དོན་གྲུབ་རྒྱལ།(ཞར་བཀོད་གཅིག་ཡོད)

སྨྱུག་སྨྱོན།(ལྷ་ས) 琼迈文学网 2022-12-04

སྐྱ་རེངས་སྔུན་གྱི་སྨག་རུམ་ནས་རྩེབས་ཡོང་བའི་སྤྲེའུ་ཞིག
དུས་རབས་དབྱེ་མཚམས་ཀྱི་ནགས་སུ་ལྷགས་པ་སྟེས་དབང་ཡིན་ནམ
ཁ་བའི་ཁྲོད་ཀྱི་སེང་ཆེན་རེ་གཉིས་ཀྱི་རྗེས་གནང་གི་ཆུ་མིག
ཆེས་ཉེ་ས་ནས་ཏོབ་ཏོབ་ཏུ་འཆུ་འདོད་པས་མིན་ནམ

དབྱངས་གསལ་དང་དབྱངས་གསལ་གྱི་དེའུ་འབུར་གྱི་ལྟེབ་ཁར
མེ་ལྕེ་བཞིན་སྦར་ཞིང་གློག་དམར་ལྟར་འཁྱུག
རྨ་རྒྱལ་སྦོམ་རའི་འདབས་ནས་གངས་དཀར་ཏེ་སིའི་ཞོལ
མདོ་སྨད་དགུ་རོང་ནས་ཙི་ནའི་ཡུལ་དབུས་སུ
སྤྲིན་དཀར་གྱི་མཁའ་དབུགས་ལ་བཞོན་ཏེ
རྨི་ལམ་གྱི་དགའ་མ་ཞིག་མིག་ཀོང་ནས་ཡང་ཡང་འཚོས

ལོ་འདབ་སྟུག་པོས་དཀྲིགས་པའི་ཁེར་རྐྱང་གི་ལྗོན་དབང
སད་སེར་གྱི་རྡུང་རྡེག་ཁྲོད་ན་མནར་གཅོད་བོར་ཚུལ་ཡང
ཁ་ཆེམས་སུ་ལྷུང་བའི་མ་ཡིག“181”གི
ལྗིད་ཏིག་ཏིག་གི་ཚིག་ཞུན་གྱི་ཕྱི་ནང་ལས

ཁྲ་ཁྲ་ཟང་ཟིང་གི་ལོ་ཟླའི་བང་རིམ་ངོས་ན
འཕར་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག
ནམ་ཡང གཏུབ་ཏུ་མེད་པའི་གངས་གཞོན་གྱི་བླ་སྲོག
                  ༢༠༢༢/༡༢/༢

ཐོ་ཡོར་ལ་དྲིས་པ།

ཉིན་སྲིབ་ཀྱི་བར་གླགས་ནས་ཅི་ཞིག་བོར་སོང
ཕ་ཡུལ་གྱི་མཐོ་ས་རུ་འགྱིང་བའི་ཐོ་ཡོར་ལགས

ཉི་ཟླ་སྐར་གསུམ་མཐོང་མཁན་གྱི་རྣམ་ཤེས་དང་བེམ་གཟུགས་གྲངས་མེད
ཁྱོད་ཀྱི་མིག་ཤེས་དྲོན་མོས་གང་དུ་བརྫངས་སམ

སྐྱེ་འགག་གི་དཔང་པོར་ཀེར་བའི་རང་མདངས་ལས
སྤྲོས་བྲལ་གྱི་གཉོམ་གཟུགས་ཤིག་ཕྱིར་བསྲིངས་མོད

ང་དང་བཅས་པའི་ཕ་ཡུལ་གྱི་ཕྱི་ནང
ཁྱོད་ཀྱི་གཅེར་གཟུགས་ཀྱི་མདུན་དུ་བྱ་སྒྲོ་བཞིན་འཐོར

སྐད་ཅིག་སྐད་ཅིག་ལ་འདེད་པའི་དུས་ཚོད་ཀྱི་གསེང་ནས
ཤ་ཚུགས་ཀྱིས་ཕོངས་པའི་ཕ་ཡུལ་ལ་ཅིས་ཀྱང་མེ་སྟག་ཅིག་སྤོར་དགོས
                                   
རྩོམ་སྒྲིག་པ། གངས་དགའ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དོན་གྲུབ་རྒྱལ།(ཞར་བཀོད་གཅིག་ཡོད)

2022-12-04 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།

སྐྱ་རེངས་སྔུན་གྱི་སྨག་རུམ་ནས་རྩེབས་ཡོང་བའི་སྤྲེའུ་ཞིག
དུས་རབས་དབྱེ་མཚམས་ཀྱི་ནགས་སུ་ལྷགས་པ་སྟེས་དབང་ཡིན་ནམ
ཁ་བའི་ཁྲོད་ཀྱི་སེང་ཆེན་རེ་གཉིས་ཀྱི་རྗེས་གནང་གི་ཆུ་མིག
ཆེས་ཉེ་ས་ནས་ཏོབ་ཏོབ་ཏུ་འཆུ་འདོད་པས་མིན་ནམ

དབྱངས་གསལ་དང་དབྱངས་གསལ་གྱི་དེའུ་འབུར་གྱི་ལྟེབ་ཁར
མེ་ལྕེ་བཞིན་སྦར་ཞིང་གློག་དམར་ལྟར་འཁྱུག
རྨ་རྒྱལ་སྦོམ་རའི་འདབས་ནས་གངས་དཀར་ཏེ་སིའི་ཞོལ
མདོ་སྨད་དགུ་རོང་ནས་ཙི་ནའི་ཡུལ་དབུས་སུ
སྤྲིན་དཀར་གྱི་མཁའ་དབུགས་ལ་བཞོན་ཏེ
རྨི་ལམ་གྱི་དགའ་མ་ཞིག་མིག་ཀོང་ནས་ཡང་ཡང་འཚོས

ལོ་འདབ་སྟུག་པོས་དཀྲིགས་པའི་ཁེར་རྐྱང་གི་ལྗོན་དབང
སད་སེར་གྱི་རྡུང་རྡེག་ཁྲོད་ན་མནར་གཅོད་བོར་ཚུལ་ཡང
ཁ་ཆེམས་སུ་ལྷུང་བའི་མ་ཡིག“181”གི
ལྗིད་ཏིག་ཏིག་གི་ཚིག་ཞུན་གྱི་ཕྱི་ནང་ལས

ཁྲ་ཁྲ་ཟང་ཟིང་གི་ལོ་ཟླའི་བང་རིམ་ངོས་ན
འཕར་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག
ནམ་ཡང གཏུབ་ཏུ་མེད་པའི་གངས་གཞོན་གྱི་བླ་སྲོག
                  ༢༠༢༢/༡༢/༢

ཐོ་ཡོར་ལ་དྲིས་པ།

ཉིན་སྲིབ་ཀྱི་བར་གླགས་ནས་ཅི་ཞིག་བོར་སོང
ཕ་ཡུལ་གྱི་མཐོ་ས་རུ་འགྱིང་བའི་ཐོ་ཡོར་ལགས

ཉི་ཟླ་སྐར་གསུམ་མཐོང་མཁན་གྱི་རྣམ་ཤེས་དང་བེམ་གཟུགས་གྲངས་མེད
ཁྱོད་ཀྱི་མིག་ཤེས་དྲོན་མོས་གང་དུ་བརྫངས་སམ

སྐྱེ་འགག་གི་དཔང་པོར་ཀེར་བའི་རང་མདངས་ལས
སྤྲོས་བྲལ་གྱི་གཉོམ་གཟུགས་ཤིག་ཕྱིར་བསྲིངས་མོད

ང་དང་བཅས་པའི་ཕ་ཡུལ་གྱི་ཕྱི་ནང
ཁྱོད་ཀྱི་གཅེར་གཟུགས་ཀྱི་མདུན་དུ་བྱ་སྒྲོ་བཞིན་འཐོར

སྐད་ཅིག་སྐད་ཅིག་ལ་འདེད་པའི་དུས་ཚོད་ཀྱི་གསེང་ནས
ཤ་ཚུགས་ཀྱིས་ཕོངས་པའི་ཕ་ཡུལ་ལ་ཅིས་ཀྱང་མེ་སྟག་ཅིག་སྤོར་དགོས
                                   
རྩོམ་སྒྲིག་པ། གངས་དགའ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།