2024 ལོའི་དཔེ་ཀློག་ཟིན་བྲིས།
1 《སྦས་ཡུལ།》ཤོག་ངོས 330 བྱོན། གཡུ་རྔོག་ཚེ་བཀྲས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས] འདི་ནི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན། བསྡོམས་པས་སྒྲུང་ཐུང་ཁག་བཅོ་ལྔས་གྲུབ་འདུག འདིའི་ནང་གི་སྒྲུང་ཐུང་《ཕྱོགས་ཆ་མེད་པའི་འཇིག་རྟེན》ཞེས་པར་རྒྱལ་ཡོངས་སྒྲུང་ཐུང་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཤིག་ཡིན། སྤྱིར་གཡུ་རྔོག་ཚེ་བཀྲ་འམ་གཡུ་ཆུང་གི་བརྩམས་ཆོས་དག་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། དེ་ནི་གཅིག་ནས་སྤྱི་ཚོགས་འཚོ་བར་ཟབ་ཞུགས་བྱས་པའི་དངོས་ཡོད་འཚོ་བ་མཚོན་སྟངས་དང་། གཉིས་ནི་རིག་གཞུང་གི་རྒྱབ་རྟེན་དུ་གྱུར་བའི་དངོས་ཡོད་ཀྱི་བདེན་པ་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཉམ་སྤྱོད་བྱས་ཡོད་པ་དེ་རེད་སྙམ། བརྗོད་བྱའི་ཁྱབ་ཁོངས་དང་རྗོད་བྱེད་ཚིག་གི་སྡེབ་སྦྱོར། སྒྱུ་རྩལ་མཚོན་སྟངས། མཛེས་དཔྱོད་ཀྱི་སྣང་བརྙན་སོགས་ལ་རང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་ཁྱད་པར་བ་ཞིག་གྲུབ་འདུག་སྙམ། དེ་བས། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས“སྒྲུང་ལ་བཞུར་སྒྲུང་བཙིར་སྒྲུང་གཉིས་ཡོད་པ་ལས་འདི་ནི་བཞུར་སྒྲུང་འཁྲུལ་མེད་རེད། དེབ་འདི་བཀླགས་རྗེས་ཁྱོད་ལའང་བརྩམས་སྒྲུང་འབྲི་འདོད་སྐྱེ་སྲིད”ཞེས་གསུངས་པ་ལྟར། སྒྲུང་ཐུང་འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། སྒྲུང་གཏམ་གང་ཞིག་ཡིན་ཡང་སྨྱུག་ཁ་བསྐོར་ཐེངས་གཅིག་གིས་ལེགས་འགྲུབ་བྱུང་བ་རེད་ཨང་སྙམ་པའི་ཀུན་རྟོག་དེ་རེད།
2 《ང་རང་བྱིས་པ་ཡིན་དུས།》ཤོག་ངོས 389 བྱོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས།] འདི་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའི་ནང་ཚུད་པའི་བརྩམས་ཆོས་ཕྱོགས་ཤིག་རེད། དེབ་འདིའི་ནང་དུ་ལོ་རེར་ཐེངས་རེ་སྟེ་བསྡོམས་པས་སྐབས་ལྔར་སྤེལ་བའི་བྱ་དགའ་ཐོབ་པའི་བརྩམས་ཆོས 30 བསྡུས་འདུག བརྩམས་ཆོས་འདི་དག་ལ་རྩོམ་པ་རང་རང་གི་ཐུན་མ་ཡིན་པའི་ཁྱད་དེ་བློས་བསླངས་བྱེད་སྟངས་དང་། སྒྱུ་རྩལ་འགོད་སྟངས། མཛེས་དཔྱོད་ཀྱི་ལྟ་བ་སོགས་མི་འདྲ་ལ། བརྩམས་ཆོས་རེ་རེའི་བརྗོད་བྱ་དང་མཚོན་ཐབས་ཀྱང་མི་འདྲ་བ་རེད། སྤྱིའི་ཆ་ནས་གོ་བདེ་ཞིང་བབས་ཆགས་ལ། ནང་དོན་ཕུན་སུམ་ཚོགས་པས་བོད་ཀྱི་རྩོམ་རིག་གི་ཞིང་ས་རུ་སླར་ཡང་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཅིག་དྲི་ཞིམ་དང་བཅས་ལྷང་ངེར་བཞད་པ་རེད།
3 《ཨ་ཕ་སྐོར་ལོག ཞི་ལུ་གཅུ་ལོག》ཤོག་ངོས 128 བྱོན། བདེ་མཆོག་སྐྱབས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས།] འདི་ནི་གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་བསྒྲིགས་པའི་གངས་ལྗོངས་ན་ཆུང་ཤེས་བྱའི་དཔེ་མཛོད་ཁག་བཞི་བའི་ཁྲོད་ཀྱི་བྱིས་པའི་ལྟ་ཀློག་དཔེ་དེབ་ཅིག་ཡིན། དཔེ་དེབ་འདིའི་ནང་དུ་ཨ་ཕ་སྐོར་ལོག་དང་། ཞི་ལུ་གཅུ་ལོག་གཉིས་མི་སྣ་གཙོ་བོར་བཟུང་སྟེ། བྱིས་པའི་ཁམས་དང་མོས་པ་ལྟར་གཏམ་རྒྱུད་ཀྱི་བྱུང་རིམ་མང་པོ་ཚར་དུ་དངར་འདུག བསྡོམས་པས་གཏམ་རྒྱུད་སོ་གཅིག་ཡོད་པ་དེ་དག་སྐུད་སྣེ་གཅིག་གིས་སྤྲེལ་ཏེ་གསོན་ཉམས་ལྡན་ཞིང་མཚར་སྣང་གིས་ཁེངས་ཡོད་པས་བྱིས་པའི་ཀློག་དེབ་ཆེས་ལེགས་པོ་ཞིག་ཏུ་ངོས་འཛིན་བྱས་ཆོག ད་དུང་གསལ་བཤད་བྱེད་རྒྱུ་ཞིག་ལ། དེབ་འདིའི་རྩོམ་པ་པོ་བདེ་མཆོག་སྐྱབས་ཀྱི་པིར་མིང་ལ་གཞི་རིམ་པ་ཟེར་ཞིང་། 《གཞི་རིམ་པའི་བྱིས་སྒྲུང་བདམས་སྒྲིག》གི་འཕྲོ་ནས་ཁོང་གི་བྱིས་སྒྲུང་དེབ་གཉིས་པར་ཆགས་ཡོད་ལ། ཁོང་གི་མི་ཚེའི་མཐའ་མཇུག་གི་དེབ་གཅིག་པོ་དེ་ཡང་ཡིན།
4 《ཡོ་རོབ་ཀྱི་སྒེའུ་ཁུང་།》ཤོག་ངོས 129 བྱོན། ཟླ་ཚང་ཨོ་རྒྱན་ཚེ་རིང་གིས་བརྩམས། མང་རྫོང་གཟའ་ཉི་མའི་ཁྱིམ་ཚང་དཔེ་ཁང་།(ནང་ཁུལ་རྒྱུ་ཆ)2024 ལོའི་པར་མ།
[ནང་དོན་གནད་བསྡུས།] དེབ་འདིའི་ནང་དུ་བྱེས་གྱར་གྱི་ན་གཞོན་སློབ་གཉེར་བ་ཞིག་གི་ལྷུག་རྩོམ་ཉི་ཤུ་ལྷག་བསྡུས་འདུག ཁོང་གི་ལྷུག་རྩོམ་འདི་དག་གིས་དངོས་ཡོད་འཚོ་བ་ཁོ་ན་མཚོན་པར་བྱས་ཤིང་། རྗོད་བྱེད་ཚིག་སྦྱོར་སྡེབ་ལེགས་ལ་ཚིག་རྒྱན་དང་འཁྱོག་བརྗོད་ཀྱི་སྤྲོས་པ་སྤངས་ཤིང་། བརྩེ་དུང་མངོན་པར་ཐོན་ཡོད་པས། རྩོམ་པ་པོ་ཚེ་རིང་གྲུབ་ཀྱིས“དེབ་འདི་གཞན་ལ་ལྟ་བའི་སྒེའུ་ཁུང་དང་རང་ལ་ལྟ་བའི་མེ་ལོང་རེད”ཅེས་གསུངས་པ་ལས་མ་འདས་ལ། རྩོམ་པ་པོའི་སྐད་ཆའི་རྗོད་སྟངས་དང་རོ་ཉམས་འདོན་སྟངས་ལ་བྱེས་གྱར་སློབ་གཉེར་བ་ཞིག་གི་ངོས་ནས་རང་གི་སྒེར་གཤིས་ཤིག་ཀྱང་མངོན་པར་གསལ་ལོ། ལྷག་པར་དུ་ང་ཡི་ཕྱི་འགྲིམ་དང་ཡོ་རོབ་ཀྱི་སྒེའུ་ཁུང་གཉིས་ལ་མཚོན་ན། ལོ་རྒྱུས་ཀྱི་ཞིབ་ཆ་ལྡན་ཞིང་བྱ་དངོས་ཞིབ་འབྲི་བྱས་པར་གསོན་ཉམས་མངོན་པར་ལྡན་ནོ། །
5 《སྙན་ངག་གི་རྣམ་གཞག་གཡུང་དྲུང་ལག་འཁྱུད།》ཤོག་ངོས 323 བྱོན། བྱ་གཞུང་དབྱངས་བྷས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས།] དེབ་འདིའི་ནང་དུ་རང་རེའི་སྲོལ་རྒྱུན་སྙན་ངག་གི་ལྟ་དགོངས་དང་ཁྱད་གཤིས་རྣམས་རྨང་གཞིར་བྱས་ཐོག གནའ་དེང་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་གཞུང་ལུགས་ཀྱི་མདོ་དོན་སྣ་ཚོགས་པ་རྣམས་ལ་སྙན་ངག་རང་གི་ངོ་བོའི་གནས་ལུགས་ཀྱིས་བརྡར་ཤ་བཅད་དེ་དུས་རབས་གསར་བའི་སྙན་ངག་གི་རྣམ་གཞག་གསར་བ་ཞིག་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་གནང་འདུག
སྙན་གཞུང་འདི་བསྡོམས་པས་རབ་བྱེད་གསུམ་གྱིས་གྲུབ་ལ། རབ་བྱེད་དང་པོ། སྙན་ངག་གི་ངོ་བོའི་རྣམ་གཞག་ནང་། སྙན་ངག་ངོས་བཟུང་བ་དང་ལུས་དང་རྒྱན་དང་སྲོག་བཅས་དོན་ཚན་བཞི་རུ་བསྡུས་ཏེ། ལུས་ནི། སྐད་ཆ་དང་སྒྲིག་གཞི་དང་རྣམ་པ་གསུམ་དང་། རྒྱན་ནི། སྒྲ་རྒྱན་དང་དོན་རྒྱན་གཉིས་དང་། སྲོག་ནི། བརྗོད་བྱ་དང་དགོངས་པ་གཉིས་བཅས་རིགས་དབྱེ་དེ་ལྟར་ཕྱེས་འདུག
རབ་བྱེད་གཉིས་པ། སྙན་ངག་གི་རྩོམ་པའི་རྣམ་གཞག་དུ། སྙན་ངག་རྩོམ་པའི་རྣམ་གཞག་གི་ངོ་བོ་དང་། སེམས་ཁམས་དང་། གོ་རིམ་དེ་ས་བཅད་གསུམ་དུ་བསྡུས་ཏེ། དེ་དག་ལས་ངོ་བོ་ནི་གསར་བཏོད་དང་། སྙན་ངག་པ་དང་། འཇིག་རྟེན་ཏེ་རྩ་བའི་བརྡ་ཆད་གསུམ་གྱིས་བཀྲལ། སེམས་ཁམས་ནི་དབང་ཤེས་དང་། ཐོལ་ཤེས་དང་། ཚོར་བ་དང་། བག་ཉལ་འདུ་ཤེས་དང་། ཡིད་འགྱུར་བཅས་དོན་ཚན་ལྔ་རུ་བསྡུས། གོ་རིམ་ནི་ཡིད་འགྱུར་སྐྱེ་བའི་སྐབས་དང་། ཐོལ་ཤེས་སྐྱེ་བའི་སྐབས་དང་། ཚིག་སྦྱོར་དུ་སྡེབ་པའི་སྐབས་ཏེ་དུས་རིམ་གསུམ་དུ་ཕྱེས་ནས་བཤད་འདུག་ལ། ཞར་བྱུང། སྐྱོན་སེལ་ཞིག་ཀྱང་འདུག
རབ་བྱེད་གསུམ་པ། སྙན་ངག་གི་མྱོང་རོལ་རྣམ་གཞག་ལ། རྩོམ་ཆོས་དང་མྱོང་རོལ། ཕན་ནུས་ཏེ་ས་བཅད་གསུམ་དུ་བསྡུས་ཏེ། དེ་དག་ལས་རྩོམ་ཆོས་ནི་གྲུབ་ཚུལ་དང་། འགུགས་ཤུགས་དང་། ཉམས་དང་། རྩོམ་གཤིས་བཅས་བཞི་རུ་བསྡུས། མྱོང་རོལ་ནི་ཀློག་པ་པོ་དང་། མྱོང་རོལ་གྱི་ངོ་བོ་དང་། མྱོང་རོལ་གྱི་གོ་རིམ་སྟེ་གསུམ་དུ་བསྡུས། ཕན་ནུས་ནི་ཕན་ནུས་འབྱུང་ཚུལ་དང་། ཕན་ནུས་མ་ལག་དང་། རིན་ཐང་དཔྱད་འཇོག་བཅས་དོན་ཚན་གསུམ་དུ་བསྡུས་ཏེ་རྒྱས་བཤད་གནང་འདུག
འདི་ནི་སྙན་ངག《མེ་ལོང་མའི》ཚུན་ལ། ཅུང་ཆ་ཚང་ཞིང་རྒྱས་བསྡུས་རན་ལ། དེང་རབས་སྙན་ངག་གི་ཤེས་བྱ་ཅུང་ཕུན་སུམ་ཚོགས་པའི་སྙན་གཞུང་ཞིག་ཏུ་ཁས་ལེན་བྱེད་ཆོག་པ་ཞིག་རེད་འདོད།
6 《བྱང་གི་ཤ་ལྤགས་སྐྱ་མོ།》ཤོག་ངོས 334 བྱོན། གངས་འཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས།] དེབ་འདི་ནི་སྤུ་རྒྱལ་དང་ཐང་གུར་གྲུ་གུ་གསུམ་གྱི་འབྲེལ་བར་དཔྱད་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཡིན། ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ལ། སྤུ་རྒྱལ་བཙན་པོ་དང་ཐང་གུར་གོང་མ། གྲུ་གུའི་ཁ་གན་གསུམ་ནི་སྟག་སེང་ཁ་སྤྲོད་ཀྱི་ཚུལ་དུ་འགྱིང་ནས་གླིང་ཆེན་ཨེ་ཤ་ཡའི་མཐིལ་ལ་དབང་སྒྱུར་བྱས། སྐབས་རེར་དྲག་པོ་གཡུལ་གྱི་སྒོ་ནས་རང་རང་གི་མངའ་ཁོངས་རྒྱ་བསྐྱེད་དེ་སྐྱ་དམག་གིས་ས་ཆེན་གཡོ་བར་བྱས་ཤིང་། ལན་རེར་ཆབ་སྲིད་གཅིག་ཏུ་མོལ་ནས་ཁྱིམ་གཅིག་གི་མི་དང་འདྲ་བར་རང་རང་གི་ཡུལ་ན་བདེ་ཞིང་སྐྱིད། སྲིད་སྐྱོང་བའི་རྒྱལ་བོ་ཆེན་པོ་དག་གི་མཛད་ལུགས་དང་དགོངས་པ་ནི་ཆུ་ཡི་གཉེར་མ་བཞིན་ངེས་གཏན་མེད་པ་དེ་ཡང་གནའ་བོའི་ཆབ་སྲིད་ཀྱི་གཡོ་འཁྲུལ་ཞིག་ཡིན་ངེས། དེབ་འདིས་གཙོ་བོ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་། རྒྱའི་གནའ་རབས་ཀྱི《ཡིག་ཚང་མ་ཧ་རུས་སྦལ》དང་《སྲིད་སྐྱོང་མེ་ལོང་》《ཐང་ཡིག་གསར་རྙིང་》《ཏུན་ཧོང་ཡིག་རྙིང་》སོགས་གཞིར་བཟུང་སྟེ་སྤུ་རྒྱལ་ཐང་གུར་གྲུ་གུ་གསུམ་གྱི་འབྲེལ་བར་རྒྱབ་བརྟེན་ཁུངས་དང་རང་གི་རིག་པས་དཔྱད་པ་ཞིབ་མོ་བཏང་ཡོད་པས་མ་བཀླགས་ཚད་མེད་ཀྱི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཆོག་གོ །
7 《ཉི་ཁྲི》ཤོག་ངོས 896 བྱོན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྐྲུན་ཁང་གིས་དཔེ་སྡུར་ཞུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012 ལོའི་པར་མ།
[ ནང་དོན་གནད་བསྡུས། ] དེབ་འདིའི་མཚན་བྱང་ཁ་ཚང་ལ 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་བཞུགས་སོ། 》ཞེས་ཞུ་ཞིང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བློ་སྦྱོང་ཚུལ་དང་ཉམས་ལེན་བྱེད་སྟངས་སོགས་རྒྱས་པར་གསུངས་ཡོད།
8《རང་བྱུང་གནམ་གྱི་ལུགས་དང་མགོ་ནག་མི་ཡི་སྲོལ་བརྗོད་པའི་མདོ་ཞེས་བྱ་བ་བཞུགས་སོ།》ཤོག་ངོས 167 བྱོན། ལཽ་ཙིས་མཛད། གཡང་འབུམ་རྒྱལ་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས།] དེབ་འདི་ནི་སྟོན་པ་ལཽ་ཙིའི་ཞལ་གདམས་ཆེས་གྲགས་ཆེན་ཞིག་ཡིན། རང་བྱུང་གནམ་གྱི་ལུགས་དང་མགོ་ནག་མི་ཡི་སྲོལ་ཞེས་ཁག་གཉིས་སུ་ཕྱེས་ཡོད་ལ་བསྡོམས་པས་ལེའུ་གྱ་གཅིག་བཞུགས། ཁོང་གི་ཞལ་གདམས་འདི་དོན་ཟབ་ཅིང་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། ཆེ་ས་ནས་རྒྱལ་ཁབ་སྐྱོང་ལུགས་དང་ཆུང་ས་ནས་མི་སྒེར་གྱི་སྤྱོད་ལམ་སོགས་ཞིབ་པར་སྤྲོས་ཡོད་པས། གནའ་ནས་ད་ལྟའི་བར་དུ་ད་དུང་ཡང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ནང་དུ་མུ་ཏིག་རྡོག་པོ་ཞིག་ལྟར་ནམ་ཡང་འོད་འཚེར་བཞིན་ཡོད།
9《གླིང་གེ་སར་རྒྱལ་པོའི་རྣམ་ཐར།》གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་དཔར་མའི་དཔེ་ཚོགས། ཤོག་ངོས 120 བྱོན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས།] གླིང་སྒྲུང་འདིའི་ཁ་བྱང་ཆ་ཚང་ལ《སྐྱེ་མཆོག་གེ་སར་རྒྱལ་པོའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཡང་སྙིང་གསེར་གྱི་ཞུན་མ་ཡོན་ཏན་ནོར་བུའི་མཛོད་བཞུགས་སོ།》ཞེས་ཞུ་ཞིང་བསྡོམས་པའ་ལེའུ་གཉིས་ཀྱིས་རྫོགས་པར་བྱས་འདུག དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་གོང་མ་ལྷ་ནས་མི་ཡུལ་ལ་མངགས་པ་དང་ཕྱོགས་བཞིའི་དགྲ་བཞི་བཏུལ་ཚུལ། རྫོང་ཆེན་དང་རྫོང་ཆུང་མང་པོ་ཕབ་ཚུལ་ནས་རང་གཞན་གྲོལ་བའི་གདམས་པ་ཞུས་ཏེ། དམ་པའི་ཆོས་བསྟན་ཞིང་མཐར་ཞི་བའི་ངང་བདེ་བར་གཤེགས་པའི་ཚུལ་སོགས་ཚིགས་སུ་བཅད་དེ་བཀོད་ཡོད་དོ། །
10 《མྱ་ངམ་ཐང་།》ཨེ་ལིའོ་ཐིའི་སྙན་ངག་བོད་དབྱིན་ཤན་སྦྱར། T.S.ཨེ་ལིའོ་ཐི་ཡིས་བརྩམས། ལྡོང་བུས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས།] འདི་ནི་ལྡོང་བུའམ་སྐུ་ཞབས་ལྕགས་རྡོར་རྒྱལ་གྱིས་དབྱིན་ཡིག་ནས་ཐད་ཀར་བོད་འགྱུར་བྱས་པའི་ཨེ་ལིའོ་ཐིའི་སྙན་དེབ་ཞིག་རེད། ལོ་ཙཱ་བས་སྔོན་དུ་གླེང་བའི་གཏམ་ལས་དྲངས་ན“《མྱ་ངམ་ཐང་》གི་སྒྱུ་རྩལ་ཞིང་ཁམས་ནི་དེང་རབས་རིང་ལུགས་ཀྱི་སྙན་ངག་ཀུན་ལས་རིང་དུ་བརྒལ་ཞིང་དཔེ་མཚོན་ཅན་ཞིག་ཏུ་བགྲང་བར་བྱེད། སྙན་ངག་རིང་མོ་འདིའི་སྒྱུ་རྩལ་ཐབས་ལམ་སྣ་མང་ལ་སྣེ་འཛིངས་པ་སྟེ། མཚོན་བྱེད་རིང་ལུགས་དང་། ཡིད་བརྙན་རིང་ལུགས། དཔག་དཀའ་བའི་ཁྱད་ཆོས་གཞི་གཅིག་ཏུ་འདུས་ཤིང་། སྙན་ངག་ཏུ་ལུགས་སྟོན་དང་། དུངས་བརྗོད། ཟུར་ཟ། ལེགས་བཤད། ཞིབ་འབྲིའི་རྗོད་བྱེད་སོགས་བསྟར་ལ་བརྒྱུས་ཡོད་པར་མ་ཟད། བརྗིད་ཆེ་ལ་བབ་ཀྱིས་བརྟས་པའི་སྙན་ཚིག་དང་། དགོད་བྲོ་ལ་ཐ་མལ་པའི་གྲོང་ཚིག་ཟུང་དུ་སྦྲེལ་ཏེ་རྙོག་འཛིང་ཆེ་ལ་ཁ་དོག་སྣ་མང་སྤྲོ་བའི་སྙན་ངག་གི་ཡུལ་ལྗོངས་ཤིག་ཀློག་མཁན་གྱི་སྤྱན་ལམ་དུ་དྲངས་ཡོད།”གསུངས་པ་ལྟར། སྙན་ངག་གི་སྤྲོས་བརྗོད་དང་ཚོར་བ། ཡིད་བརྙན། མཚོན་ཐབས་སོགས་གང་ཐད་ནས་སྒེར་ངོས་ཀྱི་ཁྱད་ཆོས་མངོན་པར་གསལ་ལོ།
11 《འཇག་མའི་ཁང་པ།》ཚཱའོ་བིན་ཞོན་གྱིས་བརྩམས། རྡོ་ལྷ་ཐར་གྱིས་བསྒྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས།] འདི་ནི་བྱིས་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ལ། དེའི་བརྗོད་བྱ་ནི་འཚར་ལོངས་གཙོ་བོར་བྱས་པའི་བརྩམས་སྒྲུང་ཞིག་ཡིན་པས། གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ་ལོ་རབས་དྲུག་ཅུ་པའི་ལོ་འགོའི་སློབ་ཆུང་ཞིག་གི་དགའ་སྤྲོ་དང་སྐྱོ་གར་ཟུང་འབྲེལ་བྱས་ཡོད།
གཏམ་རྒྱུད་ལས་གྲོང་གསེབ་ཀྱི་སློབ་ཆུང་ཞིག་གི་སློབ་མ་སཱང་སང་གིས་དགེ་སློབ་རྣམས་གཙོ་བྱས་ཏེ་མི་རྣམས་ཀྱི་སེམས་སུ་བཞག་པའི་སྤྲོ་སྐྱིད་དང་བརྗེད་དཀའ་བའི་བྱིས་དུས་ཀྱི་དྲན་ཤེས་ཡིན།
བྱུང་རིམ་ཇུས་འགོད་དང་དབྱེ་ཞིབ་བྱས་པ་གསར་རྐྱང་ཡིན་ལ། དཔེ་ཆའི་ནང་དུ་མི་རྣམས་ལ་ཚོར་བ་གསར་བ་མྱོང་དུ་འཇུག་པ་དང་། བྱིས་པ་དང་རྒན་གང་ཡིན་རུང་ཧ་ཅང་སྤྲོ་བས་འཇུག་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན།

རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།