དེ་དགོང་གི་ང་ཕོ་བྲང་གི་ཉེ་སར་བཅར།
དེ་དགོང་ང་ཕོ་བྲང་གི་ཉེ་སར་བཅར
ས་སྲོས་ཀྱིས་ཁྱོར་བར་རུམ་པའི་གཡང་བཞག་མེ་ལོང
ཁྱོད་ཡོད་པས་ལྷ་ས་ནམ་ཡང་འཇིག་རྟེན་གྱི་མཐོ་སར་བཏེགས
ཁྱོད་ཡོད་པས་ལྷ་སའི་མཚན་མོའི་གཉིད་ཐེབས་བཅག
ཁྱོད་ཡོད་པས་ལྷ་སའི་བུ་མོའི་རྨི་ལམ་བརྩེགས
གློག་འོད་དང་གློག་འོད་འཐབ་པའི་ཕར་ཕྱིན་གྱི་རིས་དབྱིབས
ནང་ངོས་ནི་བལྟས་མི་ཚར་བའི་འཇིག་རྟེན་གཞན་ཞིག
དེ་དགོང་ང་ཕོ་བྲང་གི་ཉེ་སར་བཅར
གློག་སྒྲོན་འོག་གི་དངོས་གཟུགས་རབ་རིབ་ཀྱིས
ངའི་སེམས་སྦུག་གི་ཤེས་རབ་དེ་བས་མོག་པོར་གཏོང
ཕོ་བྲང་པོ་ཏ་ལ ངས་ཁྱོད
སྒམ་ཆུང་ཇ་ཁང་གི་ཇ་མངར་བཞིན
མིག་གིས་བཅུས་ཏེ་ཧུབ་ཀྱིས་འཐུང་འདོད
ཕོ་བྲང་པོ་ཏ་ལ ངས་ཁྱོད་གནའ་བོའི་ཀེ་རི་སིའི་ཆུ་ངོགས་ཀྱི
ལྷ་སྒྲུང་ལ་འཁྲུལ་ཏེ་ལག་པས་བྱིལ་བྱིལ་བྱས་ཀྱང
སེམས་ཐོག་ན་ཅི་ཡང་ལྷག་མ་སོང
དེ་དགོང་ང་ཕོ་བྲང་གི་ཉེ་སར་བཅར
ས་སྲོད་འདིའི་ཁྲོད་ཀྱི་དྲན་པ་རློན་པ་ཡོད་ཚད་ཀྱིས
རང་ཉིད་ཀྱི་མགོ་མཇུག་དབར་ནས་གླན་སོང
ཕོ་བྲང་དཀར་པོ་དང་དམར་པོ་རྣམ་གཉིས
ངའི་ཡབ་དང་ཡུམ་གཉིས་ཅི་ལ་མིན
རྟེན་འབྲེལ་གྱིས་ཟིན་པའི་ཞིང་ཁམས་གཞན་ཞིག་ནས
ངས་ཁྱོད་དང་རད་ཉིད་ཀྱི་ཆེད་དུ་མུ་མཐུད་སྙན་ངག་འབྲི་དགོས
༢༠༢༣/༣/༢ཞོགས་པ་ལྷ་སའི་སྒམ་ཆུང་ཇ་ཁང་དུ་སྦྱར་ཟིན།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།