ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པའི་བུད་མེད་ཧན་ཅང་གི་བརྩམས་ཆོས《དཀར་ཟས་པ》བཀླགས་པའི་སུན་སྣང་།

འབའ་བ་ཀུན་ཁྱབ། 琼迈文学网 2024-11-08

                                 བུད་མེད་རྩོམ་པ་པོཧན་ཀང་། 한강 韩江 Han Kang

  ལྷོ་ཁོ་རེ་ཡའི་བུད་མེད་རྩོམ་པ་མོ་ཧན་ཀང་(韩江)ལགས་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་སོང་ཟེར། དེ་ནི་མི་ཞིག་གིས་ཁོ་བོའི་རྣ་བར་ལྷོད་ཀྱིས་བླུགས་པའི་གཏམ་ཞིག་མ་ཡིན་མོད། དྲ་ལམ་དུ་བསྒྲགས་ཚོད་ལྟར་ན་དེ་ལྟར་དུ་འདུག་ལ་ངས་ཀྱང་དེ་ལྟར་ཡིན་པ་མཐོང་བྱུང་།

  རེད། ཉིན་དེའི་ཞོགས་པར་མི་རྣམས་ཀྱིས་ཅི་ཞིག་བསྒྲགས་དགོས་པ་ལྟར་དྲ་ལམ་དུ་བུད་ནས་བུད་མེད་ཧན་ཅང་བསྒྲགས་བྱུང་ལ། མོའི་རྩོམ་རིག་དང་ནོ་བྷེལ་བྱ་དགའ་བསྒྲགས་བྱུང་། སྒྲོག་མཁན་དེ་དག་གི་དབུ་རྒྱན་དང་འཕྲིན་མིང་མི་འདྲ་བ་ཙམ་ལས་བསྒྲག་བྱ་གཅིག་པ་རེད་ལ། སྒྲོག་ཚུལ་ཡང་གཅིག་པ་རེད། དེ་ནི་སྤོ་ལོ་རྩེ་བ་དང་འདྲ་སྟེ། ཁོ་ཚོ་ཚང་མ་སྤོ་ལོ་གཅིག་རྩེད་བཞིན་འདུག

  དོན་དག་འདི་ལས་«སྔོན་ཆད་ཅིག་ལ་ཁོ་བོའི་འཁོར་ཡུག་ཅིག་ནས་མི་ཞིག་གིས་ལྒང་རྒྱག་པ་གཞན་ཞིག་འཕྲིན་ཕྲན་བར་སྟོང་དུ་བཤམས་ནས་ཁོ་བྷེ་科比ཤི་སོང་བ་ལ་མྱ་ངན་ཞུས་པ»འི་དགོད་གཏམ་གྱི་བྱུང་བ་གསར་དུ་འབྱུང་གིན་པ་དང་འདྲ་སྟེ། དེ་དག་ཐམས་ཅད་ཀྱིས་བྱ་བ་དེ་དང་དེའི་རྒྱབ་ལྗོངས་ལ་དོ་སྣང་ཅུང་ཙམ་རེ་བྱེད་དགོས་པའང་དྲན་གྱི་མེད་པ་འདྲ། ཡིན་ཡང་། དེ་དག་ནི་མི་རང་རང་གི་རང་དབང་དང་འདོད་མོས་ཤིག་ཡིན་པས་སུས་སུ་ཞིག་ལ་སྡང་ཚུགས་སྟོན་ཞིང་ངན་དམོད་བྱེད།

  1

  ང་ལ་མཚོན་ན་མཚན་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནི་དགོང་ཟས་རོལ་རྗེས་ཀྱི་དུས་ཚོད་ཅིག་ཡིན་ལ། ངེས་གཏད་དེ་ཙམ་མེད་ཀྱང་ཕལ་ཆེར་དཔེ་ཀློག་གི་དུས་སྐབས་ཤིག་ཀྱང་ཡིན་སྲིད། ངས་གློ་བུར་དུ་ཧན་ཀང་ལགས་ཀྱི་བརྩམས་ཆོས་རེ་ཀློག་བསམ་བྱུང་ལ། དེ་ལས་ཀྱང་མོའི་བརྩམས་ཆོས་དཀར་ཟས་པ་ཀློག་འདོད་ཀྱི་ཟ་འཕྲུག་དྲག་ཏུ་ལངས། དེ་ནས་རང་གི་དེབ་སྒམ་ལས་དེ་སྔོན་ཕབ་ལེན་བྱས་ཟིན་ཡོད་པའི་དཀར་ཟས་པ་ཀློག་མགོ་བརྩམས་པ་ཡིན།

  བརྩམས་ཆོས་དེའི་ཐོག་མར་མདུན་ངོས་མཐོང་ཡོང་ལ་མདུན་ངོས་སུ་བྲིས་པའི་བརྩམས་ཆོས་ཀྱི་མིང་དང་རྩོམ་པ་མོའི་མཚན། ད་དུང་བརྩམས་ཆོས་ཀྱི་ཁྱད་བརྗོད་འགའ་རེ་མཐོང་ཡོང་། དེ་ལས་ཀྱང་མངོན་གསལ་དོད་པའི་སྒོ་ནས་མཐོང་ཡོང་བ་ནི་མིག་ལ་ཐོགས་སླ་བའི་ལྗོན་ཤིང་དེ་དང་ལྗོན་ཤིང་དེའི་འགྲམ་གྱི་སྐྱ་ལ་སྐེམ་པའི་བུད་མེད་དེ་ཡིན་ངེས་ཏེ། ཁོ་བོ་ལ་ནི་དེ་ལྟར་རོ།།

  མ་རེད། ཆེས་གཙོ་བོ་ནི་“ཁྱོས་ཁྱོད་ཀྱི་ཚུགས་ཀར་ལྟོས་དང་། ཁྱོད་ཀྱིས་ད་ལྟ་ཤ་མི་བཟའ་ན། འཇིག་རྟེན་སྟེང་གི་མི་རྣམས་ཀྱིས་ཁྱོད་བཟའ་བ་རེད”ཅེས་པ་དང་།

  “ཁྱོ་ག་དང་ཁྱིམ་མི། སྤྱི་ཚོགས་དང་མི་ཚོགས་ཀྱི་གདུག་སྤྱོད་ལ་གཡོལ་ཆེད། མོས་ལྗོན་ཤིང་ཞིག་ཏུ་འགྱུར་རྒྱུར་ཐག་བཅད།”ཅེས་པ་དང་།

  “མོ་གསོན་མི་འདོད་པ་མ་རེད། ང་ཚོ་དང་འདྲ་བར་གསོན་མི་འདོད་པ་ཙམ་རེད།”

  ཅེས་པ་ནི་བརྩམས་ཆོས་འདིའི་གཞི་སྙིང་དང་ཆེས་བློ་ཡིད་འགུགས་པའི་ཚིག་འབྲུ་དེ་ཉིད་རེད་ལ། དེ་ལས་ལྷག་ཅིག་བརྩམས་ཆོས་འདི་ལས་མི་རྙེད་དེ། དེ་ལས་ཟབ་ཅིག་ཀྱང་བརྩམས་ཆོས་འདི་ན་མི་སྣང་བ་འདྲ།

  2

  དཀར་ཟས་པ་ཞེས་པའི་གཏམ་རྒྱུད་འདི་素食者,胎记,树火,ཞེས་པའི་ཚན་པ་གསུམ་གྱིས་གྲུབ་པའི་གཏམ་རྒྱུད་ཅིག་རེད་ལ། དེ་ཡང་ཅིན་ཡུན་ཧན་ཞེས་པའི་སྐྱེས་མ་ཞིག་གི་མི་ཚེའི་གཏམ་རྒྱུད་ཅིག་རེད། སྐྱེས་མ་དེ་ནི་སྐྱེས་མ་སྤྱིར་བཏང་བ་ཞིག་སྟེ། གཟུགས་གཞི་མི་མཐོ་ལ་མི་དམའ་ཞིང་། སྐྲ་ལོ་མི་རིང་ལ་མི་ཐུང་བ། འཕྱོར་སྒེག་མེད་མོད་གཟུགས་སྐྱོན་ཅི་ཡང་མི་རྙེད་པའི་སྐྱེས་མ་ཞིག་སྟེ་ཕལ་ཆེར་རྩོམ་པ་མོ་ཧན་ཅིང་ཡིད་དུ་དྲན་པས་ཆོག་པ་འདྲ་ཞུ།

  དུམ་ཚན་དང་པོ་«དཀར་ཟས་པ»དེ་ནི་སྤྱི་མིང་བྱེ་བྲག་ཏུ་བཏགས་པའི་ཚན་པ་སྟེ། དཀར་ཟས་པ་ཞེས་པའི་ཚན་པ་དེ་རེད། དེའི་ནང་དུ་སྐྱེས་མ་ཡུན་ཧོས་ནས་དམར་ཟས་བཅད་པའི་གདམ་ཀའི་ཁྲོད་མོ་དང་མོའི་ཁྱོ་ག མོའི་ཕ་མ་དང་ཁྱིམ་མི་གཞན་དག་དབར་ཀྱི་འགལ་འདུ་དང་ཐེ་གཏོགས་བརྗོད་ཡོད།

  གཏམ་རྒྱུད་འདིའི་རྗོད་བྱེད་ཀྱི་འབྲི་ཐབས་དང་ཐ་སྙད་བཀོད་ཐབས་དག་ནི་དཔེ་མེད་རེད་ལ། མ་ཟད་རྩོམ་པ་མོ་རང་གིས་གང་ཞིག་བརྗོད་འདོད་པར་ཆེད་དུ་བཀོད་པའི་ཐ་སྙད་མཐའ་དག་ཀྱང་བརྗོད་བྱ་དེ་དང་རོ་སྙོམས་སུ་སོང་ནས། ཀློག་པ་པོ་ལ་ཐད་ཀར་གྱི་མྱོང་བ་སྟེར་ཐུབ་པ་ནི་བསྙོན་མེད་དུ་འདུག་ལ། དེ་ནི་བྱ་དགའ་མང་དུ་ཐོབ་པའི་རྩོམ་མཁན་ཞིག་གི་ཁྱད་ཆོས་ལོས་ཡིན་སྙམ་པ་ལས་གཞན་ཅི།

  ཡིན་ཡང་བརྗོད་བྱའི་ཆ་ནས་མི་གོ་བ་ཤིན་ཏུ་མང་ལ། བློ་མི་བདེ་བའང་ཤིན་ཏུ་མང་། སྤྱིར་བཏང་བརྗོད་བྱ་འདི་ལྟ་བུ་ཞིག་བདམས་པ་ནི་གཏམ་རྒྱུད་ནང་གི་སྐྱེས་མ་དེའི་གདམ་ཀ་བཞིན། རྩོམ་པ་མོའི་རང་དབང་ལྟ་བུ་ཡིན་མོད། གཏམ་རྒྱུད་ནང་གི་གདམ་ཀ་དེའི་རྒྱབ་ལྗོངས་ཀྱི་བསམ་གཞིགས་དང་གཏན་ཚིགས་དག་ནི་ཕྲ་ལ་ལྐོག་ཏུ་གྱུར་བ་ལྟར། མོས་བརྗོད་བྱ་འདི་ལྟ་བུ་ཞིག་བདམས་པའང་བློ་ལ་འཁོར་དཀའ་བ་ཞིག་རེད། ཁོ་བོའི་བློ་ལ་མི་འཁོར་བས་ཅི་ཡང་མི་སྐྱོན་མོད་དེ་དག་ནི་བརྗོད་དགོས་པ་མ་བརྗོད་ཅིང་མི་དགོས་པ་བརྗོད་པ་ལྟ་བུའི་སྐྱོན་དང་། སྟོན་དགོས་པ་མ་བསྟན་ཞིང་མི་དགོས་པ་བསྟན་པའི་སྐྱོན། ད་དུང་བསྟུན་དགོས་པར་མ་བསྟུན་ཞིང་མི་དགོས་པར་བསྟུན་པའི་སྐྱོན་ལྟ་བུ་འཐུས་ཤོར་དང་རྒྱ་ཡན་པ་མང་དུ་མཐོང་བས་དེ་ལྟར་བཤད་པ་ཡིན།

  རེད། མི་མང་པོ་ཞིག་གིས་མོའི་གདམ་ཀ་དེ་དང་ཁྱོ་གའི་བློས་བཏང་དང་ཁྱིམ་མིའི་རྡུང་སྡིགས་དག་ལས་མོའི་གདམ་ཀ་དེ་འགྲིག་ཡོད་པ་དང་། གཞན་དག་ནོར་འཁྲུལ་ཞིག་ཏུ་སེམས་པ་དང་། ཡང་ན་མོའི་གདམ་ཀ་དེ་ནི་མོ་རང་གི་རང་དབང་གི་གདམ་ཀ་ཞིག་ཡིན་པས་དེ་ལ་སུས་ཀྱང་ཐེ་གཏོགས་བྱས་མི་ཆོག་ཅེས་སྨྲ་སྲིད་མོད།

  ཁོ་བོ་ནི་རྦད་དེ་དེ་ལས་ལྡོག་ཕྱོགས་སུ་འདུག གཞན་ལྟ་ཅི་གཉེན་ཉེའི་སྤྱི་ཚོགས་དང་ཁྱིམ་མིའི་སྤྱི་ཚོགས་ལྟ་བུ་སྤྱི་ཚོགས་ཆུང་ཆུང་ཞིག་གྲུབ་ཟིན་པ་ནས་བཟུང་། འཚོ་བ་དེ་ལའང་སྤྱི་ཚོགས་ཤིག་གི་འཚོ་བའི་ཆ་ཤས་གྲུབ་ཟིན་པས། རང་འབའ་ཞིག་གི་འོས་འཐད་དང་ཨུ་ཚུགས་ཀྱི་ལས་ཀ་དེ་ནོར་འཁྲུལ་གྱི་ལས་ཀ་ཞིག་དང་སྒེར་གཅོད་ཀྱི་ལས་ཀ་ཞིག་ཅི་ལ་མ་ཡིན། དེ་ལྟར་གཏམ་རྒྱུད་ནང་གི་སྐྱེས་མ་དེས་དཀར་ཟས་གདམ་པའང་དེ་ཡང་སྤྱི་ཚོགས་ནང་གི་སྒེར་གཅོད་ཀྱི་གདམ་ཀ་ཞིག་རེད་ལ། དཀར་ཟས་བདམས་རྗེས་ཀྱི་ཀུན་སྤྱོད་དག་ཀྱང་ཐལ་དྲག་ཅིང་ཀུན་སྤྱོད་མེད་པའི་ཀུན་སྤྱོད་ཅིག་ཏུ་མཐོང་།

  ལོས་ཡིན། སུས་ཀྱང་རང་དབང་གི་མགྲིན་ཚབ་བྱས་ཆོག་ལ། ཐོབ་ཐང་གི་མགྲིན་ཚབ་ཀྱང་བྱས་ཆོག་མོད། དེ་ཉིད་ནི་བསམ་གཞིགས་དང་དཀྱེལ་ཡངས་ཀྱི་སྙིང་ཁམས་ནས་རྩ་བ་འབུས་ཏེ་སྤྱོད་ལེགས་དང་འོས་འཚམས་ཀྱི་མགྲིན་པ་ནས་རྩེ་མོ་སྨིན་དགོས་པ་ལས། རྒྱ་ཡན་གྱི་ཀུན་སྤྱོད་ཅིག་གིས་ག་ལ་འཐུས།

  གལ་ཏེ་གཏམ་རྒྱུད་འདིས་བུད་མེད་ཀྱི་རང་དབང་གཙོ་བོར་བཟུང་ཡོད་ན་ཀློག་པ་པོ་རྣམས་ཀྱིས་བུད་མེད་དེ་སྨྱོན་མ་ཞིག་ཏུ་མཐོང་ཡོང་ངེས།

  དེ་ཡང་ལོས་ཡིན་ཏེ། མོ་དང་ཤིན་ཏུ་རྒྱུས་ཡོད་པའི་མོའི་ཁྱོ་གས་ཀྱང་རྒྱུན་དུ་མོ་ལ་"ཁྱོད་སྨྱོས་སོང་ངམ”ཟེར་བ་མིན་ནམ། རེད། དངོས་གནས་མོ་རང་སྨྱོས་འདུག གཏམ་རྒྱུད་ཀྱི་མགོ་བཟུང་པ་ནས་བཟུང་བརྗོད་དོན་སྐྱེས་མ་དེ་ཤེས་པ་རང་བཞིན་དུ་མི་གནས་པ་ཞིག་ཡིན་པའི་ཚོར་སྣང་སྟེར་ལ། འཇིགས་རུང་གི་རྨི་ལམ་རྨིས་པ་ནས་བཟུང་སྨྱོན་པ་རང་དུ་གྱུར་ཚར་བའི་འདུ་ཤེས་སྟེར། དེས་ན་མོ་རང་སྤྱི་ཚོགས་ཀྱི་མནར་གཅོད་ཀྱིས་སྨྱོས་པ་དང་། རང་དབང་གི་ཕྱིར་དུ་འཆི་བའི་བརྗོད་ཉམས་ཤིག་རྦད་དེ་མི་འདུག་པར། སྨྱོན་པ་ཞིག་གིས་འོས་མིན་གྱི་བྱ་བ་ཞིག་སྒྲུབ་དགོས་ཀྱི་ཨུ་ཚུགས་ནན་གྱིས་བྱས་པ་ལ་བཀག་འགོག་དང་སློབ་གསོ་ཐེབས་པར་ཤིན་ཏུ་ཁྲོས་ཏེ་བྱ་ངན་བྱས་པ་ཞིག་མཐོང་ཡོང་དེ་གཅིག་རེད།

  གཉིས་ནས། མོས་ཤ་མི་ཟ་བའི་གདམ་ཀ་བྱས་ཆོག་མོད། གདམ་ཀ་དེས་ཁྱོ་ཀ་ཚུན་ཆད་ལ་ཁྲག་དྲི་བྲོ་བ་དང་དམར་དྲི་འཐུལ་པ་སོགས་ཀྱི་གཤེ་ཚིག་བརྗོད་པ་ནི། མོ་དང་ཚེ་གཅིག་ལ་མཉམ་གནས་བྱེད་པའི་དམ་འཆའ་ཡོད་པའི་ཁྱོ་ག་ལ་བཙན་ཐབས་ཀྱིས་སྒེར་གཅོད་བྱས་པ་མིན་ནམ། དེ་ནི་མོ་རང་གི་པ་ལགས་ནས་བཙན་གྱིས་མོ་ལ་ཤ་བཟའ་རུ་བཅུག་པ་དང་ཁྱད་པར་ཅི་ཞིག་ཡོད་དམ། དེ་ལྟ་ན་མོས་བྱ་སྤྱོད་དེའང་སྒེར་གཅོད་དུ་སོང་བའི་བྱ་སྤྱོད་ཅིག་མ་ཡིན་ནམ།

  གསུམ་ནས། མོས་འདུ་ཚོགས་དང་འདུ་ཚོགས་ཡིན་མིན་གྱི་དབྱེ་བསལ་མེད་པར་འོ་འཛིན་སྟོན་པ་དེས་མོས་ཡང་སྙིང་ཅི་ཞིག་བརྗོད་འདོད་དམ།

  དེ་མཐའ་དག་ནི་རང་ཉིད་འབའ་ཞིག་གི་སྒེར་སེམས་འོག་གི་ཀུན་སྤྱོད་འབའ་ཞིག་ལས་ཅི་ཞིག་མཚོན་ཐུབ་བམ། རེད། མོས་ཀྱང“འདི་ལྟར་བདེ་ཀི” ཞེས་པ་ལས་རྒྱུ་མཚན་ཅི་ཞིག་ཡོད། དེ་ལྟ་ན་མོའི་བྱ་སྤྱོད་དེ་དག་གི་རྒྱབ་ལྗོངས་ཀྱི་བསམ་གཞིགས་དང་གཏན་ཚིགས་དག་ནི་ཇི་འདྲའི་དགོད་བྲོ་བ་ཞིག་མ་རེད་དམ།

  བཞི་ནས། ཤ་མ་ཟོས་པའི་དུས་ཚོད་ཁྲོད་ཐབས་སྡུག་གི་འཚོ་ཆས་ཙམ་བསྟེན་པ་དང་གཉིད་མི་བྲོ་བར་གནས་པ་དེས་ཅི་ཞིག་མཚོན་ཡོང་སྟེ། དེས་ནི་རང་ཉིད་ལའང་འགན་མི་འཁུར་ལ་ཚེ་སྲོག་ལའང་གཙིགས་སུ་མི་བཀུར་བའི་ཀུན་སྤྱོད་ཅིག་བསྟན་མི་ཡོང་ངམ། དེ་ལྟ་ན་ཆེས་རྩ་བའི་འགན་འཁྲི་དེ་ཡང་མི་སྲུང་བའི་མི་ཞིག་གིས་ཅི་ཞིག་ལ་བརྟེན་ནས་རང་དབང་གི་མགྲིན་པ་འཇོག

  ལྔ་ནས། ཁྱིམ་མིའི་རྙོག་འཛིང་གི་འབྲེལ་བ་དེ་ཅི་ཞིག་གི་མཚོན་དོན་དུ་དེ་ལྟར་བརྗོད་དགོས་སོང་བ་ཡིན་ནམ། གཏམ་རྒྱུད་དང་པོ་ལས་གཉིས་པའི་མི་སྣའི་འབྲེལ་བ་ཇེ་གཙོག་ཏུ་འགྲོ་བ་འདི་ལ་རྒྱབ་ལྗོངས་ཀྱི་སྐད་ཆ་ཞིག་ངེས་པར་དུ་ཡོད་དགོས་པ་འདྲའོ། །

  3

  གཏམ་རྒྱུད་གཉིས་པ་ནི་སྨེ་རྟགས་ཟེར་བ་འདི་རེད་ལ། འདི་ལས་སྐྱེས་མ་ཡུན་ཧོས་དང་མོའི་ཨ་ཅེའི་སྐྱེས་པ་གཉིས་ཀྱི་གཏམ་རྒྱུད་གཙོ་བོར་བཟུང་སྟེ་རྙོག་འཛིང་ཞིག་བརྗོད་ཡོད།

  དེ་ཡང་སྣུམ་ཚོན་རི་མོ་བ་སྟེ་མོའི་ཨ་ཅེའི་སྐྱེས་པ་དེ་ནི་མོ་ལ་ཆགས་སེམས་འགོག་མེད་དུ་འཆང་བའི་སྐྱེས་པ་འཇིགས་སུ་རུང་བ་ཞིག་རེད། མ་མཐའ་ཡང་ཁོ་བོའི་བསམ་ཚུལ་ལྟར་ན་དེ་ལྟར་རེད། ཁོས་སྐྱེས་མ་ཡུན་ཧོས་ལ་ཆགས་སེམས་དང་སྒེར་སེམས་ཀྱིས་ཅི་ལའང་ལྟོས་པ་མེད་པར་ཆེས་མཇུག་མཐའི་རེ་བ་ལེགས་འགྲུབ་བྱས་པ་བསྟན་ཡོད་ལ། ཚན་པ་འདིའི་སྐབས་སུ་ཡུན་ཧོས་ཀྱིས་ད་དུང་ཨུ་ཚུགས་ཀྱིས་དཀར་ཟས་བསྟེན་གྱིན་ཡོད་པ་ལས་ཚན་པ་འདི་དཀར་ཟས་དང་འབྲེལ་བ་ཅི་ཡང་མི་འདུག དེས་ན་བར་འདིར་ཚན་པ་འདི་ཅིས་ཀྱང་བརྗོད་དགོས་དོན་ཁོ་བོའི་གཞི་ནས་གོ་མ་སོང་དེ་གཅིག་རེད།

  གཉིས་ནས། ཨ་ཅེའི་སྐྱེས་པས་ཤིན་ཏུ་དོག་མི་བདེ་བའི་ཉམས་ཀྱིས་ཅིའི་ཕྱིར་མོ་ལ་སྒྲེན་མོར་བསྡད་ནས་པར་བསྐྱོན་དགོས་ཀྱི་རེ་བ་རྒྱག་ཐུབ་སོང་ལ་མོས་ཀྱང་དེ་མ་ཐག་དང་ལེན་བྱས་སོང་བ་རེད། དེ་ནི་མ་གཞི་ནས་སྐྱེས་པ་དེས་མོ་ལ་རེ་བ་དེ་འགྲོ་བ་ཤེས་ཡོད་ལ་མོ་ཡང་རང་རྩིས་བོར་ཞིང་རེ་ཐག་ཆད་པའི་སྨྱོན་མ་ཞིག་ཡིན་པས་ཅི་ལ་མིན། ཡང་ན་མོ་དང་ཨ་ཅེའི་སྐྱེས་པ་གཉིས་ཀ་སྨྱོས་ཡོད་ངེས་ཏེ། གཏམ་རྒྱུད་འདིའི་མཇུག་ཏུ་མོའི་ཨ་ཅེ་ནས་མྱུར་སྐྱོབ་རླངས་འཁོར་བོས་ཏེ“ཁྱེད་གཉིས་ཀ་ལ་སྨན་བཅོས་བྱེད་དགོས་ཀི”ཞེས་པ་དེ་དངོས་གནས་བདེན་པར་འདུག

  གསུམ་ནས། མོས་ཚད་བརྒལ་གྱི་རེ་བ་དེ་དག་མཇུག་མཐའི་རེ་བ་དང་ལྷན་དུ་ཅིའི་ཕྱིར་ཁས་ལེན་དགོས་པ་རེད། དེ་ནི་ཆགས་སེམས་ཀྱིས་ཁས་བླངས་པ་རེད་དམ། གནོད་སེམས་ཀྱིས་ཁས་བླངས་པ་རེད། ཐ་ན་མོ་དང་ལྷན་དུ་གཟུགས་རིས་དངོས་བྲིས་བྱེད་པའི་ན་གཞོན་དེས་ཀྱང་དང་དུ་ལེན་དཀའ་བའི་རེ་བ་དེ་དག་སྐད་ཆ་ཚིག་གཅིག་གིས་ཁས་བླངས་འགྲོ་བ་འདི་ཁྱད་མཚར་དགོས་པ་ཞིག་མ་རེད་དམ། འདི་བུད་མེད་ཀྱི་ཐོབ་ཐང་ལ་མགྲིན་པ་འདེགས་པའི་རྣམ་འགྱུར་ཞིག་རེད་དམ། ལངས་ཕྱོགས་ཤིག་རེད་དམ། འདིས་ཀྱང་མོ་ནི་མ་གཞི་ནས་ཨ་ཅེ་དང་གཉེན་ཉེ་ལ་བསམ་བློ་གཏོང་དགོས་ཀྱི་གཞན་བསྟུན་ལངས་ཕྱོགས་ཅི་ཡང་མེད་པ་ཞིག་ཡིན་པ་མི་སྟོན་ནམ། རེད། འདི་ནི་སྨྱོན་མ་ནས་བཟའ་འདྲེར་གྱུར་བའི་སྐབས་ཤིག་ཀྱང་རེད།

  4

  ཁོ་བོས་བལྟས་ཏེ་མཚམས་འདིར་ཐོན་དུས་ལྟ་འདོད་ཡེ་ནས་ལོག་སོང་ལ་ཐ་ན་བརྩམས་ཆོས་འདིའི་མིང་ལ་དཀར་ཟས་པ་ཟེར་བའང་བརྗེད་ཚར་འདུག དེ་ནས་པད་སྒྲོན་སྐྱོ་གླུ་ཞེས་པའི་གྱེར་འདོན་ལ་ཉན་གྱིན་རྨང་ལམ་དུ་ཆས་པ་ཡིན།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པའི་བུད་མེད་ཧན་ཅང་གི་བརྩམས་ཆོས《དཀར་ཟས་པ》བཀླགས་པའི་སུན་སྣང་།

2024-11-08 འབའ་བ་ཀུན་ཁྱབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།