སྒེའུ་ཁུང་ཕྱི་ངོས་ཀྱི་སྟོན་ལོ།

སྨྱུག་སྨྱོན།(ལྷ་ས) 琼迈文学网 2022-10-18
མཁའ་དབྱིངས་ཀྱི་ཁྲུང་ཁྲུང་ཁྱོད
ནམ་མཇུག་འདིར་གང་དུ་འཕུར་གྱིན་ཡོད
ངས་སྒེའུ་ཁུང་མདུན་ནས་ཁྱོད་ཀྱི་གཤོག་ཟུང་ལ་ཅེར་ཞོར
ཚག་ཚག་ཟག་པའི་སྟོན་ལོ་དེ་དག་ཡིད་ཀྱིས་སྙོབ་དགོས་བྱུང

རིང་ནས་ཕ་ཡུལ་གྱི་གངས་རི་ལ་འཁྲེང་བས་ཡིན་ནམ
ལོ་ཟླའི་མྱང་ཞིང་རིང་མོའི་རྒྱབ་གཟུགས་རིལ་པོས་ཡིན
སྒེའུ་ཁུང་ཕྱི་ངོས་ཀྱི་སྟོན་ལོ་དག་གིས
ངའི་སེམས་ལ་མནར་གཅོད་ཀྱི་ཞུ་དག་གཏོང

ཕོ་བྲང་དམར་པོའི་སྒེའུ་ཁུང་ཁྲི་མ་འབུམ་གྱིས
ལོ་ངོ་སྟོང་ལ་སྟོན་ལོ་ཇི་ཙམ་མིག་གིས་གཅུས
རྒྱང་རིང་ལ་བཞུད་པའི་སྐྱིད་ཆུ་སྔོན་མོས
ནམ་ཟླ་འདིའི་ཁེར་རྐྱང་མཆིན་ཁུང་དུ་རུམ

གོས་ཆེན་གྱོན་པའི་མི་དྲག་ཅིག་གིས“ལྷ་ས་དྲན་གླུ”
གྲང་སིབ་སིབ་ཀྱི་སྟོན་རླུང་གསེང་ནས་ཐན་ཐུན་གྱེར་འོང
སྒུལ་བཞིན་པའི་ཐ་སྙད་རློན་པ་དག་གིས
སྟོན་གྱི་ནམ་ཟླར་སླར་ཡང་སྲོག་གི་སྙིང་པོ་སྦྱིན

གཏིང་ཟབ་པའི་མུ་མེད་རྩྭ་ཐང་གི་མཚན་མོ་ཁུར་མཁན་ནི
སྤྱང་ཀི་དང་འདོགས་ཁྱིའི་ཟུག་སྐད་ཁོ་ན་ཡིན་སྲིད་དམ
ངས་སྒེའུ་ཁུང་ཕྱི་ངོས་ཀྱི་འཇིག་རྟེན་ལ་ཉན་ལྟ་བྱེད་སྐབས
ཟག་བཞིན་པའི་སྟོན་ལོའི་སྐྱུར་དྲིས་རབ་ཏུ་མྱོས

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒེའུ་ཁུང་ཕྱི་ངོས་ཀྱི་སྟོན་ལོ།

2022-10-18 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
མཁའ་དབྱིངས་ཀྱི་ཁྲུང་ཁྲུང་ཁྱོད
ནམ་མཇུག་འདིར་གང་དུ་འཕུར་གྱིན་ཡོད
ངས་སྒེའུ་ཁུང་མདུན་ནས་ཁྱོད་ཀྱི་གཤོག་ཟུང་ལ་ཅེར་ཞོར
ཚག་ཚག་ཟག་པའི་སྟོན་ལོ་དེ་དག་ཡིད་ཀྱིས་སྙོབ་དགོས་བྱུང

རིང་ནས་ཕ་ཡུལ་གྱི་གངས་རི་ལ་འཁྲེང་བས་ཡིན་ནམ
ལོ་ཟླའི་མྱང་ཞིང་རིང་མོའི་རྒྱབ་གཟུགས་རིལ་པོས་ཡིན
སྒེའུ་ཁུང་ཕྱི་ངོས་ཀྱི་སྟོན་ལོ་དག་གིས
ངའི་སེམས་ལ་མནར་གཅོད་ཀྱི་ཞུ་དག་གཏོང

ཕོ་བྲང་དམར་པོའི་སྒེའུ་ཁུང་ཁྲི་མ་འབུམ་གྱིས
ལོ་ངོ་སྟོང་ལ་སྟོན་ལོ་ཇི་ཙམ་མིག་གིས་གཅུས
རྒྱང་རིང་ལ་བཞུད་པའི་སྐྱིད་ཆུ་སྔོན་མོས
ནམ་ཟླ་འདིའི་ཁེར་རྐྱང་མཆིན་ཁུང་དུ་རུམ

གོས་ཆེན་གྱོན་པའི་མི་དྲག་ཅིག་གིས“ལྷ་ས་དྲན་གླུ”
གྲང་སིབ་སིབ་ཀྱི་སྟོན་རླུང་གསེང་ནས་ཐན་ཐུན་གྱེར་འོང
སྒུལ་བཞིན་པའི་ཐ་སྙད་རློན་པ་དག་གིས
སྟོན་གྱི་ནམ་ཟླར་སླར་ཡང་སྲོག་གི་སྙིང་པོ་སྦྱིན

གཏིང་ཟབ་པའི་མུ་མེད་རྩྭ་ཐང་གི་མཚན་མོ་ཁུར་མཁན་ནི
སྤྱང་ཀི་དང་འདོགས་ཁྱིའི་ཟུག་སྐད་ཁོ་ན་ཡིན་སྲིད་དམ
ངས་སྒེའུ་ཁུང་ཕྱི་ངོས་ཀྱི་འཇིག་རྟེན་ལ་ཉན་ལྟ་བྱེད་སྐབས
ཟག་བཞིན་པའི་སྟོན་ལོའི་སྐྱུར་དྲིས་རབ་ཏུ་མྱོས

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།