནས་ལ་སློབ་སྦྱོང་མཛད་པའི་གོ་རིམ་སོགས་བྲིས་པ་ཞིག་ལ་ཟེར་བ་དང་། འདིར་མཚན་བྱང་ལའང་《རྟོགས་བརྗོད་མདུན་ལེགས་མ》ཞེས་རྗེ་ཙོང་ཁ་པ་ཆེན་པོ་ཉིད་ཐོག་མར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཚུལ་དང་། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཚུལ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང་། ཀུན་ཀྱང་བསྟན་པ་རྒྱས་པའི་སླད་དུ་བསྔོ་ཚུལ་སོགས་སློབ་གཉེར་གྱི་ཚུལ་དང་། དཀའ་སྤྱད་ཀྱི་ཚུལ་སོགས་བཀོད་ཡོད།

  “མདུན་ལེགས་མ”ཞེས་པ་ནི་མདུན་མ་ལེགས་འདུག་ཟེར་བ་ལྟར། མདུན་མ་ནི་འདས་ཟིན་པའི་ལོ་ཟླའམ་མི་ཚེ་ལ་གོ་ཞིང་། དེ་ནི་རྗེ་ཙོང་ཁ་པ་ཆེན་པོས་རང་གི་སྐུ་ཚེའི་བརྒྱུད་རིམ་ལ་ཕྱིར་ལྟ་ཞིག་མཛད་ཚེ། རང་གི་མི་ཚེ་ཡི་གྲུབ་འབྲས་ཀྱིས་རང་ཉིད་ལ་ཡིད་ཚིམ་པའི་སྣང་བ་ཞིག་བྱུང་བས་དེ་ལྟར་བཏགས་པ་རེད་སྙམ་ལ། འདིར་མདུན་མ་ཟེར་བ་དང་འདུན་མ་གཉིས་དོན་གཅིག་པར་གོ་བར་སྙམ་སྟེ། མདུན་མ་ལེགས་འདུག་ཟེར་བ་ནི་མི་ཚེ་འདིའི་ཐོག་མའི་འཆར་གཞི་འདིང་ཚུལ་དང་། ཐ་མའི་གྲུབ་འབྲས་གང་ལ་བསམས་ཀྱང་འགྲིག་འདུག་ཟེར་བ་རེད། ཚིག་འབྲུ་དེ་ལས་ཀྱང་རྟོགས་བརྗོད་འདི་ཉིད་ནི་རྗེ་ཉིད་ཀྱི་སྐུ་ཚེའི་སྨད་དུ་མཛད་པའང་རྟོགས་ནུས།

  གསུམ། རྩོམ་པའི་འདུན་པ།

  རྩོམ་པའི་འདུན་པ་ལ་ཡང“འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང་། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །” ཞེས་འབད་པ་ཆུང་ངུ་ཙམ་གྱིས་ཚོགས་རླབས་པོ་ཆེ་གསོག་ནུས་པའི་དགེ་རྩ་ཁྱད་པར་ཅན་ཏེ་རྗེས་སུ་ཡི་རང་ནི་ལུས་ཀྱི་རྩོལ་བ་བརྟེན་མི་དགོས་ཤིང་། ངག་གི་དཀའ་བའང་བསྟེན་མི་དགོས་པར། ཡིད་ཀྱི་འགྱུར་ལྡོག་ཅུང་ཟད་ཅིག་གིས་ཚོས་རླབས་པོ་ཆེ་ཞིག་གསོག་ཐུབ་པས། གཞན་གྱིས་དགེ་བ་རླབས་པོ་ཆེ་བསགས་པ་ལ་རྗེས་སུ་ཡི་རང་དང་། རང་གིས་སྔོན་དགེ་བ་ཕྲན་བུ་རེ་བྱས་པ་ལའང་རྗེས་སུ་ཡི་རང་བྱས་ཏེ། དངོས་གནས་རང་གིས་སྔར་དེ་ལྟར་བསྒྲུབས་པ་དེ་འགྲིག་འདུག་ཨང་སྙམ་དུ་དགའ་བ་ཆེས་ཆེར་བསྐྱེད་ན། སྔོན་བྱས་ཀྱི་དགེ་བ་དེ་ཡང་ཆུད་མི་ཟ་བར་གོང་ནས་གོང་དུ་འཕེལ་བས། ཁོང་གིས་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་བལྟས་ཤིག་བྱས་པས། སྔར་བསགས་ཀྱི་དགེ་བ་དེ་ཐམས་ཅད་ཆུད་མི་ཟ་བར། གོང་ནས་གོང་དུ་འཕེལ་བར་འདོད་པས་ཀུན་ནས་བསླངས་ཏེ། སྔོན་བསགས་ཀྱི་དགེ་བ་དེ་རྣམས་ལ་རློམ་སེམས་དང་ང་རྒྱལ་མི་བྱེད་པར་དགའ་བ་བསྒོམས་ནས། དགེ་བའི་ངོ་བོ་དེ་དག་གོང་ནས་གོང་འཕེལ་དུ་གཏོང་འདོད་པ་དེ་དང་། དེ་མིན་རྣམ་དཔྱོད་དང་ལྡན་པའི་སྐལ་བཟང་གི་སྐྱེ་བོ་མང་པོ་ཞིག་ལ་འཇུག་སྒོ་མ་ནོར་བར་ཚུལ་བཞིན་དུ་བསྟན་པ་སོགས་ཀྱི་སླད་དུ་ཡིན་པའང་སྣང་ངོ་། །

  བཞི། དངོས་གཞིའི་ནང་དོན།

  དེ་ཡང་། “དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །”ཞེས་དང་པོ་གཞོན་པའི་གནས་སྐབས་སུ། གྲུབ་མཐའ་རིས་སུ་མ་མཆིས་པའི་མཁས་གྲུབ་རྣམས་ཀྱི་གསུང་ལ་ཐོས་བསམ་གནང་བ་དང་། དེའི་རྗེས་སུ་ཐོས་བསམ་གྱི་གྲུབ་དོན་དེ་དག་ཀྱང་ཡིག་ཐོག་ཏུ་ཡོད་ཁའི་གནས་ལུགས་ཙམ་དུ་མ་ལུས་པར། དངོས་ཡོད་འཚོ་བའི་ནང་ལ་བདེ་སྤྱོད་གཏོང་རིན་ཡོད་པ་ཞིག་ཏུ་ངེས་པ་རྙེད་དེ་ཉམས་སུ་བླངས་པ་བཅས་ཀྱི་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེ་གང་པོའི་མཛད་པ་དེ་ཚིགས་བཅད་གཅིག་གི་ནང་ལ་བསྡུས་པ་དང་། གཞུང་ལུགས་སྤྱི་ལ་སྦྱངས་པ་མཛད་ཚུལ་ཡང་། 《རྟོགས་བརྗོད་མདུན་ལེགས་མའི་ཟིན་བྲིས་གཞན་ཕན་སྙིམ་པའི་མེ་ཏོག》ཅེས་བྱ་བ་ལས། “རྒྱལ་དབང་མི་ཕམ་ཆོས་རྗེ་དང་། འཛམ་གླིང་རྒྱན་དྲུག་སྟེ། སློབ་དཔོན་ཀླུ་སྒྲུབ་དང་ཨརྱ་དེ་བ། (དབུ་མའི་རྒྱན་གཉིས། )ཐོགས་མེད་དང་དབྱིག་གཉེན། (མངོན་པའི་རྒྱན་གཉིས། )ཕྱོགས་གླང་དང་ཆོས་གྲགས། (ཚད་མའི་རྒྱན་གཉིས། )གཞན་མཆོག་གཉིས་ཏེ་ཤཱཀྱ་འོད་དང་ཡོན་ཏན་འོད། (འདུལ་བའི་རྒྱན་གཉིས། )ཅེས་ས་གསུམ་ན་ཉི་ཟླ་བཞིན་གྲགས་པ་དེ་དག་གི་གཞུང་རྣམས་དང་། ཚིག་ཟིན་ལ་དངོས་སུ་མ་བསྟན་པའི་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱི་གཞུང་དག་ལ་སྦྱངས་པ་ཕྱོགས་རེ་བ་དང་། ཚིག་དོན་གྱི་ཆར་གོ་བ་རགས་པ་རེས་ཡིད་ཚིམ་པར་མ་བྱས་པར་གཞུང་ལུགས་ཀུན་ལ་རིས་མེད་ཞིབ་ཏུ་སྦྱངས་ཏེ་དོན་གྱི་གཏིང་ཐག་ཆོད་པར་བགྱིས་པ་ཡིན།”ཞེས་བཀོད་ཡོད་པ་དང་། རྗེ་ཉིད་ཀྱིས་ཀྱང་ཁ་ཕྱིར་འཁོར་ནས་རང་གི་མི་ཚེའི་བཤུལ་ལམ་ལ་མནོ་བསམ་ཞིག་བྱས་དུས། སྔར་བཤད་ཟིན་པ་བཞིན། རང་གི་མི་ཚེ་ལ་གྲུབ་འབྲས་ལེགས་པོ་བྱུང་འདུག་ཅིང་། འདི་ནི་རང་གིས་འབད་བརྩོན་བྱས་པ་ཁོ་ནས་མ་ཡིན་པར། བླ་མ་དགེ་བའི་བཤེས་གཉེན་ལ་སྩོགས་པའི་སྐུ་དྲིན་ལས་བྱུང་བ་ཡིན་པས། ཚིགས་བཅད་ཤོ་ལོ་ཀ་འདི་ནི་ཁོང་གི་སྐུ་ཚེའི་རྣམ་ཐར་གྱི་བསྡུས་དོན་ལྟ་བུའོ། །

  ལྔ། ཐུན་མིན་གྱི་ཁྱད་ཆོས།

  རྣམ་ཐར་དང་རྟོགས་བརྗོད་གཞན་དང་བལྟོས་ནས་བཤད་ན། གནའ་ནས་ད་ལྟའི་བར། རང་ཅག་གིས་རྣམ་ཐར་དང་རྟོགས་བརྗོད་འབྲི་སྐབས། དང་པོ་ནས་སངས་རྒྱས་ཡིན་ཚུལ་དང་། སྐྱེ་བོ་ཕལ་པ་ཞིག་མིན་ཚུལ་ནས་མགོ་བརྩམས་ཏེ་འཆད་པའི་སྲོལ་འདིས་འུ་ཅག་གི་ངེས་དོན་གྱི་དམ་པ་མང་པོ་ཞིག་གི་རྣམ་ཐར་གྱི་འོད་སྣང་བསྒྲིབས་ཤིང་གཡོགས་ཡོད་པ་ལྟར་སྣང་ལ། སྐྱེས་བུ་དམ་པ་དེ་དག་གིས་རང་གི་སུ་ཚེ་འདིར་ཐོས་བསམ་སློབ་གཉེར་གྱི་འབད་བརྩོན་ལ་བརྟེན་ནས་ད་གཟོད་མཁས་པ་དང་གྲུབ་པའི་མགོ་འཕང་ཇི་ལྟར་བརྙེས་ཚུལ་རྣམས་སྒྲུང་དང་མ་འདྲེས་པར་ཇི་མ་ཇི་བཞིན་བྲིས་པའི་རྣམ་ཐར་དང་རྟོགས་བརྗོད་ཅིག་ཧ་ཅང་མཇལ་བར་དཀའ་བར་སྣང་ཡང་། 《རྟོགས་བརྗོད་མདུན་ལེགས་མ》འདི་ཉིད་ནི་རྗེ་བདག་ཉིད་ཆེན་པོ་རང་ཉིད་ཀྱི་ཉམས་མྱོང་དངོས་དང་སྦྱར་ནས་བརྩམས་ཡོད་ལ། ནང་གི་རྟོགས་པ་འཕེལ་བའི་རིམ་པ་རྣམས་སྒྲོ་བཀུར་མེད་པར་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན།

  རྩོམ་མཁན་མི་འདྲ་བའི་པིར་རྩེ་ལས་བྱུང་བའི་རྗེ་ཉིད་ཀྱི་རྣམ་ཐར་གཞན་དག་ལ་བལྟོས་ན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་དད་པའི་འཇུག་ངོགས་དང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་སོགས་ཀྱི་ནང་དོན་གྱི་སྒྲིག་སྟངས་ལ་བལྟས་པའི་ཚེ། དེ་ནི་ལོ་གྲངས་ཀྱི་རིམ་པའམ་བཤེས་གཉེན་སུ་དང་གང་ལ་བསྟེན་པའམ་སྦྱང་བྱའི་གནས་སོགས་གང་ཡིན་པ་དེ་བཞིན་དུ་བཀྲམ་པ། 《རྟོགས་བརྗོད་མདུན་ལེགས་མའི》ནང་ལུས་མདོར་བསྟན་སྟེ། “དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །”ཞེས་ཏེ། འབྱུང་འགྱུར་གྱི་རྣམ་ཐར་གྱི་ཁོག་ཆ་ཚང་བསྟན་ལ། ཚིགས་བཅད་འདི་ནི་རྗེ་རིན་པོ་ཆེའི་སྐུ་ཚེ་གང་གི་མཛད་པ་རྣམས་ཀྱི་བསྡུས་དོན་ལྟ་བུ་ཞིག་ཏུ་གྱུར་བ་དེའོ། །

  དྲུག མཇུག་གི་གཏམ།

  ང་ཚོས་རྗེ་རིན་པོ་ཆེ་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་མིན་སོགས་ཐུན་མིན་གྱི་བཤད་པ་དེ་དག་བཞག་ནས་སྐྱེ་བོ་ཕལ་པའི་ཆུ་བུར་མིག་གི་སྣང་ཚུལ་དང་མཐུན་པར་བྱས་ཏེ། མདོ་སྨད་ཡུལ་གྱི་སྤྱིར་བཏང་གི་བྱིས་པ་ལོ་བཅུ་དྲུག་ཅན་ཞིག་ཚོང་པ་ཁ་ཤས་དང་འགྲོགས་ཏེ་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕྱིན་ཅིང་། རང་ཉིད་དངོས་ཀྱི་འབད་འབུངས་དང་། སྡུག་རུས། རྔུལ་ཆུ་བཅས་ལ་བརྟེན་ནས། མཐར་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོགས་པ་སོགས། ང་ཚོས་ཀྱང་ཁོང་ཉིད་ཀྱི་སྙིང་སྟོབས་ཀྱི་རྒྱུན་རྣལ་མ་ཞིག་འཛིན་ཐབས་ལ་བརྩོན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་སྣང་ལ། དེ་དག་རང་རྒྱུད་ལ་ཉེ་བར་ལེན་ཆེད།ཤེས་བྱའི་རིན་ཆེན་འབྱུང་གནས་སུ་བརྩོན་པ་དང་དཔྱོད་པ་ཡིས་དེད་དཔོན་བྱས་དང་བྱེད་བཞིན་པའི་གདུལ་བྱ་རྣམས།ཇི་ལྟར་ཚ་བས་གདུང་བའི་གླང་ཆེན་པདྨའི་མཚོ་ལ་འཇུག་པ་དང་།འཇིགས་པས་ཉེན་པའི་ངང་མོ་ཆུ་གཏེར་ཀློང་དུ་འབྲོ་བ་ལྟར་ཕྱི་ནང་རིག་པའི་གནས་མཐའ་དག་ལ་དགའ་དད་སྤྲོ་གསུམ་གྱིས་ཞུགས་ཏེ།ཤེས་རབ་ཀྱི་རལ་གྲི་གནམ་ལ་འཕྱར་ནས། བློ་རྨོངས་མུན་པའི་དམག་ཚོགས་རྣམས་བསྙིལ་ནས་ཕྱིར་མཐའ་བསྐྲད་ནས་གཡུལ་ལས་རྒྱལ་བའི་ཤེས་རིག་གི་རྒྱལ་མཚན་མཐོན་པོ་གངས་དཀར་ལྷུན་པོའི་དབུ་རྩེར་བསྒྲེང་དགོས་ལ། དེ་ཡང་“རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང་། །རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །” ཞེས་རྗེ་རིན་པོ་ཆེ་ལགས་ཀྱིས་རྟོགས་བརྗོད་འདི་བརྩམས་པའི་དགོས་པ། རང་གི་དགེ་བ་རྗེས་སུ་ཡི་རང་གི་སྒོ་ནས་གོང་དུ་འཕེལ་ཕྱིར་དང་། རྣམ་དཔྱོད་དང་ལྡན་པའི་སྐལ་བཟང་གི་སྐྱེ་བོ་མང་པོ་ཞིག་ལ་འཇུག་སྒོ་མ་ནོར་བར་ཚུལ་བཞིན་དུ་བསྟན་པ་སོགས་དང་ཡང་མཐུན་པར་སྣང་ངོ་། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《རྟོགས་བརྗོད་མདུན་ལེགས་མ》བཀླགས་རྗེས་ཀྱི་མྱོང་བ་ཐོར་རེ་ལོང་ངེ་བ།

2023-10-02 བློ་བཀྲ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།