རྣམ་ཤེས་ཀྱི་དུས་བཅད།
མེ་ལོང་ཆག་སོང
རྒྱང་རིང་བའི་རྨི་ལམ་གང་ན་ཡོད་དམ
མེ་ལོང་དུ་འཆར་བར་གྱིས་ཤིག
ཁ་རོག་གེར་སྡོད་པ་ནི་འཆི་བ་ལ་སྒོམ་པ་དང་འདྲ་བྱུང
འཆི་བ་ནི་མ་རིག་པའི་བདེ་བ་ཞིག
སྤྲིན་པས་བཏབ་པའི་མེ་ཏོག་གི་སྐུད་སྣེ
ཁྱོད་ཀྱི་མིག་ལམ་བརྒྱུད་དེ་ང་ཡི་སྙིང་ལ་བརྒྱུས་ཤིག
རྩ་བ་དང་ཡལ་ག་ཡོད་ཚད
ས་གཞི་ཁོ་ནར་བདག་ཏུ་དབང་བའོ
༢༠༡༢ལོའི་ཟླ༨ཚེས༢ཉིན་གཙོས་གྲོང་དུ་གྲུབ།
རྩོམ་ཁུངས། ངེད་དྲ་བ།