༢༠༢༢ལོའི་ཆེས་མཐའ་མཇུག་གི་སྙན་ངག་ཁག་གསུམ།

ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) 琼迈文学网 2022-12-28
དགུན་གསུམ་ཁ་བའི་ཁྲོད་ཀྱི་རྨི་ལམ།

དགུན་ཟླ་གསུམ་ལ་ངས་རྨི་ལམ་རྨིས།
ཁ་བ་ལྷབ་ལྷབ་བབས་ནས་ས་གཞི་དཀར་པོར་གྱུར་བ་རྨིས།
ཁ་བས་ངའི་སེམས་ལ་གངས་རི་ཞིག་བྲིས་ཏེ།
ཡག་པོ་གང་འདྲ་མི་གམ་ཞེས་དྲི་བར་བྱེད།
ཁ་བས་ངའི་སེམས་ཀྱི་ནག་ནོག་གི་ར་རི་མ་ལུས་བཀྲུས་ཏེ།
གཙང་མ་གང་འདྲ་མི་འདུག་གམ་ཞེས་དྲི་བར་བྱེད།

དགུན་གསུམ་ཁ་བའི་ཁྲོད་དུ།
ངས་མུ་མཐུད་དུ་རྨི་ལམ་རྨིས།
རྨི་ལམ་ལ་གཤོག་པ་ཐོགས་ནས་འཕུར།
གངས་རིའི་དབུ་རྩེར་ངས་གསེར་གྱི་ན་རོ་ཞིག་བྲིས།
ལྷ་རྣམས་ཀྱིས་དེ་ལ་རྒོད་པོ་ཟེར།
རྒོད་པོས་གཤོག་འོག་ཏུ་རླུང་བཟུང་སྟེ།
གངས་ཐང་གི་འབྲོང་ཁྱུ་དེད།

དགུན་གསུམ་ཁ་བའི་ཁྲོད་དུ།
ངས་རྨི་ལམ་ལ་འགྲེལ་བཤད་བརྒྱབ།
བབས་པའི་ཁ་བ་ཅིས་ཀྱང་གངས་དུ་ཆགས་ངེས།
གང་དུ་རླུང་བུ་ལྡང་ཚེ་དེ་རུ་རྨི་ལམ་གཡོ་ཞིང་།
ཚེ་སྲོག་གསར་བ་དག་ཀྱང་ང་རྒྱལ་གྱིས་སད་ཡོང་།

དགུན་གསུམ་ཁ་བའི་ཁྲོད་དུ།
ངའི་རྨི་ལམ་མངོན་དུ་གྱུར།
བརྡ་དང་ཐ་སྙད་མང་པོ་ཁ་བའི་སྟེང་བབས།
སྒྲ་དང་དབྱངས་ཀྱི་ཟིལ་བ་ཁ་བའི་སྟེང་ཆགས།
ཁ་བའི་སྟེང་རྨི་ལམ་དུའང་མ་རྨིས་པའི།
མི་རྟག་པའི་གྲོང་ཁྱེར་ཞིག་ཆགས་ཤིང་འཇིག་པར་གྱུར།
                         ༢༠༢༢-༡༢-༥
སེམས་ཀྱི་སྲུབས་ཀ

ཚོར་བ་དེ་རླུང་བུ་ལྡོམ་པོ་ཞིག་དང་འདྲ་བར།
ངའི་སེམས་ཀྱི་སྲུབས་ཀ་ནས་འཛུལ་ཡོང་།
ཏག་ཏག་སྐབས་དེར།
བུ་མོ་དེས་ང་ལ་འཛུམ་ཆུང་ཞིག་བསྟན་རྗེས།
ཐག་རིང་དུ་ཕྱིན་ཚར།

ངས་འགྲོ་མཚམས་བཞག་སྟེ།
ཡང་ཡང་ཕྱི་མིག་ལྟ་དགོས་བྱུང་།
ཕྱིར་ལམ་ན་ཐལ་རྡུལ་འཕྱུར་བའི།
ཉམས་ཉེས་ཀྱི་ཡུལ་ལྗོངས་ཤིག་མངོན་པ།
བུ་མོ་དེ་ཡོང་ཤུལ་ཡིན་ངེས།

ཚོར་བ་ལྡོམ་པོ་ཞིག་ལ།
ད་ནི་སྔ་གཞུག་གང་ལ་སོང་རུང་།
སེམས་ཀྱི་སྲུབས་ཀ་དེར།
ལྷན་པ་དང་འཚེམ་བུ་གང་ཡང་རྒྱག་ཐབས་མི་འདུག
                  ༢༠༢༢-༡༢-༢༢
               ཚོར་བ་བཙལ་བ།

གློ་བུར་ཏུ་ཚོར་བ་ཞིག་བཙལ་ཏེ་སྙན་ངག་ཅིག་འབྲི་འདོད་སྐྱེས།
ཨ་རག་ཞིག་མཆོད་བཞིན་སེམས་ཀྱི་གང་སར་ཉུལ་ཡང་།
ང་ལ་མཁོ་བའི་ཚོར་བ་དེ་དེ་ན་མི་འདུག

ཤེད་ཀྱིས་ཆང་ཕོར་སྡོམ་ཙམ་བྱས་པས།
ཆང་ཕོར་ཧྲུག་ཧྲུག་ཏུ་གྱུར་ཏེ་སྤར་མོའི་ནང་ནས།
ཁྲག་ཐིགས་རེ་རེ་བཞིན་ས་རུ་ཟགས།
ཚོར་བ་དེ་དངོས་གནས་སྐྱིད་པོ་ཞིག་རེད་སྙམ།

ངེད་ཚང་གི་བྱི་ལ་ཁྲ་རིལ་བརྒྱུག་ཡོང་སྟེ།
ང་ལ་སྡེར་འབྲད་རེ་བྱེད་བཞིན་ཁྲག་ལ་ལྟ་ཞིང་ང་ལ་ལྟ།
“མར་སོང་། མར་སོང་”ཞེས་གཤེ་གཤེ་ལྟ་བུ་ཞིག་ཀྱང་གཏོང་།
ངས་བྱི་ལའི་མགོ་སྤགས་ནས་བཟུང་སྟེ་ས་རུ་མནན་ཞིང་།
ཁ་ནང་དུ་བཙན་གྱིས་ཨ་རག་ཆང་ཕོར་བ་གང་བླུག
བྱི་ལས་སྣ་སྦྲིད་རྒྱག་ཞོར་ཕྱི་བལྟས་ཙམ་ཡང་མེད་པར།
གང་ཞིག་ཏུ་ནག་འཚུབ་བེར་བྲོས་སོང་།
ཚུགས་ཀ་དེ་དངོས་གནས་ཚོར་བ་ཞིག་སྟེ།
འདི་ལས་ལྷག་པའི་སྙན་ངག་སུས་ཀྱང་འབྲི་ཁག་པོ་རེད་སྙམ།
                    ༢༠༢༢-༡༢-༢༦

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༢༠༢༢ལོའི་ཆེས་མཐའ་མཇུག་གི་སྙན་ངག་ཁག་གསུམ།

2022-12-28 ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།