གློ་བའི་ནང་གི་མི།༼ཞར་བཀོད་གཅིག་ཡོད༽

ནག་ལྡོང་འཁྱམས་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-16

འཁྱམས་པོའི་འཇིག་རྟེན་ལ་རྩི་མཐོང་དང
སྐྱོ་སྡུག་ལ་སེམས་གསོ་གཏོང་མཁན་ཏེ  གློ་བའི་ནང་གི་མི་ཡ
ཡིན་མདོག་གིས་ཁོ་བོའི་གོམ་ཁ་གཉོམ་པོ་ཕྱི་ལ་བརྐྱངས་བ་དེ་ནས་བཟུང  ཁྱོད་ཀྱི་འཚོ་བ་དེ་རྫ་ཁའི་ཡུ་མོ་ཞིག་དང
མིག་ཆུ་དེ་རྩྭ་འགོའི་ཟིལ་བ་བཞིན་མང་བ་བདེན་ནམ  དུས་ཚོད་དང་ལོ་ཟླ་བང་གིས་རྒྱུགས་ཏེ
ཁོ་བོ མི་ལོ་ཉེར་དྲུག་གིས་རྗེས་སུ་གཡུགས་པའི་ད་ལོ  རླུང་གི་ལག་ཟུང་གིས་སྐྲ་ལོའི་ཚོམ་བུ་སིག་སིག་འགུལ་ཅིང
ཁ་བ་ལེབ་མོ་ངོ་གདོང་ལ་འཕུར་འོང་བའི་རྨི་ལམ་ནང་གི་འུ་གཉིས་ཀྱི་མཚེར་ཤུལ་རྙིང་བ
ཡང་ན  རི་བོ་སྟོང་ཕྲག་གི་རྒྱབ་རོལ་ཞིག་དང་མེ་ཏོག་ལ་ཞོགས་ཟིལ་འཐོར་སྲིད་པའི་འུ་གཉིས་ཀྱི་མཚེར་ཤུལ་དེ
ཁོ་བོའི་བྲང་གཞུང་ན་ལྷོག་ལྷོག་འགུལ་བའི་སེམས་པ་འདིས ཁོ་བོའི་བྲང་གཞུང་ན་ཧམ་པས་འཕྱོ་བའི་སེམས་པ་འདིས
སླར་ཡང་དྲན་གིན་འདུག་ལ  སླར་ཡང་གླེང་གིན་འདུག  དཀོན་མཆོག་གིས་མཁྱེན  
ལས་ཉོན་གྱི་སྒྲིབ་པ་མ་དག་ན འདོད་ཁམས་ལས་སྐྱེ་བ་མ་ཟད་ན
དྲན་པ་དེ་མཚམས་འཇོག་དང་ཞེན་ཆགས་ཁོ་བསྙིལ་ཐབས་མི་འདུག་ཨང
གློ་བའི་ནང་གི་མི་ཡ   གསེར་མདོག་གི་སྡོང་ལོ་རླུང་གིས་ཁྱེར་བའི་སྟོན་འཇུག་འདིར
སྨུག་སྤྲིན་གྱི་འདབ་མ་དགོང་ལ་ཡལ་པའི་སྟོན་འཇུག་འདིར
མེ་ཏོག་གི་འདབ་ལོ་ས་རུ་བྲུལ་ས་ན  སྦྲུང་ཆུང་གིས་སྨྲེ་ངག་ཕྱོགས་སུ་གྱེར་ས་ན ཁོ་བོས  སེམས་པ་འདི་རྟོག་ཚོགས་ཀྱི་མེ་རུ་སྒྲོན་ཏེ
ཁོ་བོས  སེམས་པ་འདི་དྲན་གདུང་གི་དབྱིངས་སུ་དཔྱངས་ཏེ ཁོ་བོ་འདི་ལྟར་བསྡད་ཡོད  གློ་བའི་ནང་གི་མི་ཡ་་་་་
༢༠༠ ༡༢ ༧
         ནུབ་མོ་དེར་ངས་འདི་ལྟར་ལབ་པ་ཡིན།
ནུབ་མོ་དེར ཟླ་འོད་མེད་པའི་ནུབ་མོ་དེར
རླུང་ལ་བཞོན་པའི་ཁྱི་རྒན་གྱི་ངུ་ཟུག་གཟན་པོ སྒེའུ་ཁུང་ལས་བཞུར་འོང་ལ
ཉེ་འགྲམ་གྱི་ལྗོན་པ་མག་མོག་ཤིག་ཤིག་འགུལ་ཏེ ང་རང་གཉིད་དུ་མི་འཇུག
སུ་ཞིག་ལ་བརྩེ་བ་གླན་འདོད་དང འཁང་ར་བྱེད་འདོད་མེད་པའི་ནུབ་མོ་དེར ངས་ཚོད་ཚོད་ལ་ཨ་མྱེས་རྒན་པོ་དེ་དྲན་ལ
ཨ་མྱེས་ཀྱིས་ང་ལ་བཤད་པའི་ཨ་མ་དྲེད་མོ   ཨ་མ་དྲེད་མོ་དེ་ཡང་ཝ་ལེར་དྲན་འོང
ཨ་ཙི་དོན་ངོ་མར་ཨ་མ་དྲེད་མོ་དེས་མི་འཆའ་སྲིད་དམ  ང་རང་གཅིག་པུ་ཡིན་དུས་ཐོན་སྲིད་དམ
དོན་ངོ་མར་དྲེད་མོ་དེ་ལ ཁྲག་ཞག་གི་རྣོ་རྒྱུན་ཆགས་པའི་མཆེ་བ་ཡ་གཅིག་དང
མི་གཅིག་ཤོང་བའི་ལྟོ་བ  ད་དུང་མུན་པ་ནག་པོ་འཇོམས་པའི་མིག་ཟུང་ཞིག་ཡང་ཡོད་པ་བདེན་ནམ
ནུབ་མོ་དེར  ཟླ་འོད་མེད་པའི་ནུབ་མོ་དེར ངས་འདི་ལྟར་ལབ་པ་ཡིན་་་
                   ༢༠༠ ༡༡ ༡༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློ་བའི་ནང་གི་མི།༼ཞར་བཀོད་གཅིག་ཡོད༽

2012-09-16 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།