གཉིད་ལོག་ཁར།
གྲི་རྩེ་ལ་ལ་ལྷུང་བའི་མེ་ཏོག་རྐང་གཅིག་བཞིན
ཁྱོད་ལ་དུས་ཡུན་ཐུང་ཐུང་གི་བདེ་སྣང་ཙམ་ཡང་སུས་སྦྱིན
ང་ཡི་རྨི་ལམ རྒྱང་ནས་རྒྱང་དུ
ཁྱེད་ནི་གོ་རིམ་མེད་པའི་ལང་ཚོ་སྟེ
མགོ་ནས་བཟུང་ཚེ་མཇུག་མཛེས་ཤིང་
མཇུག་ནས་འཐམས་ཚེ་ཡོངས་སུ་ཡལ་སོང་
ལང་ཚོ་ཡ
༢༠༡༢ཟླ༥པའི་ཚེས་༩ཉིན །
རྩོམ་ཁུངས། ངེད་དྲ་བ།