ང་ལ་མ་དགའ། རིགས་བཟང་བུ་མོ།


ཁྱོད་ཀྱིས་སུ་ཞིག་འདེམས་ན་ཆོག་མོད ང་མ་འདེམས
ཁྱོད་ཀྱིས་སེམས་སྦུབས་སུ་ཅི་ཡང་དྲན་ཆོག་མོད ང་མ་དྲན
ཁྱོད་ཀྱི་ཡ་ཆུང་སྙིང་ཁར་གཡུ་སྦྲང་གི་གཤོག་རྩལ་ཇི་ལྟར་རྒྱས་ཀྱང
བདག་གི་མེ་ཏོག་ལ་འཐིམས་པའི་རོ་བཅུད་བཟའ་རུ་མ་འོང
ཁྱོད་ཀྱི་བདག་དང་ཇི་ལྟར་ཐག་ཉེ་ཉེ་བྱེད་འདོད་ཀྱང
ངའི་སྤང་ཁུག་ནེམ་པོ་དེར་རྩ་བ་ནས་མ་ཉལ

ང་ནི་ཁྱོད་ཀྱི་མིག་ལམ་ན་འཆར་བ་ལྟ་བུའི་ཁ་དོག་མི་ལྡན་ལ
ང་ནི་ཁྱོད་ཀྱི་ལག་ཟུང་གིས་དམ་དུ་འཇུ་ས་དེའང་ཡིན་མི་སྲིད
ང་ནི་ཁྱོད་ཀྱི་གློ་སྙིང་མཆིན་གསུམ་གྱི་གནས་བདག་ལོ་མི་སྲིད་ལ
ང་ནི་མཐའ་ན་ཁྱོད་ཀྱི་ལང་འཚོ་རྩ་མེད་བཟོ་མཁན་དེ་ཡིན་སྲིད་ན
གང་ལྟར་ང་ལ་མ་དགའ རིགས་བཟང་བུ་མོ

ང་ལ་ཁྱོད་ཀྱི་བཅུ་དྲུག་གི་ལང་ཚོར་སྤྲོ་སྣང་འདྲེན་པའི་མཐུ་མེད
ང་ལ་ཁྱོད་ཀྱི་མ་འོངས་པ་ཟེར་བའི་རེ་སྙེག་དང་བློ་མདུན་བཅོལ་ས་མེད
ང་ལ་ཐ་ན་རང་ཉིད་ཀྱི་མ་འོངས་པ་ཡང་མག་མོག་ཅིག་ཡིན་པས
ངས་ཁྱོད་ལ་ཅི་ཡང་སྟེར་མི་ཐུབ ངས་ཁྱོད་རང་གནོད་པ་བྱ་སྲིད
ང་ལ་མ་དགའ རིགས་བཟང་བུ་མོ

ས་སྒང་རིལ་བོ་འདིར འཇིག་རྟེན་ཆེན་པོ་འདིར
ཁྱོད་ཀྱི་ནམ་མཁའ་ཧྲིལ་བོ་བདག་དུ་འཛིན་མཁན་ཤིན་ཏུ་མང
ཁྱོད་ཀྱིས་རང་ཉིད་ཀྱི་བློ་འདོད་ཚིམས་པ་ཞིག་འདེམས་ཆོག
ཅེས་ཀྱང་ང་མ་འདེམས ང་མ་དགའ ང་མ་དྲན
གལ་སྲིད་འུ་གཉིས་ཚེ་རྗེས་མར་འཕྲད་སོང་ན
བདག་ནི་ཁྱོད་ཀྱི་ཡོད་ཚད་ཀྱི་བདག་པོར་བྱ་ཆོག་ལ
ཁྱོད་ནི་བདག་གི་འཇིག་རྟེན་ཧྲིལ་བོའི་བདག་མོར་བསྐོ་ཆོག

         ༢༠༡༥ ༠༢ ༠༨

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་མ་དགའ། རིགས་བཟང་བུ་མོ།

2015-06-26 ར་མདའ། ཀློག་གྲངས། མཆན ཡོད།


ཁྱོད་ཀྱིས་སུ་ཞིག་འདེམས་ན་ཆོག་མོད ང་མ་འདེམས
ཁྱོད་ཀྱིས་སེམས་སྦུབས་སུ་ཅི་ཡང་དྲན་ཆོག་མོད ང་མ་དྲན
ཁྱོད་ཀྱི་ཡ་ཆུང་སྙིང་ཁར་གཡུ་སྦྲང་གི་གཤོག་རྩལ་ཇི་ལྟར་རྒྱས་ཀྱང
བདག་གི་མེ་ཏོག་ལ་འཐིམས་པའི་རོ་བཅུད་བཟའ་རུ་མ་འོང
ཁྱོད་ཀྱི་བདག་དང་ཇི་ལྟར་ཐག་ཉེ་ཉེ་བྱེད་འདོད་ཀྱང
ངའི་སྤང་ཁུག་ནེམ་པོ་དེར་རྩ་བ་ནས་མ་ཉལ

ང་ནི་ཁྱོད་ཀྱི་མིག་ལམ་ན་འཆར་བ་ལྟ་བུའི་ཁ་དོག་མི་ལྡན་ལ
ང་ནི་ཁྱོད་ཀྱི་ལག་ཟུང་གིས་དམ་དུ་འཇུ་ས་དེའང་ཡིན་མི་སྲིད
ང་ནི་ཁྱོད་ཀྱི་གློ་སྙིང་མཆིན་གསུམ་གྱི་གནས་བདག་ལོ་མི་སྲིད་ལ
ང་ནི་མཐའ་ན་ཁྱོད་ཀྱི་ལང་འཚོ་རྩ་མེད་བཟོ་མཁན་དེ་ཡིན་སྲིད་ན
གང་ལྟར་ང་ལ་མ་དགའ རིགས་བཟང་བུ་མོ

ང་ལ་ཁྱོད་ཀྱི་བཅུ་དྲུག་གི་ལང་ཚོར་སྤྲོ་སྣང་འདྲེན་པའི་མཐུ་མེད
ང་ལ་ཁྱོད་ཀྱི་མ་འོངས་པ་ཟེར་བའི་རེ་སྙེག་དང་བློ་མདུན་བཅོལ་ས་མེད
ང་ལ་ཐ་ན་རང་ཉིད་ཀྱི་མ་འོངས་པ་ཡང་མག་མོག་ཅིག་ཡིན་པས
ངས་ཁྱོད་ལ་ཅི་ཡང་སྟེར་མི་ཐུབ ངས་ཁྱོད་རང་གནོད་པ་བྱ་སྲིད
ང་ལ་མ་དགའ རིགས་བཟང་བུ་མོ

ས་སྒང་རིལ་བོ་འདིར འཇིག་རྟེན་ཆེན་པོ་འདིར
ཁྱོད་ཀྱི་ནམ་མཁའ་ཧྲིལ་བོ་བདག་དུ་འཛིན་མཁན་ཤིན་ཏུ་མང
ཁྱོད་ཀྱིས་རང་ཉིད་ཀྱི་བློ་འདོད་ཚིམས་པ་ཞིག་འདེམས་ཆོག
ཅེས་ཀྱང་ང་མ་འདེམས ང་མ་དགའ ང་མ་དྲན
གལ་སྲིད་འུ་གཉིས་ཚེ་རྗེས་མར་འཕྲད་སོང་ན
བདག་ནི་ཁྱོད་ཀྱི་ཡོད་ཚད་ཀྱི་བདག་པོར་བྱ་ཆོག་ལ
ཁྱོད་ནི་བདག་གི་འཇིག་རྟེན་ཧྲིལ་བོའི་བདག་མོར་བསྐོ་ཆོག

         ༢༠༡༥ ༠༢ ༠༨

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།