རྒོངས་ཀའི་མཚམས་སྤྲིན་དམར་པོ།
གངས་ཀྱི་གཉའ་བར་ལ་ལྷུང་བའི་དྲན་གདུང་ཞིག
ལུག་ཁྱུ་དང་སྤྲིན་དཀར་འདྲེས་འདྲིའི་རི་སུལ་དེ་ནས
ཞེན་ཆགས་དང་སྨྲེང་སེམས་ག་ཚོད་ཅིག་ཉི་འོད་དང་ལྷན་དུ་ཆས་སོང
གསེར་ཁུ་ཤུན་འདྲའི་རྩྭ་ཐང་ཡ རྩྭ་ཐང
ཨ་མའི་འོ་དྲི་ལས་ཞིམ་པའི་ཁྱེད་ཀྱི་རུམ་ནས
གཡང་དཀར་དུ་འབོད་པའི་ལུ་གུ་ཞིག་གི་འབའ་སྒྲ་ལྷང་ལྷང་གྲག་ལ སིང་སིང་འཁོར
ཟླ་བའི་འོད་ངོགས་ནས་མིག་ཆུ་འདོན་པར་ཞེན་པའི་ངས
ཁྱེད་ཀྱི་བལ་ཁ་ལས་འཇམ་པའི་སེམས་པ་ཞིག་འཚོལ་བཞིན་ཡོད
༢༠༡༡.༡༡.༢༠ ཉིན་རང་ཤག་ནས་ཤར་མར་བྲིས།
རྩོམ་ཁུངས། ངེད་དྲ་བ།