མུན་དོང་དུ་ལུས་པའི་ང་ཚོ།

ཤོ་ཤར་ཚེ་རིང་རྒྱལ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-11


མུན་དོང་འདི།
འཇིགས་སུ་རུང་ཞིང་། སྐྱུག་བྲོ་ཡང་།
མང་པོ་ཞིག།
མུན་དོང་རུ་དགྱེས་བཞིན་དུ། ཚ་བས་གདུང་པའི་གླང་པོ་མཚོར་འཇུག་གི་བློ་བཞིན།
ཀྱི་གཡའ་བའི་མུན་དོང་ལ་གཞལ་ཡས་ཁང་གི་འདུ་ཤེས་བཅངས་ཏེ།
འདོད་ཆགས་ཀྱི་ཆགས་གླུ་ཉིན་མཚན་དུ་གྱེར་ཞིང་།
ཞེ་སྡང་གི་གོ་མཚོན་བར་མེད་དུ་འཕྱར་གིན།
གཏི་མུག་གི་རྨོངས་གཉིད་ལས་མི་སངས་བར་རང་ངོ་རང་གིས་མི་ཆོད་པར་ལུས།
མུན་དོང་འདི།
མུན་ནག་ཅིང་ དོང་རིང་ཡང་།
མང་པོ་ཞིག།
མུན་དོང་རུ། སྐྱིད་ཉལ་གྱི་ངུར་སྒྲ་སྒྲོགས་བཞིན།
མུན་དོང་འདིའི་ཕྱི་རོལ་ན།
དཀར་ཞིང་གསལ་བ།བདེ་དྲོད་འབར་བའི་ཉི་མའི་འོད་ཟེར་ཡོད་པ་གཏན་ནས་གོ་མི་མྱོང་།
མུན་དོང་འདིར།
བདག་འཛིན་གྱི་བཞའ་བརླན་ཆེ་བས། སྒེར་སེམས་ཀྱི་དུག་སྦྲུལ་མང་།
དུག་སྦྲུལ་ནི་མུན་དོང་འདིའི་བདག་པོར་འགྱུར་ཡོད།
མུན་དོང་དུ་ལུས་པའི་ང་ཚོ། དུག་སྦྲུལ་གྱི་ཁ་ལས་ཐར་ཐབས་བྱེད་རྒྱུ་ནི།
མུན་དོང་ལས་ཐར་ཆེད་ཡིན་ལ།དེ་བས་བླ་མེད་བདེ་བ་གཅིག་གི་ཆེད་དུ་ཡང་ཡིན་པ་རེད།
          ཤོ་ཤར་ཚེ་རིང་རྒྱལ་པོ་ནས། ལྷོ་ཁ་རྩེད་ཐང་དུ་ ༢༠༡༢ལོའི་ཟླ་བ་༨ཚེས་༡༩ཉིན་བྲིས་པ་དགེ་ལེགས་འཕེལ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་དོང་དུ་ལུས་པའི་ང་ཚོ།

2012-09-11 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


མུན་དོང་འདི།
འཇིགས་སུ་རུང་ཞིང་། སྐྱུག་བྲོ་ཡང་།
མང་པོ་ཞིག།
མུན་དོང་རུ་དགྱེས་བཞིན་དུ། ཚ་བས་གདུང་པའི་གླང་པོ་མཚོར་འཇུག་གི་བློ་བཞིན།
ཀྱི་གཡའ་བའི་མུན་དོང་ལ་གཞལ་ཡས་ཁང་གི་འདུ་ཤེས་བཅངས་ཏེ།
འདོད་ཆགས་ཀྱི་ཆགས་གླུ་ཉིན་མཚན་དུ་གྱེར་ཞིང་།
ཞེ་སྡང་གི་གོ་མཚོན་བར་མེད་དུ་འཕྱར་གིན།
གཏི་མུག་གི་རྨོངས་གཉིད་ལས་མི་སངས་བར་རང་ངོ་རང་གིས་མི་ཆོད་པར་ལུས།
མུན་དོང་འདི།
མུན་ནག་ཅིང་ དོང་རིང་ཡང་།
མང་པོ་ཞིག།
མུན་དོང་རུ། སྐྱིད་ཉལ་གྱི་ངུར་སྒྲ་སྒྲོགས་བཞིན།
མུན་དོང་འདིའི་ཕྱི་རོལ་ན།
དཀར་ཞིང་གསལ་བ།བདེ་དྲོད་འབར་བའི་ཉི་མའི་འོད་ཟེར་ཡོད་པ་གཏན་ནས་གོ་མི་མྱོང་།
མུན་དོང་འདིར།
བདག་འཛིན་གྱི་བཞའ་བརླན་ཆེ་བས། སྒེར་སེམས་ཀྱི་དུག་སྦྲུལ་མང་།
དུག་སྦྲུལ་ནི་མུན་དོང་འདིའི་བདག་པོར་འགྱུར་ཡོད།
མུན་དོང་དུ་ལུས་པའི་ང་ཚོ། དུག་སྦྲུལ་གྱི་ཁ་ལས་ཐར་ཐབས་བྱེད་རྒྱུ་ནི།
མུན་དོང་ལས་ཐར་ཆེད་ཡིན་ལ།དེ་བས་བླ་མེད་བདེ་བ་གཅིག་གི་ཆེད་དུ་ཡང་ཡིན་པ་རེད།
          ཤོ་ཤར་ཚེ་རིང་རྒྱལ་པོ་ནས། ལྷོ་ཁ་རྩེད་ཐང་དུ་ ༢༠༡༢ལོའི་ཟླ་བ་༨ཚེས་༡༩ཉིན་བྲིས་པ་དགེ་ལེགས་འཕེལ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།