གཏད་སོ་མེད་པའི་འཇིག་རྟེན།
འཕྲང་ལམ་རིང་མོ་འདི་ནས་ཅི་ཞིག་མཐོང་བྱུང
ནགས་ཚལ་སྟུག་པོའི་གསེབ་ཀྱི་གཡེར་བག
ངམ་གྲོག་ཆུ་ཀླུང་ཟུག་པའི་འཇིགས་དངངས
སྐབས་དང་སྐབས་སུ་རྒྱུ་བའི་ཡུལ་དང་ཡུལ་ཅན་གྱི་བསླུ་བྲིད
དབྱར་གཞུང་གི་ཆུ་འཛིན་དཀར་ནག་གི་འདུ་འགོད་ཀྱི་འཕྱང་འཕྲུལ
ལྟོས་དང ལམ་འགྲུལ་བ་ཆེས་མང་ཤོས་ཤིག
གཡུ་ལོ་བཀོད་པའི་རྨི་ལམ་གྱི་ཞིང་ཁམས་ལ་རོལ་ཏེ
རྐང་འོག་གི་དུས་ཚིགས་རྗེན་པ་འདི་ནས་ཐར་མ་ཐུབ
ཉིན་སྲིབ་གྱོ་མོ་བརྩིགས་པའི་གནས་ཁང་ཟུར་གསུམ་མ་འདིར
གད་པ་དང་ཆུ་མོའི་མཐོ་དམའ་མཉམ་པ་ཞིག་དཔེ་སྲིད་དམ
སྣང་བ་དང་མུན་པའི་དཀྱིལ་འཁོར་རྫོགས་པ་ཞིག་ཅང་ཡོད་དམ
བསྐྱོད་མི་ཚར་བའི་འཕྲང་ལམ་རིང་མོ
བརྗོད་མི་ཚར་བའི་ཨ་མཚར་མཚར་དགུ
༢༠༢༣/༡/༧
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།