ཟླ་བ།(ཞར་བཀོད་གཅིག་ཡོད)

ཐོས་པ་དགའ།(རྨ་ཆུ) 琼迈文学网 2022-11-10
གོ་མཐའ་ཟླ་བའི་འོ་ཟི།
བུ་མོའི་གོས་ཚར་གོང་ཁ་ཉུལ།
ཡིད་ཀྱི་རྟེའུ་ཆུང་ཁམ་པ།
ཟླ་བའི་རྟོད་ཕུར་སྣེ་རུ་རྩེན།
སྐར་མདའ་རྒྱུ་ཕྱོགས་ནོར་ཏེ།
ཆོན་ཁུག་ཏུ་ལྷུང་།
བུ་མོ་ཞལ་འཛུམ་དགྱེས་པ།
ལང་ཚོའི་དབྱར་ལྗོངས་དཔལ་གྱིས།
ཟླ་བའི་འཇོ་སྒེག་བཅོམས།
སྤྲིན་པའི་རྡེའུ་འབུར་སྟེང་།
སྐར་ཚོགས་ལ་ཧད་པའི་རི་བོང་།
མཚོ་ཁར་བཞད་པའི་པདྨ།
བདག་གིས་ཟིན་པ་མ་བྱུང་།
           ༢༠༢༢/༨/༨
འཇའ་སྣ་ལྔ།

ལྗོན་ཤིང་འདབ་ལོ་མཉེན་པོ།
གྲུ་ཆར་ཟམ་ཟིམ་གྱིས་བཀྲུས།
སྙེ་མ་ལྡེམ་པའི་དཔལ་ལ།
སྤྲིན་པ་རྟ་ཕོ་ལོང་བ་ཞིག་ལྟར་འཁྱར།
གཤོག་པ་རླུང་ལ་བརྡར་བའི་སྦྲང་མ་ཁྲ་ཁྲ།
འཇག་མ་རྐང་གཅིག་ལ་ཐོགས།
མུ་ཏིག་ལོ་མའི་མགུལ་རྒྱན།
འོ་ཟིའི་དར་སྐུད་ལ་བརྒྱུས།

ཟིལ་བས་མྱུ་གུར་སྨྲས་པར།
ཤོར་སླ་བ་དང་བྲལ་དགོས་པ་དེར།
བསླུ་བྲིད་ཅེས་སྨྲ་དོན་མེད།
གོམ་པ་ཁྱེད་ཕྱོགས་སུ་སྤོས་ཡོད།
ཅུང་ཙམ་རྗེས་སུ།
ངའང་འཇིག་འགྲོ་བས།
ཚེ་སྲོག་འདི་ཁྱེད་ལ་བྱིན་ཆོག་ཟེར།

རྒོད་པོ་འཕུར་བའི་འགྲོས།
འཇའ་ཚོན་ལ་འདྲེས།
ཆུ་མིག་དྭངས་མོ།
རླུང་བུ་འཇམ་པོ།
མེ་ཏོག་གཉིས་ཆ་མགོ་ཐུག་རྒྱག
ཉི་མའི་གཤོག་པ་ལས།
གསེར་གྱི་ཟེགས་མ་ཐོར།

ཤོག་ལྟེབ་ཁུག་ཏུ་ཡན་པ།
སྙན་ངག་གི་བུ་མོ།
ཁྱེད་ཀྱི་མྱོས་བུམ་ལས།
དབྱངས་གསལ་གྱི་བདུད་རྩི་རྡོལ།
བདག་སྤང་ལྗོངས་ཚལ་དུ།
ཁྱེད་ལ་དུངས་དུངས།
སུ་ལའང་མི་དུངས།

གཟེབ་ལས་ཤོར་བ་འདྲ་བ།
སེམས་པ་བྱིའུ་ཆུང་ཁྲ་མོ།
ཟམ་པ་དེའི་སྣེ་རུ་སྡོད།
མིག་ཟུང་ཕུར་ནས་ཡང་ཡང་བལྟས།
མདུན་ཕྱོགས་སུ་འཇའ་ཚོན་སྨུག་པར་འཐིམ།
དེའི་ཕ་རོལ་ན་རི་བོ་སྨུག་ཟོར་རེ་ཞིག
དེའི་ཕ་རོལ་ནས་ཅི་ཡང་མི་མཐོང་།
         ༢༠༢༢/༨/༡༣
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་བ།(ཞར་བཀོད་གཅིག་ཡོད)

2022-11-10 ཐོས་པ་དགའ།(རྨ་ཆུ) ཀློག་གྲངས། མཆན ཡོད།
གོ་མཐའ་ཟླ་བའི་འོ་ཟི།
བུ་མོའི་གོས་ཚར་གོང་ཁ་ཉུལ།
ཡིད་ཀྱི་རྟེའུ་ཆུང་ཁམ་པ།
ཟླ་བའི་རྟོད་ཕུར་སྣེ་རུ་རྩེན།
སྐར་མདའ་རྒྱུ་ཕྱོགས་ནོར་ཏེ།
ཆོན་ཁུག་ཏུ་ལྷུང་།
བུ་མོ་ཞལ་འཛུམ་དགྱེས་པ།
ལང་ཚོའི་དབྱར་ལྗོངས་དཔལ་གྱིས།
ཟླ་བའི་འཇོ་སྒེག་བཅོམས།
སྤྲིན་པའི་རྡེའུ་འབུར་སྟེང་།
སྐར་ཚོགས་ལ་ཧད་པའི་རི་བོང་།
མཚོ་ཁར་བཞད་པའི་པདྨ།
བདག་གིས་ཟིན་པ་མ་བྱུང་།
           ༢༠༢༢/༨/༨
འཇའ་སྣ་ལྔ།

ལྗོན་ཤིང་འདབ་ལོ་མཉེན་པོ།
གྲུ་ཆར་ཟམ་ཟིམ་གྱིས་བཀྲུས།
སྙེ་མ་ལྡེམ་པའི་དཔལ་ལ།
སྤྲིན་པ་རྟ་ཕོ་ལོང་བ་ཞིག་ལྟར་འཁྱར།
གཤོག་པ་རླུང་ལ་བརྡར་བའི་སྦྲང་མ་ཁྲ་ཁྲ།
འཇག་མ་རྐང་གཅིག་ལ་ཐོགས།
མུ་ཏིག་ལོ་མའི་མགུལ་རྒྱན།
འོ་ཟིའི་དར་སྐུད་ལ་བརྒྱུས།

ཟིལ་བས་མྱུ་གུར་སྨྲས་པར།
ཤོར་སླ་བ་དང་བྲལ་དགོས་པ་དེར།
བསླུ་བྲིད་ཅེས་སྨྲ་དོན་མེད།
གོམ་པ་ཁྱེད་ཕྱོགས་སུ་སྤོས་ཡོད།
ཅུང་ཙམ་རྗེས་སུ།
ངའང་འཇིག་འགྲོ་བས།
ཚེ་སྲོག་འདི་ཁྱེད་ལ་བྱིན་ཆོག་ཟེར།

རྒོད་པོ་འཕུར་བའི་འགྲོས།
འཇའ་ཚོན་ལ་འདྲེས།
ཆུ་མིག་དྭངས་མོ།
རླུང་བུ་འཇམ་པོ།
མེ་ཏོག་གཉིས་ཆ་མགོ་ཐུག་རྒྱག
ཉི་མའི་གཤོག་པ་ལས།
གསེར་གྱི་ཟེགས་མ་ཐོར།

ཤོག་ལྟེབ་ཁུག་ཏུ་ཡན་པ།
སྙན་ངག་གི་བུ་མོ།
ཁྱེད་ཀྱི་མྱོས་བུམ་ལས།
དབྱངས་གསལ་གྱི་བདུད་རྩི་རྡོལ།
བདག་སྤང་ལྗོངས་ཚལ་དུ།
ཁྱེད་ལ་དུངས་དུངས།
སུ་ལའང་མི་དུངས།

གཟེབ་ལས་ཤོར་བ་འདྲ་བ།
སེམས་པ་བྱིའུ་ཆུང་ཁྲ་མོ།
ཟམ་པ་དེའི་སྣེ་རུ་སྡོད།
མིག་ཟུང་ཕུར་ནས་ཡང་ཡང་བལྟས།
མདུན་ཕྱོགས་སུ་འཇའ་ཚོན་སྨུག་པར་འཐིམ།
དེའི་ཕ་རོལ་ན་རི་བོ་སྨུག་ཟོར་རེ་ཞིག
དེའི་ཕ་རོལ་ནས་ཅི་ཡང་མི་མཐོང་།
         ༢༠༢༢/༨/༡༣
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།