གདོང་གི་མིག་ཤེལ་ཆག་སོང་།
____སྐུ་ཚེ་མ་ཟིན་པའི་སྙན་ངག་པ་གཅན་མེ་སྟག་ལ་ཕུལ།
སྡོད་ཤག་གི་གྱང་ལྡེབས་སུ་འདུ་འབྲལ་གྱི་རི་མོ་བསུབ་ཐབས་བྲལ
མཐོང་སྣང་གི་མིག་ལམ་ནས་གྲིབ་གཟུགས་བོར་རྗེས
འཁྲུལ་སྣང་གི་ཟ་འཕྲུག་ལུས་ཡོངས་ལ་ཁྱབ་ནས་སྐྱོ་བར་གྱུར
དེས་བསྐྱེད་པའི་ཁེར་རྐྱང་གི་སྡུག་བསྔལ་ཡིད་ལ་འདྲེན
ཉི་ཟླ་རི་བོའི་པང་གི་མེ་ལོང་བོར་བ་ནང་བཞིན
གདོང་གི་མིག་ཤེལ་ནར་མོ་འདིའང་སིལ་བུར་བཏང་སོང
སྟོན་ཀའི་སྐྱོ་གདུང་ནང་དུ་ཉིན་གཅིག་ལ་འགྲེང་དུས
ཚེག་ཁྱིམ་དང་པོ་དེ་བློས་མི་དཔོགས་པའི་ལྡོག་གཟུགས་ཡིན
དྲ་ལམ་སོ་སོ་ན་ཁྱེད་བཞུད་པའི་གཏམ་ངན་ཁ་བ་བཞིན་འབབ་ཀྱིན་འདུག
སྐབས་དེར ངས་ཟླ་ལྔ་པ་ནང་གི་འདུ་འཛོམས་དང་ཧབ་ཆ་དེ་དྲན་བྱུང
དང་ཐོག་ཁྱེད་ཀྱིས་སྙན་ངག་ནི་བདག་མེད་ཀྱི་དྭ་ཕྲུག་ཅིག་ཡིན་ཞེས་བཤད
འུ་ཅག་འཛོམས་དུས་ནི་དབྱར་ཁ་ཡིན
ཚེར་མའི་མེ་ཏོག་ནང་དུ་རྐང་རྗེན་ལ་རྒྱུག་ཐུབ་ན་སྒྱུ་རྩལ་པ་ཡིན་ཞེས་བཤད
ད་ལྟ གློག་འཁྱུག་པ་ལྟར་མི་ལོ་ལྔ་བཅུ་རྩ་གཉིས་མི་རྟག་པའི་སྦུབས་སུ་དྲངས་སོང
མཁོས་ཀ་ཞན་པོའི་ལག་པ་གཉིས་ཡར་ཁྱོག་ཐབས་མི་འདུག
ཉིན་འདི་དག་ལ་ངས་ལག་པ་གཉིས་བསྡམས་ནས་ལུས་སོང
ཕྱིར་དྲན་ནང་དུ་མགོ་ཡོམ་འཁོར་བྱུང
མདུན་ཅོག་སྟེང་གི་དཔེ་དེབ་ལ་བལྟས་ན
ཕངས་སེམས་ནས་འགྲོ་རྒྱུ་མེད་པའི་མེ་འཁོར་སྐྱོམ་འདར་བརྒྱབ་བྱུང
༢༠༢༢.༩.༢༤

རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།