གྲོང་བརྡལ་ཆུང་ཆུང་འདི་ནས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-15


གྲོང་བརྡལ་ཆུང་ཆུང་འདི་ནས
ང་ཚོས་རང་གི་འདོད་པ་ཆང་འཐུང་མྱོང
ཆང་གིས་བད་ཅིང་སྦྲིད་པའི་མཐའ་མར
ང་ཚོས་རང་རང་གི་ཨམ་ཕྲག་ལས
ལྟེབས་ཆག་ཤོར་བའི་ཤོག་བུ་རེ་བླངས་ཏེ
ཚོར་བ་ཁོ་ནས་བྲིས་པའི་སྙན་ངག་དག་ཤུགས་ཀྱིས་གྱེར་མྱོང

གྲོང་བརྡལ་ཆུང་ཆུང་འདི་ན
ང་ཚོ་མིག་ལ་ལ་རན་པའི་མི་གཅིག་ཀྱང་མེད་པ་འདྲ
དགོན་གྱི་གྲྭ་བ་དང་གྲོང་གི་རྒན་པོ
ཐ་ན་ང་ཚོའི་སྙན་ངག་གི་བརྗོད་བྱར་གྱུར་བའི་ཞབས་ཞུ་མ་ཚོས་ཀྱང
ང་ཚོ་ནི་ཆང་གིས་མྱོས་པའི་ཁྱི་སྨྱོན་སྐོར་ཅིག་ལ་བརྩིས་འདུག

གྲོང་བརྡལ་ཆུང་ཆུང་འདི
ཨར་འདམ་དང་འཕྲུལ་འཁོར་གྱི་འཇིག་རྟེན་ལ་ཉེ་བར་བཏུད་ཅིང
འུར་ཟིང་དང་སྤྲེལ་ལད་ཀྱི་རྣམ་པས་ཡོངས་སུ་བཏུམས་དུས
ང་ཚོས་སྔར་བཞིན་ཆང་རག་འཐུང་ཞིང་སྙན་ངག་བྲིས་ཏེ
གཉུག་མའི་སེམས་པ་ཁོ་ན་རང་ལ་དབང་བར་བྱས

གྲོང་བརྡལ་ཆུང་ཆུང་འདི་ན
ང་ཚོར་སྙིང་ཉེ་བའི་ཅ་དངོས་ག་ཚོད་ཡོད
ཤོག་དངུལ་དང་མཛེས་མ་དང་དབང་ཐང
འདི་དག་ནི་སྨིག་རྒྱུའི་ཀློང་གི་ཆུ་རྡུལ་ལྟར
ཉི་མའི་འོད་རླབས་དང་འགྲོགས་ཏེ་ཡལ་བར་གྱུར་བ་མ་ཡིན་ནམ

གྲོང་བརྡལ་ཆུང་ཆུང་འདི་ནས
འདང་བརྩེ་ཟེར་བའི་ཐ་སྙད་ཅིག་ཆང་ལ་བསྙལ་ཏེ་ལོ་མང་འགོར་བས
ང་ཚོ་སུ་ལ་འང་འདི་ལས་ལྷག་པའི་ཚེ་ནོམ་ཞིག་ཡོད་མི་སྲིད
གྲོང་བརྡལ་ཆུང་ཆུང་འདི་ནས
སྙན་ངག་ཟེར་བའི་གདུང་གླུ་ཞིག་ཧུར་གྱིས་བྲིས་ལོ་མང་འདས་པས
ང་ཚོ་སུ་ལའང་འདི་ལས་ལྷག་པའི་སེམས་རྟེན་ཞིག་ག་བར་ཡོད

                            ༢༠༡༢ལོའི་ཟླ༩བའི་ཚེས་༨ལ་ལན་གྲུ་རུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་བརྡལ་ཆུང་ཆུང་འདི་ནས།

2012-09-15 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།


གྲོང་བརྡལ་ཆུང་ཆུང་འདི་ནས
ང་ཚོས་རང་གི་འདོད་པ་ཆང་འཐུང་མྱོང
ཆང་གིས་བད་ཅིང་སྦྲིད་པའི་མཐའ་མར
ང་ཚོས་རང་རང་གི་ཨམ་ཕྲག་ལས
ལྟེབས་ཆག་ཤོར་བའི་ཤོག་བུ་རེ་བླངས་ཏེ
ཚོར་བ་ཁོ་ནས་བྲིས་པའི་སྙན་ངག་དག་ཤུགས་ཀྱིས་གྱེར་མྱོང

གྲོང་བརྡལ་ཆུང་ཆུང་འདི་ན
ང་ཚོ་མིག་ལ་ལ་རན་པའི་མི་གཅིག་ཀྱང་མེད་པ་འདྲ
དགོན་གྱི་གྲྭ་བ་དང་གྲོང་གི་རྒན་པོ
ཐ་ན་ང་ཚོའི་སྙན་ངག་གི་བརྗོད་བྱར་གྱུར་བའི་ཞབས་ཞུ་མ་ཚོས་ཀྱང
ང་ཚོ་ནི་ཆང་གིས་མྱོས་པའི་ཁྱི་སྨྱོན་སྐོར་ཅིག་ལ་བརྩིས་འདུག

གྲོང་བརྡལ་ཆུང་ཆུང་འདི
ཨར་འདམ་དང་འཕྲུལ་འཁོར་གྱི་འཇིག་རྟེན་ལ་ཉེ་བར་བཏུད་ཅིང
འུར་ཟིང་དང་སྤྲེལ་ལད་ཀྱི་རྣམ་པས་ཡོངས་སུ་བཏུམས་དུས
ང་ཚོས་སྔར་བཞིན་ཆང་རག་འཐུང་ཞིང་སྙན་ངག་བྲིས་ཏེ
གཉུག་མའི་སེམས་པ་ཁོ་ན་རང་ལ་དབང་བར་བྱས

གྲོང་བརྡལ་ཆུང་ཆུང་འདི་ན
ང་ཚོར་སྙིང་ཉེ་བའི་ཅ་དངོས་ག་ཚོད་ཡོད
ཤོག་དངུལ་དང་མཛེས་མ་དང་དབང་ཐང
འདི་དག་ནི་སྨིག་རྒྱུའི་ཀློང་གི་ཆུ་རྡུལ་ལྟར
ཉི་མའི་འོད་རླབས་དང་འགྲོགས་ཏེ་ཡལ་བར་གྱུར་བ་མ་ཡིན་ནམ

གྲོང་བརྡལ་ཆུང་ཆུང་འདི་ནས
འདང་བརྩེ་ཟེར་བའི་ཐ་སྙད་ཅིག་ཆང་ལ་བསྙལ་ཏེ་ལོ་མང་འགོར་བས
ང་ཚོ་སུ་ལ་འང་འདི་ལས་ལྷག་པའི་ཚེ་ནོམ་ཞིག་ཡོད་མི་སྲིད
གྲོང་བརྡལ་ཆུང་ཆུང་འདི་ནས
སྙན་ངག་ཟེར་བའི་གདུང་གླུ་ཞིག་ཧུར་གྱིས་བྲིས་ལོ་མང་འདས་པས
ང་ཚོ་སུ་ལའང་འདི་ལས་ལྷག་པའི་སེམས་རྟེན་ཞིག་ག་བར་ཡོད

                            ༢༠༡༢ལོའི་ཟླ༩བའི་ཚེས་༨ལ་ལན་གྲུ་རུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།