སྒེའུ་ཁུང་ལས་མཐོང་བའི་ལྟད་མོ་དང་མྱོང་སྣང་།

གངས་མུ་ཏིག(ཀན་ལྷོ) 琼迈文学网 2024-09-25

                          ---ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་ཕྱོགས་བསྒྲིགས<<སྒེའུ་ཁུང>>བཀླགས་ཚོར།

  བར་སྐབས་ཤིག་ལ། ང་དང་ཆོས་དབྱིངས་རྒྱ་མཚོ་གཉིས་དྲ་གྲོགས་སུ་གྱུར་འདུག ཡིན་ཡང་། ངས་ཁོ་རང་དཀར་མཛེས་ཁུལ་གྱི་ཡིན་པ་ཙམ་མ་གཏོགས་བྱེ་བྲག་གི་རྫོང་གང་གི་ཡིན་མིན་དང་། ལས་གནས་ཅི་ཞིག་ཡིན་མིན་ཐད་ལ་གསལ་ཆ་གང་ཡང་མེད། རིམ་བཞིན་ཁོའི་སྐད་འཕྲིན་རྒྱབ་ལོགས་ནས་ཁོ་ནི་དཔེ་ཀློག་ལ་མོས་ཤིང་སྐད་ཡིག་ལ་དུངས་པ་ཟབ་པའི་ན་གཞོན་རྩོམ་དགའ་ཞིག་ཡིན་པ་ཤེས་པར་གྱུར།རྣམ་ཀུན་སྐད་འཕྲིན་དང་པོད་འཕྲིན་སོགས་ལས་སོ་སོའི་བརྩམས་ཆོས་ལ་རོལ་མྱོང་དང་སྐུལ་ལྕག་གཏོང་རྒྱུ་དེ་ཡང་རྒྱུན་ལྡན་དུ་གྱུར།སྐད་ཡིག་གི་རྐྱེན་ནམ་དགའ་ཁ་འཁྱེར་ཕྱོགས་ཉི་ཚེ་བ་འདིའི་དབང་གིས་ཆོལ་ཁ་སོ་སོར་གནས་པའི་རྩོམ་དགའ་ངེད་གཉིས་བར་ལ་བར་ཐག་གི་མཛེས་སྡུག་གམ་བཤད་མི་ཤེས་པའི་མཛའ་བརྩེའི་སྐུད་པ་ཞིག་གིས་དམ་དུ་སྦྲེལ།དེ་ནི་རིགས་སུ་མཐུན་པ་ཕྱོགས་སུ་འདུ་ཟེར་བ་མིན་ནམ།

  ད་ལོའི་སྤྱི་ཟླ་དང་པོར་ཁོའི་སྐད་འཕྲིན་རྒྱབ་ལོགས་ནས་ཁོ་པའི་སྒྲུང་ཐུང་བདམས་བསྒྲིགས<<སྒེའུ་ཁུང>>ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་གཏམ་བཟང་མཐོང་འཕྲལ། ཁོ་བོས་དགའ་བཞིན་དུ་རྟེན་འབྲེལ་ཞུས་པ་ཡིན།

  ད་ལོའི་སྤྱི་ཟླ3པའི་ཚེས30ཉིན། ཁོ་པས་ངའི་སྐད་འཕྲིན་སྒེར་ལམ་དུ། “ངས་ཁྱོད་ལ་དེབ་ཅིག་སྐྱེས་སུ་འདེགས། ཁྱོད་ཀྱི་ས་གནས་དང་ཁ་པར་ཨང་ཀི་སྐུར་རོགས"ཟེར།ཁོ་བོས་དེ་མ་ཐག་ཏུ་ཆ་འཕྲིན་དག་ཁོར་བསྐུར་བ་ཡིན།རྩོམ་དགའ་ཞིག་ལ་མཚོན་ན།རྩོམ་པ་པོ་ཞིག་གིས་རང་གི་བརྩམས་ཆོས་སྐྱེས་སུ་འབུལ་བ་ནི་ཇི་འདྲའི་དགའ་འོས་པ་ཞིག་རེད་ཨང་། སྤྱི་ཟླ4པའི་ཚེས10ཉིན་ཁོས་བསྐུར་བའི་དེབ་དངོས་སུ་བདག་གི་ལས་ཁུངས་སུ་འབྱོར་མོད།སྐབས་དེར་ཁོ་བོ་ཉིན་བཅུ་གཉིས་ལྷག་གི་དམངས་དམག་ཟབ་སྦྱོང་ཞིག་ཏུ་ཞུགས་ཡོད་པས་དེབ་དེ་ཀློག་སྐལ་མ་བྱུང་།ཟླ་འདིའི་ཚེས22ཉིན་དངོས་སུ་བཀླགས་ཏེ་ཚེས23སྟེ། རྒྱལ་སྤྱིའི་དཔེ་ཀློག་ཉིན་མོར་དེབ་དེ་གཞི་ནས་བཀླགས་ཚར་སོང་། བདག་གིས་ཁོ་པའི་སྒྲུང་ཐུང་གཅིག་རེ་བལྟས་ཚར་རྗེས་སྐབས་ཐོག་གི་སེམས་ཚོར་ཅི་རིགས་ཐད་ཀར་ཡི་གེར་ཕབ་པ་ཡིན།དེབ་འདི་བཀླགས་པ་བརྒྱུད།གཟོད་ངས་རྩོམ་མཁན་ཁོ་རང་ཁམས་བྲག་མགོའི་རྩང་སྟོད་སྡེ་བ་ནས་ཡིན་པ་དང་།2014ལོར་སློབ་མཐར་ཕྱིན་པ། 2016ལོར་གཉེན་བསྒྲིགས་པ།ཁོ་རང་བྱིས་པ་གསུམ་གྱི་ཨ་ཕར་གྱུར་ཡོད་ཚུལ། ད་ལྟ། ལི་ཐང་དུ་དགེ་རྒན་གྱི་ལས་སུ་ཞུགས་ཡོད་པ་སོགས་གསལ་བོར་རྟོགས་སོང་། འདི་ལྟར། ངས་དཔེ་དེབ་འདི་བརྒྱུད་དེ་ཁོ་ལ་རྒྱུས་ལོན་རགས་ཙམ་བྱས་ཐུབ་སོང་བས། རང་དང་ན་མཉམ་པའི་ཁམས་ཕྱོགས་ཀྱི་རྩོམ་པ་པོར་འདི་ལ་སྔར་ལས་གློ་ཉེ་བོ་བྱུང་སོང་།

  དེ་སྔོན་སློབ་ཆེན་སྐབས་སུ།ཁོ་བོའི་ངོ་ཤེས་དང་གྲོགས་པོ་དག་གི་དག་གི་ཁྲོད་དུ།ང་རང་རྩོམ་རིག་ལ་དགའ། མི་ཚེ་གང་བོར་གསར་རྩོམ་བྱེད་ཅེས་འུར་སྒྲོག་མཁན་ཅུང་མང་མོད། ད་ལྟ། བརྒྱ་ཆའི་གོ་ལྔ་ནི་འཚོ་ཚིས་དང་འཁོར་བ་ཙམ་པོའི་དོན་དུ་བྲེལ་ཏེ་དཔེ་ཀློག་དང་གསར་རྩོམ་ལ་རྒྱང་བཀྱེད་འདུག ཁོ་ཚོས་དེ་སྔོན་ལབ་པའི་སྐད་ཆ་དེ་དག་ནི་ཁ་གཡང་ཙམ་དུ་ཟད་ཅིང་།ཨུ་ཚུགས་ཚ་བོས་ནང་སེམས་དང་རྒྱབ་འགལ་དུ་གྱུར་བའི་ལས་ཀ་རེ་ལ་བརྩོན་བཞིན་མཆི། དེ་བས། ཁོ་བོས་ནམ་ཞར་དུ་གསར་རྩོམ་ཞེས་པའི་“བྱ་གཞག”དེ་མི་ངང་རྒྱུད་རིང་བོ་ཅན་དང་། བརྩོན་པ་ཅན། བློ་རྩ་བརྟན་པོ་ཅན་དག་གིས་འཁྱོངས་པ་ལས། མི་ཨ་གསར་ཅན་དང་མགོ་བདེ་དྲན་འཕྲུལ་དག་གིས་མི་འཁྱོངས་པ་ཤེས་ཡོད། དེབ་འདིའི་རྩོམ་མཁན་ཡང་རྩོམ་རིག་རྩོམ་གྱི་ལས་ལ་ཞུགས་ནས་དུས་ཚོད་རིང་བོ་འགོར་ཡོད་པ་དང་། སྒེར་དེབ་ཀྱང་རེ་ཟུང་ཕུལ་མྱོང་བ་ལས་ཁོ་རང་མི་བརྩོན་འགྲུས་ཅན། བློ་རྩ་བརྟན་པོ་ཅན་ཞིག་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། དེ་ཡང་ཤེས་ཡོན་ཅན་ཁྲིན་ཏན་ཆིན(陈丹青)གྱིས“བརྩམས་ཆོས་པར་དུ་བཏབ་པ་དག་ན་གཞོན་རྩོམ་པ་པོར་རྩི་ཆོག བརྩམས་ཆོས་པར་དུ་མ་བཏབ་པ་ཚོར་ན་གཞོན་རྩོམ་དགའ་ལས་རྩོམ་པ་པོའི་མིང་གིས་འབོད་མི་རིགས”ཟེར་བས། ཆོས་དབྱིངས་རྒྱ་མཚོ་ལ་ན་གཞོན་རྩོམ་པ་པོ་ཞེས་བོས་ཀྱང་ཐལ་མི་ཆེ་བར་སྙམ།

  ཤེས་གསལ་ལྟར་ན། རྩོམ་མཁན་ཁོ་རང་གསར་རྩོམ་གྱི་ལས་ལ་ཞུགས་ནས་ལོ་ངོ་མང་པོ་འགོར་ཡོད་ཀྱང་། བརྩམས་སྒྲུང་གསར་རྩོམ་བྱས་ནས་མི་ལོ་ལྔ་ཙམ་མ་གཏོགས་འགོར་མི་འདུག དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་སྒྲུང་ཐུང་ཉེར་དགུའི་བདག་ཉིད་ཅན་གྱི<<སྒེའུ་ཁུང>>ཞེས་པའི་སྒྲུང་དེབ་ཅིག་མི་ཡུལ་ལ་མགྲོན་དུ་བཏང་བས། གསར་རྩོམ་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་འདུག་ཅེས་བརྗོད་ཀྱང་རུང་སྙམ།

  ཁོ་བོས་ཉིན་གཅིག་དང་ཕྱེད་ཀའི་དུས་ཚོད་སྤྱད་དེ་རྩོམ་མཁན་ཁོང་གི་དེབ་ཧྲིལ་བོར་བཀླགས་ཚར་རྗེས་བློ་གཟུ་བོའི་སྒོ་ནས་བཀླགས་ཚོར་རོབ་ཙམ་བཤད་ན་འདི་ལྟ་སྟེ།

  ཁོའི་བརྩམས་སྒྲུང་དག་གི་བརྗོད་བྱ་ནི་རྣམ་པ་སྣ་ཚོགས་ཡིན་དེ། གྲྭ་བ་དང་དཔོན་པོ། གར་མ། རྒྱ་བླ། སྨད་འཚོང་མ།རྩོམ་པ་པོ། སློབ་མ། ཡུགས་མོ།གཞུང་ཞབས་པ། སྨན་པ་སོགས་སྤྱི་ཚོགས་ཀྱི་ལས་རིགས་དང་ཐོབ་ཐང་། ན་ཚོད་མི་འདྲ་བའི་སྐྱེ་བོ་མང་པོའི་མི་ཚེའི་སྐྱིད་སྡུག་དང་ཐོབ་ཤོར། ལང་ཚོ་དང་རྨི་ལམ།བརྩེ་དུང་དང་འཚོལ་སྙེག ཁེར་རྐྱང་དང་གདུང་ཡུས། ཆོས་ཉིད་དང་འཆི་བ། མི་ཚེ་དང་གདམ་ཀ བརྩེ་བ་དང་དྲོད་ཁོལ། ནོངས་འགྱོད་དང་གོད་ཆག་སོགས་མངོན་པར་མཚོན་ཡོད།དེབ་ཧྲིལ་བོར་བལྟས་ཡོང་ན། བྱུང་རིམ་བསྡུས་ཆེ་བ་དང་རྩིང་པོ་ཅན་དུ་གྱུར་བ། ཁོར་ཡུག་དང་མི་སྣའི་ཕྱིའི་རྣམ་པ་འབུར་དུ་ཐོན་མེད་པ།མི་སྣ་མང་ཤོས་ལ་ཁྱད་ཆོས(个性)མེད་པ་སོགས་ཀྱི་ཆ་མང་པོ་མཐོང་ཡོང་།དཔེར་ན<<འཛུམ>>གྱི་ཚེ་རིང་ཀླད་ཞུ་དང་<<བློ་འགྱོད>>དུ་མི་སྣ་གྱོས་པོའི་ཕྱིའི་རྣམ་པ་ཅུང་ཟད་བྲིས་པ་ཡོད་པ་མ་གཏོགས།<<སྒུག>>གི་བསོད་ནམས་སྐྱིད་དང་ཕག་མོ་སྐྱིད།<<མཛུབ་དཀྲིས་ཀྱི་གསང་བ>>ཡི་ཕག་མོ་སྐྱིད།<<ཆུ་ཤོག>>གི་ནམ་མཁའ་རྡོ་རྗེ།<<ལོ་ངོ་མང་པོའི་རྗེས་སུ>>ཡི་ང། གསང་བའི་མགྲོན་པོའི་ནང་གི་ཁྱིམ་བདག་མ་དང་མགྲོན་པོ།<<མིག་ཆུ་རྡོག་པོ་གཅིག>>གི་ལྷ་མོ་སྐྱིད།དེ་མིན་ཁ་བརྡ་རྐྱང་བས་གྲུབ་པའི<<འཆི་བ>>ཡི་རྒད་པོ་དང་<<རྨི་ལམ་འཁྲུག་པ>>ཡི་རྒད་པོ་བསོད་སྐྱབས།<<བུ་ལོན>>གྱི་འཕགས་པ་སྐྱབས། <<ཟླ་འོད་འོག་གི་གཏམ་རྒྱུད>>ཀྱི་འཕགས་པ་སྐྱབས་བཟའ་ཟླ།<<མེ་ལོང་ཆག་རོ>>ཡི་རྟ་མགྲིན་སྐྱབས། <<ཕྱི་དྲོ་ཞིག་ལ>>ཡི་ཁྱོད།<<གད་སྙིགས>>ཀྱི་ང་སོགས་ཀྱི་མི་སྣའི་ཕྱིའི་རྣམ་པ་ཅུང་ཟད་ཀྱང་བྲིས་མེད་པ་དེ་སྒྲུང་ཐུང་གི་ཞན་ཆ་ཨེ་ཡིན་སྙམ།དེ་མིན།<<ཆང་དང་མཚན་མོ>>ལས་སྒྲོལ་མའི་ཕྱིའི་རྣམ་པ་འདི་ལྟར་བྲིས་ཡོད་དེ། “ཁོ་མོའི་ཞལ་ཁྱིམ་ནི་རྗེ་བཙུན་སྒྲོལ་མ་དང་། སྐྱེས་གཟུགས་ནི་ཚིགས་དྲུག་སྨྱུག་མ། མྱོས་བུམ་ནི་དུང་དཀར་ཆ་མ། དུང་སོ་ནི་མུ་ཏིག་བརྒྱུས་མ། འཛུམ་མདངས་ནི་འབྲི་མོའི་འོ་མ” ཞེས་པ་དང་<<སྒེའུ་ཁུང>>དུ།“ནམ་མཁའི་སྐར་རྗེན་ལྟ་བུའི་ཕྲ་ཆུང་གི་མིག་ཟུང་། དཀར་ལ་དམར་མདངས་ཆགས་པའི་མཁུར་ཚོས། རྒྱ་ལྕང་ལོ་མ་ལྟ་བུའི་སྐྲ་ལོ།"ལྟ་བུ་ནི་ལ་གཞས་དང་དམངས་ཁྲོད་གཏམ་རྒྱུད་ནང་གི་མི་སྣའི་སྣང་བརྙན་འབྲི་སྟངས་དང་ཆ་འདྲ་བས། དཔེར་མཚོན་རང་བཞིན(典型)ལྡན་པ་ཞིག་འཁྱོངས་མི་འདུག་སྙམ།

  “ ཁ་བྱང་ནི་བརྩམས་སྒྲུང་གི་མིག་དང་སྒེའུ་ཁུང་ཡིན"ཟེར་བ་ནང་བཞིན། ཁ་བྱང་ཡག་པོ་ཞིག་གིས་ཀློག་མཁན་གྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་སྲིད། ཆོས་དབྱིངས་རྒྱ་མཚོའི་ཁ་བྱང་ཕལ་ཆེ་བ་ནི་དེ་འདྲའི་བསླུ་བྲིད་ཀྱིས་ཕྱུག་པ་ཞིག་ཏུ་མི་འདུག དཔེར་ན།ཀྲུའུ་ཙི་ཆིན་གྱི་ལྷུག་རྩོམ<<རྒྱབ་གཟུགས>>དང་། འབྲོག་བུ་དཀོམ་བཀྲའི་གཞས་ཚིག<<ཕྱི་དྲོ་ཞིག་ལ>>ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང<<ཟླ་འོད་འོག་གི་ཟློས་གར>>ཚེ་དབང་རྣམ་རྒྱལ་གྱི་སྒྲུང་འབྲིང<<གད་སྙིགས>>གཡུ་ཆུང་གི་སྒྲུང་ཐུང<<ལེགས་སྐྱེས>>ལྟ་བུ་སྔོན་ཆད་གཞན་པས་སྤྱད་བཞིན་པའི་ཁ་བྱང་འདིའི་རིགས་བསྐྱར་དུ་བཀོལ་ན་ཀློག་མཁན་ལ་མཚར་སྣང་སློང་མི་ཐུབ་སྙམ།

  ཁོར་ཡུག་ཞིབ་འབྲི་ཡིས་མི་སྣའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་མངོན་པར་མཚོན་པར་རམ་འདེགས་ཀྱི་ནུས་པ་ཐོན་སྲིད།འོ་ན། དེབ་འདིར་འཁོད་པའི་སྒྲུང་ཐུང་དག་གི་ཁོར་ཡུག་ཞིབ་འབྲི་ཐད་ནས་རང་བྱུང་ཁོར་ཡུག་ཅུང་ཟད་བྲིས་པ་མ་གཏོགས་སྤྱི་ཚོགས་ཁོར་ཡུག་བྲིས་པ་ཤིན་ཏུ་ཉུང་། དེ་ཡང<<འཆི་བ>>ལྟ་བུར་མཚོན་ན། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཀ་བྲིས་མེད་པ་མ་ཟད། མི་སྣའི་ཕྱི་རྣམ་པ་དང་བྱ་བྱེད་ཀྱང་བྲིས་མེད་པར་ཁ་བརྡ་རྐྱང་བས་གྲུབ་པར་བྱས་ཡོད།ཁོར་ཡུག་གི་ཞིབ་འབྲི་ཡིས་མི་སྣའི་ནང་སེམས་ཀྱི་འགྱུར་ལྡོག་དང་གཏམ་རྒྱུད་ལ་གསོན་ཤུགས་སྩོལ་ཐུབ་པ་དང་།ཀློག་པ་པོས་བརྩམས་སྒྲུང་གང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་བརྗོད་སྙིང་རོལ་མྱོང་བྱ་བར་འདེགས་ཀྱི་ནུས་པ་ཐོན་སྲིད།

  དེབ་ཧྲིལ་བོའི་ལས་བརྩམས་ཆོས་ཡག་ཤོས་འགའ་དམིགས་སུ་བཀར་ནས་ཅུང་ཟད་གླེང་ན།

  <<མེ་ལོང་ཆག་རོ>>རུ་རྟ་མགྲིན་སྐྱབས་ཀྱི་བརྩེ་དུང་གི་གོད་ཆག་བརྗོད་ཡོད། སྒྲུང་གི་མཇུག་ཏུ་མེ་ལོང་ཆག་པོ་དེ་སྒེའུ་ཁུང་ཕྱི་ལ་འཕངས་ཏེ་གསེར་མོ་མཚོ་དང་མོའི་དགའ་རོགས་གཉིས་ཀྱི་མདུན་དུ་ལྷུང་སྟེ་ས་ལ་ཐོར་དེས་བརྩེ་དུང་ལ་གོས་ཆག་ཤོར་བ་མཚོན་པས་མཇུག་སྡུད་སྟངས་དེ་ཡག་སྣང་བྱུང་སོང་། བྱུང་རིམ་ཕྲ་མོ་དེས་སྒྲུང་ཧྲིལ་བོར་སྒྱུ་རྩལ་གྱི་ཉམས་ཐོན་པར་བྱས་འདུག་སྙམ་པ་དང་།སྒྲུང་དེ་བལྟས་ཚར་མ་ཐག་ཡིད་ལ་ཁེ་ཉིན་བལྟས་པའི་གློག་བརྙན<<སྟོན་ཁའི་བྱིས་སྒྲུང>>(秋天的童话)ཞེས་པ་དེ་དྲན་བྱུང་། སྒྲུང་ཐུང་འདི་དང་གློག་བརྙན་དེ་གཉིས་ལ་འདྲ་བའི་ཆ་མང་ཙམ་འདུག

  <<དངོས་གྲུབ>>ཞེས་པར་དངོས་གྲུབ་ཀྱིས་སྡོམ་པ་ཤོར་བའི་གཏམ་རྒྱུད་བརྗོད་ཡོད། ཡིན་ཡང་དངོས་གྲུབ་དང་མཚོ་མོ་གཉིས་ཀྱི་འབྲེལ་བ་དེ་བསྡུས་དྲགས་པའི་ཚོར་བ་ཞིག་སྟེར་ཡོང་།

  <<འདྲ་པར>>རུ་འདྲ་པར་སྟེང་གི་སྒྲོལ་མ་དང་དངོས་ཡོད་ཀྱི་སྒྲོལ་མ་གཉིས་ཀྱི་བྱད་གཟུགས་གཤིབ་སྡུར་བྱས་པ་བརྒྱུད་ཁོ་མོ་སྨད་འཚོང་གི་ལས་སུ་ཞུགས་པའི་སྐྱོ་གར་བྲིས་ཏེ་སྒྲོལ་མས་མཚོན་པའི་བོད་རིགས་གཞོན་ནུ་མ་དག་གི་ལང་ཚོའི་སྐྱོ་གར་རམ་སྤྱི་ཚོགས་ཀྱི་སྐྱོ་གར་ཞིག་ང་ཚོའི་མིག་ལམ་དུ(社会悲剧)བཀྲལ་ཡོད།

  <<ནད་ཡམས>>སུ་ནད་ཡམས་ཀྱི་མདུན་དུ་སྨན་པ་ཀྲང་གིས་བརྩེ་གཅིག་ཏུ་བྱ་བ་སྒྲུབ་པའི་གཞན་ཕན་དང་ལྷག་བསམ། སྙིང་སྟོབས་སོགས་ལ་ཡི་རངས་དང་བསྔགས་བརྗོད་བྱས་ཡོད། སྨན་པ་ཀྲང་མ་བུ་གཉིས་ཀྱི་བརྩེ་དུང་གིས་སྒྲུང་གི་ཁམས་ཇེ་ཡག་དུ་བཏང་འདུག་སྙམ་པ་དང་། ཤུགས་སུ“ནད་ཡམས་ལ་སྙིང་རྗེ་མེད་ཀྱང་། མི་སེམས་ལ་བརྩེ་བ་ཡོད"པ་མངོན་ཡོད།

  <<སྒེའུ་ཁུང>>ནི་ཚེ་དབང་རྣམ་རྒྱལ་གྱི་སྒྲུང་འབྲིང<<གྱང>>ལྟར་ན་གཞོན་ཞིག་གིས་སྟེས་དབང་གིས་འཕྲད་པའི་གཞོན་ནུ་མ་ཞིག་གི་འགྲོ་ཆག་ཉལ་འདུག་མིག་གིས་འཚོས་ཏེ་སྟོང་འདང་དང་ཚོད་བགམ་སྣ་ཚོགས་བྱས་པའི་གཏམ་རྒྱུད་ཅིག་ཡིན།ཡིན་ཡང་། མཇུག་སྡུད་སྟངས་དེ་ཅུང་ཟད་གློ་བུར་ཡིན་པའི་སྣང་བ་བྱིན་སོང་།

  <<སྙན་ངག་དེ་བྲིས་མེད་རྒྱུ་ན>>ཞེས་པར་སློབ་མ་རྩོམ་དགའ་ཞིག་གིས་སྙན་ངག་ཅིག་ལ་རྐྱེན་བྱས་ནས་རོགས་འགལ་བྱུང་བའི་གཏམ་རྒྱུད་བརྗོད་ཡོད། དེ་ནི་གཡུ་ཆུང་གི<<ང་ཡི་མིག་ལམ་དུ། ཁྱོད་ལ་འོད་ཟེར་འཕྲོ>>ཞེས་པའི་སྒྲུང་ཐུང་དེ་དང་འདྲ་བར། མཐོ་འབྲིང་སློབ་མའི་འཚོ་བ་མཚོན་པའི་སྒྲུང་ཐུང་ལེགས་གྲས་ཤིག་རེད་བསམས་སོང་།

  <<ཆང་དང་མཚན་མོ>>རུ་གར་མ་སྒྲོལ་མའི་ལང་ཚོ་སད་ཀྱིས་བཅོམ་པའི་སྐྱོ་གར་བརྗོད་ཡོད། སྒྲུང་འདིའི་ནང་གི་སྒྲོལ་མ་ནི་ལྷ་བྱམས་རྒྱལ་གྱི་<<ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན>>ཞེས་པའི་ནང་གི་དཔལ་ལྷ་དང་། <<ལམ་གྱི་ཉི་འོད>>ནང་གི་ལྷ་མཛེས་དང་འདྲ་བར་ལྷད་མ་འདྲེས་པའི་མི་གཤིས་དང་བརྩེ་བ་ལ་སྤྱི་ཚོགས་ཀྱིས་རྡུང་རྡེག་དང་རྨེག་མེད་བཟོ་བར་ཟུར་ཟ་དང་ཐེར་འདོན་བྱས་ཡོད།

  <<ལོ་ངོ་མང་པོ་ཞིག་གི་རྗེས་སུ>>ཞེས་པར་མ་ཐུག་ཡུན་རིང་འགོར་བའི་མཛའ་གྲོགས་གཉིས་སྟེས་དབང་གིས་ཐུག་འཕྲད་བྱུང་བའི་གཏམ་རྒྱུད་བརྗོད་ཡོད། སྒྲུང་འདི་ཀློག་དུས་གཡུ་ཆུང་གི་སྒྲུང་ཐུང<<ལས་བསྐོས>>ཞེས་པ་དང་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང<<ལོ་བཞི་བཅུའི་སྟེང་གི་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང>>ཞེས་པ་ཡིད་ལ་ཝ་ལེར་དྲན་བྱུང་། ཕྱིར་དྲན་གྱི་ལམ་ནས་མཚོན་པའི་གཏམ་རྒྱུད་འདིའི་རིགས་ཀྱིས་ཀློག་པ་པོའི་ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་སྲིད།

  <<ཟླ་འོད་འོག་གི་གཏམ་རྒྱུད>>དུ་ཁྱོ་ཤུག་གཉིས་ཀྱི་ནང་སེམས་ཀྱི་འགལ་འདུ་བྲིས་པ་བརྒྱུད་དཔེ་ཆ་བའི་གནས་སྟངས་སྐྱོ་བོ་དེ་མངོན་པར་མཚོན་ཡོད།

  <<བུ་ལོན>>དུ་འཕགས་པ་སྐྱབས་ཀྱིས་ཁོ་ཧྥེ་ཁང་གཉེར་ཏེ་ཚོང་བརྡིབས་པར་གྱུར་ཚུལ་བརྗོད་དེ་ལས་བྱེད་པ་དཀྱུས་མ་ཞིག་གི་འཚོ་གནས་ཀྱི་བརྡབ་གསིག་དང་ལས་དབང་མཚོན་ཡོད།

  <<ཕྱི་དྲོ་ཞིག་ལ>>དང<<ཆུ་ཤོག>>དང་<<བསྟན་འཛིན་ཉི་མ>>སོགས་ནི་བྱུང་རིམ་ཀྱག་ཀྱོག་དང་སྐད་ཆ་བསོར་མོ། རང་གཤིས་གསལ་བའི་མི་སྣ་སོགས་མེད་པས་བརྩམས་སྒྲུང་གི་ཁྱད་ཆོས་བོར་ཏེ་གཏམ་རྒྱུད་དུ་གྱུར་ཡོད་དམ་སྙམ།

  རྩོམ་མཁན་ཁོ་རང་གི་བརྩམས་སྒྲུང་གི་མཛུབ་སྟོན་དགེ་རྒན་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བཀྲ་བྷ་ལགས་ཡིན་པའི་ངོས་ནས། བཀྲ་བྷའི་བརྩམས་ཆོས་ཀྱི“ཁྲེ་ཙེ"ཁྱེར་ཡོང་སྟེ་འཇལ་ན། ཁོང་དགེ་སློབ་གཉིས་ཀྱི་བརྩམས་སྒྲུང་ལ་འདྲ་བའི་ཆ་ཤིན་ཏུ་མང་པོ་འདུག་སྙམ། དེ་བས་བཀྲ་བྷས་གསོ་སྐྱོང་བྱས་པའི་སློབ་མའི་ངོས་ནས་བཤད་ན། ཆོས་དབྱིངས་རྒྱ་མཚོ་ནི་གསོ་སྐྱོང་ལམ་ལྷོངས་བྱུང་བའི་རྩོམ་པ་པོ་ཞིག་ཏུ་བགྲང་ཆོག་ཆོག་རེད།

  ཁོ་བོས་དེབ་འདི་མ་བཀླགས་པའི་སྔོན་ལ། སེམས་སུ་ཆོས་དབྱིངས་རྒྱ་མཚོའི་བརྩམས་སྒྲུང་དུ་ཁམས་པའི་ཡུལ་གྱི་ཡུལ་སྐད་དང་ཕལ་སྐད་སོགས་ཡུལ་བྱེ་བྲག་གི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་དང་ཚིག་གི་མཛེས་པ་སོགས་ཡོད་ངེས་སྙམ་པའི་བློ་བཟོ་བྱས་མྱོང་། འོན་ཀྱང་དེབ་ཧྲིལ་བོ་བཀླགས་པའི་ཚེ་ན། གོ་དཀའ་བའི་མིང་དང་ཐ་སྙད་གཅིག་ཀྱང་མེད་པས་འདི་ནི་ཁམས་པའི་རྩོམ་པ་པོ་ཞིག་གིས་བྲིས་པ་ཨེ་ཡིན་སྙམ་པའི་དོགས་པ་སྐྱེས་འོང་། རྩོམ་མཁན་གྱི་གྲིམ་ལྷོད་རན་པའི་སྐད་ཆའི་རྗོད་པ་དང་སྟབས་བདེ་བའི་བྱུང་རིམ་བཀོད་སྒྲིག་གང་ཐད་ནས་བལྟས་ཀྱང་བཀྲ་བྷའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་ཞ་དང་ཞོར་ནས་ཤེས་ཡོང་། བརྩམས་སྒྲུང་ཚང་མར་མངོན་བརྗོད་དང་བརྡ་རྙིང་། ཡུལ་སྐད་དང་ལུང་སྐད་སྤྱད་མེད་པ། ཁ་མཚར་དང་ཟུར་ཟས་ཁེངས་པའི་སྐད་ཆ་མེད་པ།ཁུངས་མེད་དང་ཆ་འཇོག་མེད་པའི(荒诞)རྙོག་འཛིང་གི་བྱུང་རིམ་མེད་པ། བསྟན་བཤིག་ཚ་བའི་སྤྱོད་པ་མེད་པ། དངོས་ཡོད་སྤྱི་ཚོགས་དང་ཁ་གཏད་དུ་ལངས་པའི་བསམ་བློ་མེད་པ། རང་གཤིས་གསལ་བའི་མི་སྣ་མེད་པ་སོགས་ཀྱི་འཐུས་ཤོར་གྱི་ཆ་མང་པོ་མཐོང་ཡོང་།

  གོང་འཕྲོས་ཀྱི་གནད་དོན་འདི་དག་ནི་ཆོས་དབྱིངས་རྒྱ་མཚོ་ཁོ་ནར་ཡོད་པའི་གནད་དོན་ཞིག་ཀྱང་མིན་པར།འོ་ཅག་གི་རྩོམ་མཁན་ཐུན་མོང་ལ་ཡོད་པའི་གནད་དོན་ཞིག་ཀྱང་རེད་བསམ།

  སྙན་ངག་པ་ནེ་ཁྲེ(尼采)ཡིས“ངའི་རྗེས་སུ་མི་འབྲང་རོགས། ཁྱོད་ནི་ཁྱོད་ཉིད་དོ།།"ཟེར་བ་ནང་བཞིན། བརྩམས་སྒྲུང་མཁན་ཞིག་ལ་ཆ་མཚོན་ན། རྩོམ་རིག་དགེ་རྒན་ལ་བསྟེན་པ་ནི་གདམ་ཀ་ཡག་ཤོས་ཤིག་ཏུ་མི་འདོད་ལ། ཡན་གར་བའི་མཚོན་ཐབས་གསར་བ་ཞིག་བརྩོན་སྙེག་བྱ་རྒྱུ་དེ་འགངས་ཆེན་དུ་མཐོང་། ཁོ་བོས་འདི་ལྟར་འདོད་དེ། བརྩམས་སྒྲུང་ལ་མཚོན་ན་མྱོང་བ་དང་ཉམས་ལེན་གཉིས་ལས་ཉམས་ལེན་གཙོ།དེ་ཡང་འདིར་བརྗོད་པའི་ཉམས་ལེན་ནི་རྩོམ་པ་པོའི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་ལེན་ལ་གོ རྩོམ་པ་པོའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་མི་ཚེའི་བརྒྱུད་རིམ།ཉམས་ལེན་དང་མྱོང་བ་སོགས་ལས་ཆེས་གཙོ་བོ་ནི་ཉམས་ལེན་རེད་བསམ།ཉམས་ལེན་ནི་བརྩམས་ཆོས་ཀྱི་ཟབ་ཚད་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད། དེ་བས།ཆོས་དབྱིངས་རྒྱ་མཚོ་རྩོམ་པ་པོ་གྲགས་ཅན་དག་གི་གྲིབ་འོག་ཏུ་མི་སྡོད་པར། རང་སྟེང་ནས་བྱུང་བ་དང་རང་གི་ཉེ་འཁོར་ནས་བྱུང་བའི་མི་སེམས་སྒུལ་བའི་གཏམ་རྒྱུད་མཐའ་དག་མཚོན་ཐབས་སྣ་མང་གི་སྒོ་ནས་མཚོན་རྒྱུ་དང་སྒེར་གཤིས་ཅན་གྱི་མཚོན་ཐབས་ཤིག་ལ་འཚོལ་སྙེག་བྱ་རྒྱུ་དེ་གལ་ཆེན་དུ་མཐོང་།

  ད་ལྟའི་ཆར། རྩོམ་མཁན་ཁོ་རང་བརྩམས་སྒྲུང་རྐྱང་བར་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་ཏུ་ཆགས་ཡོད་པས། མ་འོངས་པའི་ལོ་ཟླའི་ནང་དུ་ཁོ་པས་བོད་ཀྱི་རྩོམ་སྟེགས་སུ་མི་སེམས་སྒུལ་བའི་བརྩམས་སྒྲུང་སྤུས་ལེགས་རེ་སྐྱེས་སུ་འདེགས་ངེས་པ་ཁོ་བོས་གདེང་དང་ལྡན་པའི་ངང་ནས་སྨྲ་བར་སྤོབས།

                                      2024ལོའི་ཟླ4པའི་ཚེས26ཉིན་བྲིས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒེའུ་ཁུང་ལས་མཐོང་བའི་ལྟད་མོ་དང་མྱོང་སྣང་།

2024-09-25 གངས་མུ་ཏིག(ཀན་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།