ཁྲ་ཁྲ་ཟིང་ཟིང་གི་འཛམ་བུ་གླིང་།

སྨྱུག་སྨྱོན།(ལྷ་ས) 琼迈文学网 2022-08-21
སྐྱ་ཐེར་ཐེར་གྱི་ཁྲོད་ན་འཇམ་ཐིང་ཐིང་དུ་གཟིམས་པའི
ཁང་ཞིང་དང སྒོ་ཕྱུགས་དག་གང་དུ་སོང
ཉིན་སྲིབ་ནས་ལྷང་ལྷང་སྒྲོག་པའི
ཆུ་སྒྲ་དང  ལས་གཞས་དག་ཀྱང

ཚེ་རབས་ནས་ཚེ་རབས་སུ
གནམ་སྔོན་པོ་མགོ་ལ་གྱོན་པའི
རྡོ་བའི་གྲོང་ཁྱེར་གྱི་བདག་པོ
རྨི་ལམ་ལྗང་ཁུ་ཞིག་རུམ་སྟེ
ཕ་ཡུལ་གྱི་རི་ཐང་དང་ཨ་མ་འཚོས
རི་ཐང་ནི་འདང་ཆེན་གྱི་ཨ་མ་ལྟ་བུར་འགྱིངས
ཨ་མ་ནི་འབྱམས་ཀླས་ཀྱི་རི་ཐང་ལྟ་བུར་ཟུག

གློག་རྫས་སྒྱུ་མའི་འཕྲུལ་འཁོར་གྱིས
དྲི་ཟའི་གྲོང་ཁྱེར་ཁྲ་ཁྲ་ཟང་ཟིང་ཞིག
འཇམ་ནེམ་ནེམ་དུ་འདྲུད
གྲོང་ཁྱེར་གྱི་སྒོ་སྒེའུ་ཁུང་ཁྲི་མ་འབུམ་ནས
གཟུགས་སྒྲ་དྲི་རོ་རེག་བྱའི་འདུ་བཀོད
དུ་བ་བཞིན་འཕྱུར

ཨ་ཁ གྲོང་ཁྱེར་གྱི་བསླུ་བྲིད་འགོས་པའི་རྩྭ་ཐང་དང་ཞིང་གྲོང
སྤྲིན་གསེབ་ཀྱི་བདེ་བའི་ཉི་འོད་སྤྲོས་ནས
གཉུག་མའི་རང་མདངས་དུམ་བུར་ཞིག་ནས
སྐར་མ་ཟིལ་བ་མར་མེ་སྤྲིན་པ་བཞིན
སྒྲིབ་ཀྱིན་འདུག སྟོར་གྱིན་འདུག

ཡུལ་ལྗོངས་ཆེན་མོ་དེའི་ཁུད་ན
འཚོ་ཞིང་བཞེས་པའི་ངེད་ཅག་གིས
དྭངས་བའི་ཆུ་ནང་གི་ཟླ་གཟུགས་ཟླ་གཟུགས་སུ་ཤར
           ༢༠༢༢/༧/༩ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྲ་ཁྲ་ཟིང་ཟིང་གི་འཛམ་བུ་གླིང་།

2022-08-21 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
སྐྱ་ཐེར་ཐེར་གྱི་ཁྲོད་ན་འཇམ་ཐིང་ཐིང་དུ་གཟིམས་པའི
ཁང་ཞིང་དང སྒོ་ཕྱུགས་དག་གང་དུ་སོང
ཉིན་སྲིབ་ནས་ལྷང་ལྷང་སྒྲོག་པའི
ཆུ་སྒྲ་དང  ལས་གཞས་དག་ཀྱང

ཚེ་རབས་ནས་ཚེ་རབས་སུ
གནམ་སྔོན་པོ་མགོ་ལ་གྱོན་པའི
རྡོ་བའི་གྲོང་ཁྱེར་གྱི་བདག་པོ
རྨི་ལམ་ལྗང་ཁུ་ཞིག་རུམ་སྟེ
ཕ་ཡུལ་གྱི་རི་ཐང་དང་ཨ་མ་འཚོས
རི་ཐང་ནི་འདང་ཆེན་གྱི་ཨ་མ་ལྟ་བུར་འགྱིངས
ཨ་མ་ནི་འབྱམས་ཀླས་ཀྱི་རི་ཐང་ལྟ་བུར་ཟུག

གློག་རྫས་སྒྱུ་མའི་འཕྲུལ་འཁོར་གྱིས
དྲི་ཟའི་གྲོང་ཁྱེར་ཁྲ་ཁྲ་ཟང་ཟིང་ཞིག
འཇམ་ནེམ་ནེམ་དུ་འདྲུད
གྲོང་ཁྱེར་གྱི་སྒོ་སྒེའུ་ཁུང་ཁྲི་མ་འབུམ་ནས
གཟུགས་སྒྲ་དྲི་རོ་རེག་བྱའི་འདུ་བཀོད
དུ་བ་བཞིན་འཕྱུར

ཨ་ཁ གྲོང་ཁྱེར་གྱི་བསླུ་བྲིད་འགོས་པའི་རྩྭ་ཐང་དང་ཞིང་གྲོང
སྤྲིན་གསེབ་ཀྱི་བདེ་བའི་ཉི་འོད་སྤྲོས་ནས
གཉུག་མའི་རང་མདངས་དུམ་བུར་ཞིག་ནས
སྐར་མ་ཟིལ་བ་མར་མེ་སྤྲིན་པ་བཞིན
སྒྲིབ་ཀྱིན་འདུག སྟོར་གྱིན་འདུག

ཡུལ་ལྗོངས་ཆེན་མོ་དེའི་ཁུད་ན
འཚོ་ཞིང་བཞེས་པའི་ངེད་ཅག་གིས
དྭངས་བའི་ཆུ་ནང་གི་ཟླ་གཟུགས་ཟླ་གཟུགས་སུ་ཤར
           ༢༠༢༢/༧/༩ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།